མགོ་ལོག
རྩོམ་པ་པོ།:མཐར་ཕྱིན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-20 09:06:00
ཀློག་གྲངས།:
མགོ་ལོག
མཐར་ཕྱིན་རྒྱལ།(དར་ལག)
མགོ་ལོག
གནམ་མགོ་ལོག ས་མགོ་ལོག
རྨ་རྒྱལ་སྦོམ་རའི་དབུ་རྩེར་འཚོ་བའི་ལུས་སྟོབས་ཅན་གྱི་དཔའ་རྒོད་ཁག
རྐྱང་འབྲོང་དར་མ་འུར་ཆས་འདེད་པའི་དཔའ་སྙིང་ལྡན་པའི་འབྲོག་སྡེ་ཕྱུག
མཚོ་མོ་སྟོང་ལ་རྐྱལ་རྩལ་མཁས་པའི་མི་ཡུལ་བུ་མོའི་སྒེག་ཉམས་ལྡན།
དཔའ་རྟུལ་སུམ་ཅུའི་ཕྲག་ལ་ཉལ་བའི་གཡུ་རལ་གསིགགསིག་མཁའ་རུ་འཕྱོ།
མགོ་ལོག
རི་མགོ་ལོག ཆུ་མགོ་ལོག
ལྷ་རྟ་རྐྱང་ལུའི་མིག་སྒྲ་ཐོས་སར་གེ་སར་རྒྱལ་པོའི་དཔའ་རྟགས་རྙེད།
དྲིན་ཆེན་མ་ལོའི་འབྲི་བརྒྱ་སྐྱོང་ཡུལ་སེང་ལྕམ་འབྲུག་མོའི་བཞོ་དབྱངས་སྙན།
འབུམ་ཁག་གསུམ་གྱི་ལྟོ་བར་རྒྱུ་བའི་རྨ་ཀླུང་སྒེག་མོའི་ལྷ་དར་བསྐྱོད།
སྦྲ་རྒན་གྲུ་བཞིའི་པང་བར་བརྡོལ་བའི་གནའ་བོའི་གཏམ་རྒྱུད་གངས་ལ་འཐིམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།