བླ་མ་ལགས། རིན་པོ་ཆེ།
རྩོམ་པ་པོ།:བསང་བསོད་དོན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-16 09:13:00
ཀློག་གྲངས།:
ཡུལ་མདོ་སྨད་བིས་མདོ་ས་ཆ་རུ།
སྡེ་སྐྱིད་པོ་མ་རུ་གྲོང་ཚོ་ཆགས།
དགོན་ཁྲ་མོ་མཆོད་རྟེན་རང་བྱོན་ཁྲོད།
གོང་དྲིན་ཆེན་རྩ་བའི་བླ་མ་བཞུགས།
ཁྱེད་ཉིད་བཞུགས་པས།
ཡུལ་འདི་རུ་མར་ཁུའི་མཚོ་མོ་འཁྱིལ་ཡོད།
ཁྱེད་ཉིད་བཞུགས་པས།
སྡེ་འདི་རུ་སངས་རྒྱས་སྟན་པ་དར་ཡོད།
ཁྱེད་ཉིད་བཞུགས་པས།
འོག་མངའ་འབངས་སེམས་པ་སྤྲོ་བས་ཁེངས་ཡོད།
ཁྱེད་ནི། དགུང་གི་ཉི་མ་སེར་བོ་སྟེ།
རིགས་དྲུག་ལ་བྱམས་བརྩེའི་དྲོད་ཁོལ་གནང་ཡོད།
ཁྱེད་ནི། དུང་གི་ཟླ་བོ་དཀར་བོ་སྟེ།
འགྲོ་ཀུན་གྱི་ཚ་གདུང་ངང་གིས་སེལ་ཡོད།
ཁྱེད་ནི། དངུལ་མདོག་གི་སྤྲིན་པ་འཇམ་པོ་སྟེ།
འགྲོ་དྲུག་ལ་བདུད་རྩིའི་ཆར་རྒྱུན་ཕབ་མྱོང་།
དུས་ད་ལྟ། ཁྱེད་ཉིད་གཞན་དུ་ཆས་ཤུལ་དུ།
མུན་པའི་མཁའ་དབྱིངས་སྒྲིབ་འདུག
ཚ་བས་འགྲོ་ཀུན་གདུང་འདུག
སྡེ་སྐྱིད་པོ་མ་རུ་གྲོང་ཚོ་ཆགས།
དགོན་ཁྲ་མོ་མཆོད་རྟེན་རང་བྱོན་ཁྲོད།
གོང་དྲིན་ཆེན་རྩ་བའི་བླ་མ་བཞུགས།
ཁྱེད་ཉིད་བཞུགས་པས།
ཡུལ་འདི་རུ་མར་ཁུའི་མཚོ་མོ་འཁྱིལ་ཡོད།
ཁྱེད་ཉིད་བཞུགས་པས།
སྡེ་འདི་རུ་སངས་རྒྱས་སྟན་པ་དར་ཡོད།
ཁྱེད་ཉིད་བཞུགས་པས།
འོག་མངའ་འབངས་སེམས་པ་སྤྲོ་བས་ཁེངས་ཡོད།
ཁྱེད་ནི། དགུང་གི་ཉི་མ་སེར་བོ་སྟེ།
རིགས་དྲུག་ལ་བྱམས་བརྩེའི་དྲོད་ཁོལ་གནང་ཡོད།
ཁྱེད་ནི། དུང་གི་ཟླ་བོ་དཀར་བོ་སྟེ།
འགྲོ་ཀུན་གྱི་ཚ་གདུང་ངང་གིས་སེལ་ཡོད།
ཁྱེད་ནི། དངུལ་མདོག་གི་སྤྲིན་པ་འཇམ་པོ་སྟེ།
འགྲོ་དྲུག་ལ་བདུད་རྩིའི་ཆར་རྒྱུན་ཕབ་མྱོང་།
དུས་ད་ལྟ། ཁྱེད་ཉིད་གཞན་དུ་ཆས་ཤུལ་དུ།
མུན་པའི་མཁའ་དབྱིངས་སྒྲིབ་འདུག
ཚ་བས་འགྲོ་ཀུན་གདུང་འདུག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།