རྒྱང་རིང་གི་ལྷ་ས་བར་བྲིས་པ།
རླུང་བུ་བསིལ་བསིལ བསིལ་བསིལ་གྱི་རླུང་བུ
ཉི་འོད་ཀྱི་ས་བོན་ཞིག
མེ་ལོང་གི་ལོ་ཟླའི་ངོས་སུ་གཤོག་འགྱུ་རྒོད་པའི་འབུ་སྦྲང
ངའི་སྒེའུ་ཡོལ་གྱི་ངོས་སུ
སྟོང་སིང་སིང་གིས་འཁོར་འོང་ན
ཞེད་སྣང་ཞུ་བར་བྱེད་པའི་འོད་ཟེར
དོ་ནུབ་ང་ལ་ཕྱོགས་འོང
ང་ཡི་མཛུབ་མོའི་རྩེ་རུ་ཐོགས་པའི་སིལ་ཏོག
སིལ་ཏོག་སྟེང་གི་ཞིམ་ཤ
ན་ཚོད་སྨིན་པའི་དུས་སུ་ལང་ཚོའི་དབྱར་ལྗོངས་སུ
ཁྲུས་ལ་རོལ་བའི་ཚེས་རིས་བཞིན་མཛེས་ཨང
ནམ་གུང་གི་དུས་སུ
རླུང་དང་ཆུ་ཕྲན་གྱི་ཚོགས་ལ་གྲག་འགུལ་མེད་ཀྱང
ངའི་སྔས་འགྲམ་གྱི་ལྡེབས་སུ་རླུང་བུ་འགྱུ་བཞིན་ཡོད
རླུང་བུ གཙང་བོ་ལ་འདྲེས་པའི་རླུང་བུ
བྱ་གླག་གི་གཤོག་པ་ལ་འགྲམ་ལྕག་རྡེག་པའི་ཚུལ་ནི
ཁ་བའི་ཁྲོད་ལ་བྲིས་པའི་བུ་མོ་ཞིག་དང་ཇི་འདྲའི་མཚུངས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com