ཁ་བ་རྐང་གླིང་གི་སྙན་ངག་ཚན་པ་གསུམ།

རྩོམ་པ་པོ།:ཁ་བ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-24 09:00:00 ཀློག་གྲངས།:

ཁ་བ་རྐང་གླིང་གི་སྙན་ངག་ཚན་པ་གསུམ།
ཁ་བ་རྐང་གླིང་། གཞིས་ཀ་རྩེ།

              གློག
གློག་འོད། ཁྱེད་རང་ཕྱི་རོལ་དུ་འཚོ་དགོས།
ང་རང་ཁྲིད་དེ་ཕྱི་རོལ་གྱི་དཔྱིད་ཀར་རོལ་རོགས།
ནག་མག་མོག་གིས་མུན་པར་འཁྱུད་དེ།
ངའི་སེམས་ཁོངས་ཀྱི་རེ་བཞག་སྒྲུབ་རོགས།
གློག་འོད་ཡ། མག་མོག་གི་མཚན་མོ་སྐྱེལ་ཏེ།
ཉི་འོད་ཀྱི་ཕྱོགས་སུ་ཁྲིད་རོགས།
            བདེ་སྐྱིད།
སང་ཉིན་ནས་བདེ་སྐྱིད་ལྡན་པའི་མི་ཞིག་བྱེད།
ངས་ཉིན་ནས་བཟའ་བཏུང་དང་སྔོ་ཚལ་ལ་དོ་སྣང་བྱེད།
བདག་ལ་ཞིང་ས་ཞིག་ཡོད།
ངས་སྔོ་ཚལ་དང་འབྲུ་རིགས་སོགས་ལ་གཅེས་པར་བྱེད།
ཁང་བ་ཀ་བཞི་མ་ཞིག་ཡོད།
ངས་དེ་ལ་ཕྲ་རྒྱན་ལེགས་པོ་ཞིག་བཏབས་ཏེ་གླུ་གར་ལ་རོལ་རྒྱུ་ཡིན།
གློག་ལྟར་མྱུར་བའི་འཕྲིན་ཡིག་རེ་བསྐུར་ཏེ།
ངའི་བདེ་སྐྱིད་ཤེས་སུ་འཇུག་ངེས།
ངོ་ཤེས་མ་ཡིན་པའི་མི་དེ་ཚོར་ཡང་འཛུམ་རེ་སྟོན་ངེས།
ཁྱེད་རང་གང་བསམ་ལྷུན་གྲུབ་ཡོང་བར་སྨོན།
ཁྱེད་རང་ནད་མེད་ཚེ་རིང་ཡོང་བར་ཤོག
ང་ལ་འབྲུ་རིགས་ལེགས་པོ་ཞིག་དང་ཁང་པ་གཙང་མ་ཞིག་གིས་ཆོག
           མཐོ་སྒང་།
ནམ་མཁའ་ལ་བཏགས་པ་བཞིན།
ནམ་མཁའ་ནི་ངའི་ཕྱོགས་སུ་རིལ་ཏེ་ཡོང་།
གངས་དཀར་གྱི་བྲན་དུ་གྱུར་བའི་སྤྲིན་དཀར་འདི་ཚོས།
ཁྱོད་ཀྱི་ཤམ་ལྭ་ནས་ཕྱིས་དར་ག་ཙམ་བྱས་པ།
ངས་ཤེས་པར་དཀའ།

རྒྱ་མཚོ་དང་འདྲ་བའི་རྩྭ་ཐང་འདི།
ལྷབ་ལྷུབ་ཀྱི་ཁ་བས་གཡོག་པ་ལྟར།
ངལ་གསོའི་འདུག་གནས་ཀྱང་རྙེད་པར་དཀའ།
མཐོ་སྒང་། ངའི་མེས་པོ་ཚོས་སྐྲུན་པའི་མཐོ་སྒང་།
ཁྱེད་རང་མཛེས་རྒྱན་གྱིས་རྒྱན་པས།
ངའི་བློ་སེམས་ཀྱི་གཏིང་རུམ་ནས་མེ་ཏོག་དཀར་པོ་ཞིག་བཞད་བཞིན་མཆིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།