སྤང་གཤོང་གི་མཆི་མ་སྐམ་དུས་མེད།
སྤང་གཤོང་གི་མཆི་མ་སྐམ་དུས་མེད།
ཆོས་ཤུལ་ཚང་།
རྩྭ་ཐང་གི་འཕང་བ་རེ་ནས་བདག་གིས་རྨི་ལམ་གང་མང་བཏང་མྱོང
རྨི་ལམ་ངོགས་ཀྱི་འོ་སྦྱོར་རེ་རེ
ད་ལྟ་ལྷག་ཏུ་དྲན་འོང
ཁྱོད་གཅིག་པུས་བཞེངས་པའི་དག་ཞིང་རེ
དུད་སྤྲིན་ཁྲོད་ཡལ་གྱིན་པའི་སྣང་བ་ཞིག
མལ་ཁང་གི་ཁྲིས་སུ་འབྱོར་འོང
བདག་གི་རྩྭ་ཐང སེམས་ཀྱི་རྩྭ་ཐང
ཕྱིར་མིག་རེ་རེ་ཁྱོད་ལ་གཏོད་དུས
མཚན་མོ་གཉིད་འདོད་དམ
བདག་གིས་གནའ་གཏམ་བཤད་མྱོང་བའི་ཐག་རིང
དུས་ཚོད་ཀྱི་འཁོར་སྐྱོད་རེ
ཁྱོད་ཀྱི་ཉེ་འཁོར་དུ་འཁྱུད་ཐེངས་རེ་རེ
བདག་གིས་ད་དུང་རྨི་ལམ་གཏོང་འདོད་ཨང
ས་སྲོད་ཀྱི་ཕྱོགས་སུ་བསྲིངས་པའི་གཞིས་ཀ
ཁྱོད་རང་ཧ་ཅང་ཆུང
ཧ་ཅང་ཆུང་བའི་ཁྱོད་རང
ལྷ་ས་གཅིག་པུའི་མིང་བྱང་ལས་ཅི་ཞིག་འདེགས་ཐུབ
ཉི་མའི་གྲོང་དུ་སྙེག་མྱོང་བའི་ཁྱོད་རང
ཕྱི་རློན་ནང་རློན་གྱི་བགྲོད་དུས
ཚེ་སྲོག་གི་འོད་ཐིག་རེ་རེ
རྩྭ་རྐང་གཅིག་གི་གུད་དུ་འཁྱུད
ང་རང་དལ་གྱིས་ཁྱོད་ཀྱི་གཞིས་ཀ་དེར་འཐིམ་འོང
གསང་སྟབས་ངང
ཁྱོད་ཀྱི་ལང་ཚོའི་གསེང་དུ་འཐིམས་ཡོང
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com