ལོ་ངོ་དྲུག་གི་གསེར་མདོག་གི་བཞུད་ལམ།

རྩོམ་པ་པོ།:རིག་སྨོན་དཀོན་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-02 10:47:00 ཀློག་གྲངས།:
ལོ་ངོ་དྲུག་གི་ཡར་སྔོན་དུ།
གཡའ་དག་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ནས།
ཁྱེད་ཀྱི་ཚེ་སྲོག་གི་མྱུ་གུ་འབུས་ཤིང་། མི་ཡུལ་དུ་ཞབས་རྗེས་ཕབ།
གོམ་པ་རེ་རེ་འདར་འདུར་གྱིས་ཡར་ལངས་ཤིང་མདུན་དུ་ཆས་དུས།
ཁྱེད་ནི་ཇི་འདྲའི་སྙིང་རྗེ་ཤིང་ཡིད་དུ་སྡུག་པ་ཞིག
ཤེས་མེད་ཚོར་མེད་ཀྱི་ལོ་དང་ཟླ་བའི་ནང་དུ།
ང་ཁྱོད་དང་ཁ་བྲལ་མ་མྱོང་ལ།
ཁྱེད་ཀྱིས་ཀྱང་ང་ལ་གནང་བ་མང་ཡོད་སྐད་རེད།
ཏག་ཏག་ཁྱེད་ཉིད་ལོ་དྲུག་ལ་ཐོན་དུས།
ཇི་འདྲའི་གཉོམ་ལག་རྒྱས་ཤིང་ལང་ཚོ་དར་ལ་བབས་པའི་དམན་ཆུང་བུ་མོ་ཞིག
ཇི་འདྲའི་ཕུགས་བསམ་ཡོད་ལ་རེ་བའི་ཁེངས་པའི་ཕོ་གསར་གཞོན་ནུ་ཞིག
ཇི་འདྲའི་ལྟ་ན་སྡུག་ཤིང་ཡིད་དུ་འོང་བའི་མེ་ཏོག་གསེར་ཆེན་ལྟ་བུ་ཞིག

རིག་སྨོན་དཀོན་མཆོག་གིས2013ལོའི་ཟླ12པའི་ཚེས30ཉིན་གྱི་སྔ་དྲོར་བཀྲ་ཤིས་ལྷ་དར་ཞིག་གི་ཚུལ་དུ་སྦྱར་བ་དགེའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།