སེམས་ཀྱི་རྣམ་རྟོག་གིས་བསླུས་བའི་འཇིག་རྟེན།
སེམས་ཀྱི་རྣམ་རྟོག་གིས་བསླུས་བའི་འཇིག་རྟེན།
སྐྱེ་འཆི་གང་ཡིན་འགྲོ་འོང་གྲོགས་མེད་མོད།།
སྔ་མའི་ལས་སམ་ཚེ་འདིའི་སྣང་བ་ཡིས།།
འགལ་ཟླ་མང་ཡང་གཅིག་ལ་མཐུན་པ་འདིས།།
སྐྱིད་སྡུག་འདྲེས་མའི་འཚོ་རོགས་ཀུན་གྱིས་འཚོལ།།
རྣམ་རྟོག་དུ་མས་འགལ་སེམས་མང་ན་ཡང་།།
གསང་བ་ཞིག་གིས་འགལ་བ་སྤང་ཞོར་དུ།།
གཉིས་འཛོམས་གདན་ན་མྱོང་བའི་སེམས་པ་འདིས།།
དགའ་སྐྱོ་འདྲེས་མའི་མི་ཚེ་ཀུན་གྱིས་བསྐྱལ།།
འདོད་པའི་སེམས་ལ་ས་མཚམས་མེད་མོད་ཀྱང་།།
ཕྱུག་པོའི་དབུལ་བོ་མི་འདོད་སེམས་པ་འདིས།།
ལུས་ཀྱི་དབང་བསྒྱུར་ནང་གི་བྱེད་པོ་ཡང་།།
ཐོབ་ཤོར་ནོར་གྱིས་དབང་བསྒྱུར་བྱེད་འདི་མཚར།།
རྒས་བའི་ལུས་བོ་ཀུན་གྱིས་མཐོང་ན་ཡང་།།
མི་མཐོང་སེམས་པ་གཞོན་པའི་སེམས་ཁམས་ཀྱིས།།
འདོད་པའི་ཟུར་མིག་གཞོན་པའི་གྲལ་དཀྱིལ་དུ།།
ཡང་ཡང་འཁོར་སྟེ་འདོད་གཏམ་མང་དུ་བརྗོད།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com