འདི་ནའང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག་འདུག
རྩོམ་པ་པོ།:རང་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-09 10:21:00
ཀློག་གྲངས།:
མཚར་སྡུག
སྙིང་སྡུག
སྲིད་པ་ཆགས་པའི་ཚུན་ཆད་དུ།
ཡིད་དུ་འོང་བའི་ལོ་རྒྱུས་ཀྱི་བྱུང་བ་དང་།
སྙིང་དུ་སྡུག་པའི་བཀའ་བསྟན་གྱི་མཛེས་མ།
བརྗེད་པར་དཀའ་བའི་ཤེས་བྱ་ཡི་བང་མཛོད་ཅི་འདྲའི་མང་པོ་ཞིག་བྱུང་ཡོད།
རེད་ཨང་།
རང་རེའི་མི་རིགས་འདི་ཡང་ཤ་ཁྲག་འདོད་བཅས་ཀྱི་ཕུང་བོ་ལས་གྲུབ་ཞིག་ཡིན་ངེས་ལ།
རིག་དར་ཀྱི་རྣམ་ཤེས་དང་།
ལ་རྒྱ་ཡི་བླ་སྲོག
སེམས་བྱུང་གི་འདུ་ཤེས།
རྙིད་པར་དཀའ་བའི།
དལ་བ་རྒྱ་དང་འབྱོར་བ་བཅུ་ཡི།
བེམ་པོའི་ལུས་དང་།
རྣམ་ཤེས་གཉིས་ཀྱི་འཕྲད་སྦྱོར་སྒྱུ་མའི་གར།
ཐབས་ཤེས་ཟུང་ལ་བརྟེན་ནས།
བསིལ་ལྡན་གྱི་ལྗོངས་འདིར་ཁྱིམ་གཞིས་ཆགས་པ་མ་ཡིན་ནམ།
ངོ་མ།
སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་མ་ཚང་གོང་ལ།
རང་རེའི་མེས་པོ་སྟེ།
སྤྲེའུ་བྱང་ཆུབ་སེམས་དཔའ་དང་།
ཇོ་མོ་ཁྲོ་གཉེར་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་ཀྱི་ངོ་མཚར་ཞིང་གཞན་གྱི་བློ་ཡུལ་ལས་འདས་པའི་ངག་རྒྱུན་ཡོད་པ་དང་།
ཁོ་ཚོའི་བུ་རྒྱུད་རྣམས་དབེན་པའི་ནགས་ཁྲོད་དང་།
ཡངས་པའི་སྤང་ཐང་།
ས་སྟོང་ལུང་སྟོང་དུ།
གོས་སུ་ཤིང་ལོ་གྱོན་པའི་སྐབས་ཀྱང་ངེས་པར་ཡོད་སྲིད་མོད།
འོན་ཀྱང་།
འདི་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པ་དང་།
སྔོན་བྱུང་གི་དྲན་རྟགས་ཀྱང་རེད།
ཀྱེ་ཀྱེ།
ཤ་ཟ་བ་ཙམ་གྱི་གཅན་གཟན་དུ་འགྱུར་མི་རུང་བ་དང་།
གདོང་དམར་བ་ཐམས་ཅད་སྤྲེའུའི་རིགས་ག་ལ་ཡིན།
སྔོན་གྱི་ཚེ་ཡང་།
ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས།
སྙན་གྲགས་ཀྱི་བ་དན་དགུང་དུ་བསྐྱོད་མྱོང་ལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།