ང་ཡི་མི་རིགས། ང་ཡི་ཕ་ཡུལ།
སྤང་ཁུག་ལག་མཐིལ་འདྲ་བ་ཞིག་ན
གཡེར་དྲིལ་གྱི་སིལ་སྒྲ་ཁོ་ནས་ཀློང་དུ་ལྷན་ཅིང་
འོད་ཟེར་དུམ་བུ
བྲེལ་བྲེལ་འཚུབ་འཚུབ་ཀྱི་ཡིག་རྡོག་རེ་འགའ
སྐྱོ་བ་སེམས་སུ་བཏེགས་ཏེ
ཞོགས་པ་ཞིག་ལ་བཅར་བའི་ཆུ་ཚོད་ཀྱི་མདེའུ་ཞིག
ཤ་ཁྲག་གི་རུས་པ་ཙམ་པོར་འཐམས་པའི་ངང
གང་ལ་བསྒུགས་ཡོད
རླུང་བུ་གཡུགས་ཞོར་གྱིས་འཕུར་གྲབས་བྱེད་པའི
ཕྱེ་མ་ལེབ་ཅིག་གི་གཤོག་པའི་མཐིལ་དུ
རྨི་ལམ་གཏོང་གིན
རྒྱང་རིང་ན
ཁྱོད་ལ་ཅི་ཞིག་ལུས་ཡོད
གཙང་བོ་ལ་སྨུག་པ་འདྲེས་པ་ལྟ་བུའི་ཚོར་བ
ཡང་ན་དབྱིངས་ཀྱིས་དག་པའི་ནུབ་ཕྱོགས་བདེ་བ་ཅན་ན
ང་ཡི་མི་རིགས ང་ཡི་ཕ་ཡུལ
ཁྱོད་ལ་དོན་དམ་པའི་ཅི་ཞིག་ཡོད
བར་བར་དུ་བྲག་ཆ་ལ་འཛེར་བའི་གླུ་སྐད་ཅིག
ཡོད་ཡོད་འདྲའང
འགྲུབ་འགྲུབ་འདྲའང
ད་དུང་ཅི་ཞིག་ནི་ཁྱེད་ཀྱི་རྨ་ཁ་ཡིན
སྦུག་དོག་ས་ཞིག་ཏུ་འགུལ་བའི་གྲིབ་བརྙན་དེ
ལོ་ཡི་འཁོར་མོ་ག་ཙམ་ནས་འགུལ་གྱིན་འདུག
འགུལ་སྐྱོམས་ཀྱི་བར་དུ
ཆག་གས་སུ་གྱུར་བའི་འབུ་སྦྲང་དེ་གང་ན
རྩོམ་ཡིག་གི་མཚན་བྱང་གླུ་མ་དབྱངས་ཅན་ལྷ་མཛེས་ཀྱི་གླུ་དབྱངས་ཤིག་ལས་བཤུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com