མགོ་དཀྲིས་དམར་པོ།

རྩོམ་པ་པོ།:མར་ཁུ་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-28 09:16:00 ཀློག་གྲངས།:

ཐག་རིང་ལ་ཆས་དུས
མགོ་དཀྲིས་དམར་པོ
རི་གསུམ་གྱི་རྩེ་ན་ལྷབ་ལྷུབ་གཡོ
དར་ལྕོག་བཞིན་གཡོ་དུས
ངས་ལུང་གསུམ་མདོ་ནས
གཞས་ཆུང་ཞིག་རླུང་ལ་བསྐུར
རླུང་ལ་བསྐུར་རྗེས
ངས་ལྗིད་ཏིག་ཏིག་གི་གོམ་སྟབས་རེ་རེའི་བར་ནས
གྱེས་གདུང་གི་མིག་ཆུ་རེ་རེ
སེམས་གཏིང་དུ་སྦས
 
ཐག་རིང་ནས་ལོག་དུས
མགོ་དཀྲིས་དམར་པོ
རི་གསུམ་གྱི་རྩེ་ན་འཕྱོ་ཞིང་ལྡིང་
འཕྱོ་ཞིང་ལྡིང་དུས
ངས་ལུང་གསུམ་གྱི་མདོ་ནས
མཛའ་གཞས་ཤིག་ཤུགས་ཀྱིས་བླངས
ཤུགས་ཀྱིས་བླངས་ཕྱིར
ངས་བྲེལ་འཚུབ་ཀྱི་འབྱིན་རྔུབ་རེ་རེའི་བར་ནས
མགོ་དཀྲིས་དམར་པོ
མཚམས་སྤྲིན་ལ་འཁྲུལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།