ལྷ་སའི་བཤད་པ།
རྩོམ་པ་པོ།:དུང་དཀར་བློ་བཟང་འཕྲིན་ལས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-29 08:39:00
ཀློག་གྲངས།:
རྒོད་དཀར་ལ་དེ་གནམ་གྱི་ཀ་བ་འདྲ། །
ལ་ཚད་འདི་ཚོ་སྐར་མ་སྨིན་དྲུག་འདྲ། །
བདེ་ཆེན་བྲག་ཟུར་ཨ་མ་ཆང་མ་འདྲ། །
སྦྱར་སྡོང་རྐང་གཅིག་ཇ་ཁྲ་ཁྲ་ཆུང་འདྲ། །
ལྷ་གདོང་ཤན་ཁ་གཞོན་པའི་བསུ་ཆང་འདྲ། །
གཞོན་པ་ང་གཉིས་ལྷ་སར་སླེབས་པའི་དུས། །
དགའ་བ་ལ་ནི་དགའ་ལྡན་ཕོ་བྲང་འདུག །
སྐྱིད་པ་ལ་ནི་རྫོང་རྒྱབ་ཀླུ་ཁང་འདུག །
གོས་སྣ་མང་པོ་ཁ་ཆེ་བལ་པོ་འདུག །
ཟས་སྣ་མང་པོ་མོན་པ་འབྲུག་པ་འདུག །
ད་ནི་ཁ་ཆེ་བལ་པོ་སྐུ་ཁམས་བཟང་། །
ད་ནི་མོན་པ་འབྲུག་པ་ལམ་འགྲོ་རྒྱུག །
ཐོ་གཞས།
མ་རྒས་གཞོན་པའི་དུས་སུ། །
ལྕགས་ཐོ་སྒྲོ་ལས་ཡང་ང་། །
གཞོན་པ་ན་སོ་རྒས་སོང་། །
ཐོ་བ་ལྕགས་འདྲེད་ཤོར་སོང་། །
ལས་མོ་འདི་རང་དྲག་ཀ །
བསམ་བློའི་གཏོང་ཕྱོགས་ཡིན་འགྲོ།
དེ་ལས་བསམ་ཡས་གཞུང་གི།
མི་རྟག་འཆི་བ་སྡུག་ཀ །
ཁང་པ་རྒྱག་པའི་སྦྱག་གླུ།
ཕོ་བྲང་དམར་པོའི་རྩེ་ལ། །
ལོ་གསུམ་སྡོད་དགོས་བསམ་བྱུང་། །
ཡབ་ཡུམ་བྱམས་སེམས་ཅན་གྱིས། །
ལོག་ཤོག་ཡིག་ཆུང་བསྐུར་བྱུང་། །
ལྷ་ས་ཕ་གཞིས་མ་རེད། །
ཨར་པོ་གཏན་འཇགས་མ་རེད། །
ཡབ་ཡུམ་ཐུགས་ཁྲལ་མ་གནང་། །
ཕོ་བྲང་བཞེངས་ནས་ལོག་ཡོང་། །
སྲང་གང་སྤྲད་པའི་དར་ལྕོག །
སྒྲོལ་མའི་རི་ལ་བཙུགས་ཡོད། །
རླུང་རྟ་སྐྱེ་མིན་གང་ཤེས། །
ལུང་ཆུང་སྐད་ཀྱིས་ཁེངས་སོང་། །
ལ་ཚད་འདི་ཚོ་སྐར་མ་སྨིན་དྲུག་འདྲ། །
བདེ་ཆེན་བྲག་ཟུར་ཨ་མ་ཆང་མ་འདྲ། །
སྦྱར་སྡོང་རྐང་གཅིག་ཇ་ཁྲ་ཁྲ་ཆུང་འདྲ། །
ལྷ་གདོང་ཤན་ཁ་གཞོན་པའི་བསུ་ཆང་འདྲ། །
གཞོན་པ་ང་གཉིས་ལྷ་སར་སླེབས་པའི་དུས། །
དགའ་བ་ལ་ནི་དགའ་ལྡན་ཕོ་བྲང་འདུག །
སྐྱིད་པ་ལ་ནི་རྫོང་རྒྱབ་ཀླུ་ཁང་འདུག །
གོས་སྣ་མང་པོ་ཁ་ཆེ་བལ་པོ་འདུག །
ཟས་སྣ་མང་པོ་མོན་པ་འབྲུག་པ་འདུག །
ད་ནི་ཁ་ཆེ་བལ་པོ་སྐུ་ཁམས་བཟང་། །
ད་ནི་མོན་པ་འབྲུག་པ་ལམ་འགྲོ་རྒྱུག །
ཐོ་གཞས།
མ་རྒས་གཞོན་པའི་དུས་སུ། །
ལྕགས་ཐོ་སྒྲོ་ལས་ཡང་ང་། །
གཞོན་པ་ན་སོ་རྒས་སོང་། །
ཐོ་བ་ལྕགས་འདྲེད་ཤོར་སོང་། །
ལས་མོ་འདི་རང་དྲག་ཀ །
བསམ་བློའི་གཏོང་ཕྱོགས་ཡིན་འགྲོ།
དེ་ལས་བསམ་ཡས་གཞུང་གི།
མི་རྟག་འཆི་བ་སྡུག་ཀ །
ཁང་པ་རྒྱག་པའི་སྦྱག་གླུ།
ཕོ་བྲང་དམར་པོའི་རྩེ་ལ། །
ལོ་གསུམ་སྡོད་དགོས་བསམ་བྱུང་། །
ཡབ་ཡུམ་བྱམས་སེམས་ཅན་གྱིས། །
ལོག་ཤོག་ཡིག་ཆུང་བསྐུར་བྱུང་། །
ལྷ་ས་ཕ་གཞིས་མ་རེད། །
ཨར་པོ་གཏན་འཇགས་མ་རེད། །
ཡབ་ཡུམ་ཐུགས་ཁྲལ་མ་གནང་། །
ཕོ་བྲང་བཞེངས་ནས་ལོག་ཡོང་། །
སྲང་གང་སྤྲད་པའི་དར་ལྕོག །
སྒྲོལ་མའི་རི་ལ་བཙུགས་ཡོད། །
རླུང་རྟ་སྐྱེ་མིན་གང་ཤེས། །
ལུང་ཆུང་སྐད་ཀྱིས་ཁེངས་སོང་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།