དགེ་རྒན་ལ་ཕྱག་འཚལ་ལོ།
ཁྱེད་ནི་ལྷུང་ལྷུང་འབབ་པའི་ཆུ་བོ་དེ་ཡིན།
ཁྱེད་ནི་མེ་ཏོག་སྟོང་གི་རི་བོ་དེ་ཡིན།
ཁྱེད་ནི་བདེན་པ་བསྩལ་བའི་མ་མ་དེ་ཡིན།
གོ་ལ་འདི་ནས་ཁྱེད་ཀྱི་དོན་ལྔ་སྣོད་དྲུག་རེ་རེ།
འབར་ཞུན་གྱི་རྐང་ཐེར་རེ་རེར་གྱུར་ཏེ།
མི་སེམས་ཀྱི་ཉིན་སྲུབ་ཀུན་ལ་དྲོད་ཁོལ་དང་འོད་སྣང་བསྣན།
ཁྱེད་ཀྱི་སྟེང་ན་རྨི་ལམ་གྱི་དག་ཞིང་དེ་ཡོད།
ཁྱེད་ཀྱི་སྟེང་ན་སླུ་མེད་ཀྱི་བརྩེ་དུང་དེ་མཆིས།
ཁྱེད་ཀྱི་སྟེང་གི་ཆ་རྡུལ་གྱི་ཟེགས་མ་རེ་རེའང་།
སྐྱེ་འགྲོ་དག་གི་ཁམས་དང་མོས་པ་སུ་བསྟར་ཏེ།
ཁྱེད་ནི་མི་སེམས་ཀྱི་སྣང་བའི་མཛེས་རྒྱན་དུ་གྱུར་ཡོད།
ཁྱེད་ཀྱི་བརྩེ་འཛུམ་གྱི་བྱམས་པ་དྭངས་མོ་དེ།
བུ་སློབ་ཚོའི་ཡིད་སེམས་སུ་འོད་རླབས་བཞིན་ཁྱབ་ཞིང་།
ངེད་ཅག་གི་མིག་རྒྱའང་ཁྱེད་ལས་སྐར་མདའ་བཞིན་རིང་དུ་བསྲིངས།
མི་སེམས་ཀྱི་མ་དག་པའི་བསམ་བློའི་གད་སྙིགས་དང་ར་རོའི་དྲི་མ་དག
ཁྱེད་ཀྱིས་གཙང་དག་གིས་ཕྱགས་ཤིང་དག་པར་བཀྲུས་པས།
མིའི་རིགས་ཀྱི་གསོན་ཤུགས་དང་སྙིང་སྟོབས་ཁྱེད་ཀྱིས་བསྩལ་ཡོང་།
ཁྱེད་ནི་མེ་ཡི་སོན་རྩྭ་ཡིན།
ཁྱེད་ཀྱིས་མིའི་རིགས་ཀྱི་སེམས་ཁམས་ལ་མེ་དྲོད་ཀྱི་རྣམ་ཤེས་བསྐྲུན།
ཁྱེད་ནི་འོད་ཀྱི་གོང་བུ་ཡིན།
ཁྱེད་ཀྱིས་མིའི་རིགས་ཀྱི་མདུན་ལམ་ལ་འོད་ཟེར་འཕྲོས་ནས་སྣང་བ་བསྩལ།
ཁྱེད་ནི་རྡོ་ཡི་ཐེམ་སྐས་ཡིན།
ཁྱེད་ཀྱིས་བསམ་བློ་ཡི་གོམ་ཁ་ལ་བརྟན་བརླིང་གི་སྐས་རིམ་བཙུགས།
ཁྱེད་ནི་འོད་ཟེར་སྟོང་གི་བདག་པོ་ཡིན།
འཇིག་རྟེན་གྱི་རྨོངས་མུན་ཀུན་ཁྱེད་ལས་མཐའ་རུ་བསྐྲད་སོང་།
2013ལོའི་ཟླ09པའི་ཚེས10ཉིན་དགེ་རྒན་གྱི་དུས་ཆེན་ལ་འབུལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com