མཚོ་འགྲམ་གྱི་རླུང་བུ་བསིལ་མོ། མདོ་སྨད་ཧེ་རུ་ཀ
མཚོ་འགྲམ་གྱི་རླུང་བུ་བསིལ་མོ།
མཚོ་འགྲམ་གྱི་རླུང་བུ་བསིལ་བསིལ་ངང་།
ཡངས་བའི་རྩྭ་ཐང་དང་ལོག་གར་གྱི་ཞིང་ནང་དུ་ལྡང་ཡོང་ཚེ།
ཉི་འོད་ཀྱི་དྲོད་འཇམ་དང་རྩྭ་ཕྲན་གྱི་བསུང་ངད་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
ལྗང་ལོ་ལྟ་བུའི་ཕ་ཡུལ་གྱི་འབྲོག་མོ་ཚོའི་སྣང་བ་ཡང་ཞིང་འཇམ་པའི་སྟོན་མཇུག་ལ།
མཚོ་རླུང་ཉིད་ནི་འབྲོག་མོ་ཚོའི་སྣང་བ་དང་། ཡང་ན་འཛུམ་མདངས་ཡིན།
མཚོ་རླུང་ནི་དུས་ཚོད་ཀྱི་བར་སྣང་ནས་ས་ཕྱོགས་གཞན་ལ་ལྡང་ནས་འགྲོ་སྲིད་ནའང་།
ལྗང་ལོ་ལས་ཡང་བའི་བདག་གི་སེམས་པ་འཁུར་མི་སྲིད།
ཡིད་དུ་འོང་བའི་འབྲོག་མོ་ཚོའི་འཛུམ་མདངས་འཁུར་མི་སྲིད།
རླུང་བུ་བསིལ་བསིལ་ངང་ལྡང་ཡོང་ནའང་། མཚོ་རླབས་ཆིལ་ཆིལ་དུ་རྒྱུག་པ་འདི།
དབུས་ཀྱི་ཚྭ་མཚོ་ཆེན་མོ་ཡིན།
འབྲོག་མོ་ཚོའི་རུམ་ལ་བཅུག་པའི་ཡིད་འོང་གི་མེ་ལོང་དྭངས་མོ་དེ་ཡིན།
མེ་ལོང་གི་ངོས་ན་སྙིང་ཉེ་བའི་ལུག་ཁྱུ་ཡོད། ནོར་ཁྱུ་དང་བྱ་གླིང་ཡོད།
ད་དུང་རླུང་བུ་བསིལ་བསིལ་གཡུག་གིན་ཡོད་པའི་མཚོ་ངོགས་ན།
རྨོག་རུ་ཡོད། གཡོན་རུ་ཡོད། སྤྲེལ་ནག་ཡོད།
སྟོན་འབྲི་ཤོད་ལ་བབས་པའི་སྟོན་མཇུག་གི་དུས་སུ།
བུ་མོ་ཚོའི་སྣང་བ་རླུང་ཡིན། རླུང་གི་ཁ་ཕྱོགས་བདག་ལ་མི་གསལ་ན་ཡང་།
མཚོ་མོའི་ཁ་གཏད་དུ་ཡོད་པའི་མདོ་དབུས་གཞུང་ལམ་གྱི་གཡས་གཡོན་ནི།
བདག་གི་བྱིས་དུས་ཀྱི་བེའུ་འཚོ་ས་ཡིན།
སྦྲ་ནག་ཕུབ་ཅིང་ནོར་ལུག་འཚོས་མྱོང་བའི་འབྲོག་སྡེ་ཆེན་པོ་ཞིག་གནས་དེར་ཆགས་མྱོང་སྐད།
ད་ནི་ཞིང་ཚིགས་གྲུ་བཞི་ལས་གཞན་ནོར་ལུག་གི་རིན་གོང་འཕར་གྱིན་འདུག་པས།
མཐོ་གཞོངས་ཀྱི་མཚོ་མོ་འདིའི་འགྲམ་གྱི་རྫི་བོ་ཇེ་ཉུང་ལ་འགྲོ་བཞིན་ཡོད།
ཞིང་ཚིགས་གྲུ་བཞིའི་ཕ་རོལ་ན། སྦྲེའུ་སྦྲ་གྲུ་བཞིའི་སྒོ་འགྲམ་ན།
རླུང་བུ་བསིལ་མོ་ཡིས། མཚོ་ལ་ཡེར་མོ་འདོད་ཀྱིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com