འཛུམ་མདངས་ཀྱིས་བཟི་བའི་དྲན་པ་ཐར་ཐོར
དགུན་གཞུང་འདིས་སླག་པ་ཕྱི་རུ་བརྫེས་ཏེ
མི་ལ་ཙི་ཙི་ཞིག་གི་རྟུལ་ཞུགས་ཀྱིས འཛུམ་འཛུམ་གྱིས
ང་ཚོས་ཀྱང་བྱིས་པ་བསམ་མེད་ཅིག་གི་ངང་ཚུལ་གྱིས ཚོར་མེད་ངང
དགུན་གཞུང་འདིའི་འཛུམ་མདངས་ཀྱིས་བཟི་སོང་ལ
ཤོར་སོང་བའི་དྲན་གཞུང་དུ་ཉི་ཟླ་རྟག་ཏུ་འཆར་ཞིང
ཁ་བ་དུས་ལྟར་བབས་སོང
སེམས་པ་འདིས་སྔར་བཞིན་འཛུམ་མདངས་ལ་དྲན་པ་གླན་ཏེ་བཟི་སོང
ད་ལྟ་དགུན་གཞུང་འདིས བཟི་སོང་བའི་སེམས་པར
སླག་པའི་རྒྱབ་ཀྱི་ངོ་གདོང་ངོ་མ་དེ་སྟོན་བཞིན་འདུག
ནམ་ཞིག་གི་ཚེ ང་ཚོའང
མི་ལ་ཙི་ཙི་འདིའི་འཛུམ་མདངས་ལས་སད་བྱུང་ངེས
ནམ་ཞིག་གི་ཚེ ང་ཚོའང
སླག་པའི་རྒྱབ་ཀྱི་ངོ་གདོང་དེར་ཞན་པ་ལོག་ངེས
ནམ་ཞིག་གི་ཚེ ང་ཚོས་ཀྱང
རང་ཉིད་ཀྱི་ཉི་གཞོན་གསར་བ་དེ་བསུ་ཆོག་ངེས
ནམ་ཞིག་གི་ཚེ ང་ཚོས་ཀྱང
…… ……
2011/1/12ཉིན་འབའ་གཞུང་དུ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com