རྒན་པོའི་ཁེར་ལབ་དོན་ཚན་དགུ་མ།

རྩོམ་པ་པོ།:བཀྲ་ཤིས་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-17 09:24:00 ཀློག་གྲངས།:

རྒན་པོའི་ཁེར་ལབ་དོན་ཚན་དགུ་མ།
                      བཀྲ་ཤིས་རྒྱལ་གྱིས་བསྒྱུར། མཚོ་སྔོན་དགེ་ཐོན་སློབ་ཆེན།

                          དོན་ཚན་དང་པོ།
      དུས་རྒྱུན་དུ་གཞན་གྱི་ལྷུང་བཟེད་རྐྱང་རྐྱང་ཞིག་བྱེད་མི་ཉན། མི་ཞིག་ལ་མཚོན་ན་སྒོར་མོས་འདང་སོང་བ་ཞིག་ཡོད་ནི་མ་རེད།—གཏོང་ཕོད་སློབ་སྦྱོང་།
                          དོན་ཚན་གཉིས་པ།
      གྲོགས་པོས་ཁྱོད་ལ་རོགས་བྱེད་པ་ནི་དོན་བཟང་འབའ་ཞིག་ཡིན་མོད། འོན་ཀྱང་རོགས་མ་བྱས་ནའང་དེ་ལ་འཁོན་སེམས་བཅང་མི་རུང་སྟེ། རྒྱུ་མཚན། དེས་ཁྱོད་ལ་ཅི་ཡང་མི་ཆད་པས་སོ།—དཀྱེལ་ཡངས་སློབ་སྦྱོང་།
                          དོན་ཚན་གསུམ་པ།
      མི་ཞིག་རྒྱུན་དུ་ཁྱོད་ཀྱི་རྒྱབ་རི་ནས་འགྱངས་མི་སྲིད། དེ་བས་སྒེར་ཚུགས་ཀྱི་བསམ་བློ་དང་ནུས་པ། འཇོན་ཐང་སོགས་མི་རང་ཉིད་ནས་སྔོག་འདོན་བྱ་འོས།—རང་བརྟེན་སློབ་སྦྱོང་།
                          དོན་ཚན་བཞི་བ།
      རྒྱུ་ནོར་གྱི་མང་ཉུང་ལ་བལྟས་ནས་གྲོགས་མ་སྒྲིག  དེས་ཁྱོད་ལ་གནས་སྐབས་སུ་ཕན་ཅུང་ཙམ་ཐོགས་མོད། ཡུན་རིང་ནི་དཔེ་མི་སྲིད།— དབྱེ་འབྱེད་སློབ་སྦྱོང་།
                          དོན་ཚན་ལྔ་བ།
      དཔལ་འབྱོར་གྱི་མ་རྩ་མཐུག་པའི་གྲོགས་པོའི་ཆེད། རང་ཉིད་ཀྱི་བསམ་པའི་བློས་ཐུབ་གྲོགས་པོ་འདོར་མི་ཉན། དེ་ལྟར་བྱས་ཚེ། མཐའ་མཇུག་གྱོང་རེག་པ་ནི་ཁྱོད་རང་ཉིད་ལས་མ་འདས་སོ།།—རང་བརྩི་སློབ་སློབ་སྦྱོང་།
                          དོན་ཚན་དྲུག་པ།
      ང་ཚོས་ཆེས་དྭངས་གཙང་གི་གློག་བརྙན་ཁྲོད་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལ་རོལ་མྱོང་བྱས་ཆོག  ཡིན་ནའང་དེ་ནི་འཚོ་དངོས་དང་ཅུང་རྒྱང་ཐག་རིང་། རྒྱུ་མཚན། དེ་ནི་མིའི་རིགས་ཀྱི་ནང་སེམས་ཀྱིས་འཚོལ་སྙེགས་བྱས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཁོ་ནའོ།—གཅེས་འཛིན་སློབ་སྦྱོང་།
                          དོན་ཚན་བདུན་པ།
      གཉེན་བསྒྲིགས་ཏེ་གཅེས་ཕྲུག་གསོས་པ་ནས་བཟུང་། ཁྱོད་ལ་དབང་བའི་འཇིག་རྟེན་ཆུང་ཆུང་དེར་གནས་ཚུལ་ག་འདྲ་བྱུང་རུང་། ཁྱོད་ཀྱིས་ཕ་མ་ཞིག་གི་འོས་འགན་བརྗེད་མི་རུང་།—འགན་བརྩི་སློབ་སྦྱོང་།
                          དོན་ཚན་བརྒྱད་པ།
      གཞོན་ཤ་དོད་པའི་ལང་ཚོ་རིམ་གྱིས་ཡལ་ཏེ། རྒས་གཉེར་གྱི་མཛེས་ཆས་སྤྲས་སྲིད་པའི་ང་ཚོས། སྐར་ཆ་གཅིག་ཡིན་ཡང་ཆུད་ཟོས་སུ་མི་གཏོང་བར། ཆེས་མཐའ་མཇུག་གི་ཤེས་རིག་གི་ཟེགས་མ་རེ་འཐུ་རྒྱུ་ནི་གནད་ཀྱི་དམ་པ་སྟེ།  འདི་ནི་ཆེས་བཟང་བའི་ཚེ་ཕྱི་མའི་ལམ་བྲོ་དེ་ཡིན་པས་སོ།
                          དོན་ཚན་དགུ་བ།
      བྱ་བ་མང་བོ་ཞིག་ཨུ་ཚུགས་ཁོ་ནས་བསྒྲུབ་མི་ཉན། དེ་ལྟར་བྱས་ཚེ། སྐབས་མང་པོར་ཁྱོད་ཀྱིས་གྱོང་རེག་སྲིད།—བླང་དོར་སློབ་སྦྱོང་།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།