རང་མོས་སྙན་ངག《སྤྲེལ་ལོར་བྲག་དཀར་སྤྲེལ་རྫོང་ལ་ཕྱིན་པ》།
སྙིང་ཆུང་འཕར་ཞིང་ལྡེམ་པའི་འདབ་ལོ་མེ་ཏོག་གི་ཆུ་བོ་ཇི་བཞིན
མཐོ་རིས་ལ་ངོས་སུ་བཞུར་བའི་རྐང་ལམ་ཕྲ་མོས་ཤག་ཤག་དྲངས
ལོ་ངོ་ཁྲི་སྟོང་ལ་འབར་བའི་ཞབས་རྗེས་ཀྱི་ནེམ་ཤ་ལག་མཐིལ་ནས་བཞད་ཆེད
ངས་སེམས་པ་སྐད་ཆའི་ལྟག་རྒྱབ་ལ་བཞག་སྟེ་ནམ་མཁར་ཉན
ངས་རུས་པ་ཁྱོར་བ་གང་གི་མཆོད་མེ་བཏགས
བཀའ་དྲིན་ཆེ ལས་སྐལ་གྱིས་དགའ་དགོད་དང་མཆི་མའི་རྫི་བོར་བསྐོས
གནས་མཇལ་བའི་པང་གདན་གྱི་རལ་ཁའམ་དམའ་ས་ཞིག་ནས
རྡོ་བའམ་རྡོ་ངོས་སུ་འབུར་བའི་བསླུ་བྲིད་ཀྱི་སྒྲ་དབྱངས་སེར་བོ་ཐོས་སམ
གྲྭ་བ་དེའི་གཟན་ལས་ཀྱང་དམར་བའི་གཏམ་རྒྱུད་ཀྱི་སྒྲོ་གཤོག་ཟད་པོ་མཐོང་ངམ
དར་ལྕོག་གི་ཚུལ་གྱིས་འགྲེང་ཞིང
བཀྲ་ཤིས་ལ་རྩེ་ནས་སླར་ཡང་ཕྱི་མིག་བལྟས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com