གནས་འདི་ནས་ཁྱོད་བདེ་མོར་ཕེབས།
གནས་འདི་ནས་ཁྱོད་བདེ་མོར་ཕེབས།
ས་འགུལ་ལས་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་ཕུལ།
དུས་ཀྱི་རླུང་འཚུབ་རྒོད་ཅིང་།
ས་ཆེན་གྱི་གཡོ་ཐེངས་ཞིག་གིས།
ཁྱོད་ཀྱིས་རབ་རིབ་ཀྱི་མུན་པ་བརྒལ་ཅིང་།
སྤུན་ཟླའི་འདང་བརྩེ་རྡུལ་དུ་བརླག་སྟེ།
སྙིང་གཏམ་གྱི་ཟེགས་མ།
འོ་སྐོལ་ཚོའི་བདེ་སྐྱིད།
ཐ་ན་སྐད་ཆ་འབྲུ་ཙམ་ཡང་མ་བཞག་པར།
སྒྲ་དབྱངས་ལྷ་མོའི་རྒྱུད་མངས་ལ་དྲངས་ཏེ།
ས་ཆེན་པོའི་གཏིང་ནས་བུད་སོང་།
འབའ་ཞིག་གི་འབིགས་ཕྱོགས་གཏོར་ཏེ།
རླུང་བསེར་བུའི་འོག་ནས་བུད་སོང་།
སྤུན་ཟླ་ཡ་སྤུན་ཟླ།
ཁྱོད་སོང་ཤུལ་དུ།
འདི་རུ་ལྷག་པ།
ཕུ་ནུ་ཚོའི་གདུང་འབོད།
ཞེད་སྣང་གི་རྨི་ལམ།
འཇིགས་རུང་གི་ཁོར་ཡུག་དེ་ཉིད།
སྤུན་ཟླ་ཨ་སྤུན་ཟླ།
ཁྱོད་སོང་ཡང་རུང་། བསྡད་ཀྱང་རུང་།
གང་ལྟར། སྡེ་འདིར་ཐོན་ཚེ།
ཕྱིར་བདེ་མོར་ཕེབས་ཆོག
སྤྲོ་བས་ཕེབས་ཆོག
གནས་འདི་ནས།
ཁྱོད་ལ་སྨོན་ལམ་གྱི་དགེ་བ་བསྩལ་ཡོད།
གྲོང་འདི་ནས།
ཁྱོད་ལ་ཤོག་སྒོར་གྱིས་བསྐྱལ་མ་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com