དགུ་ཆུ་དང་རེབ་གོང་གོ་རེ།
དགུ་ཆུ་དང་རེབ་གོང་གོ་རེ།
ལོ་ངོ་དུ་མའི་རིང་ལ་ང་གནས་འདིར་བསྡད་མྱོང
སྐོམ་དུས་དགུ་ཆུ་འཐུང་ཞིང
ཁ་ལྟོགས་དུས་རེབ་གོང་གོ་རེ་ཟས་ཏེ་བསྡད
དེ་ལྟ་མོད རེབ་གོང་ཕྱི་ནང་གི་ཉིན་སྲིབ་དག་ཏུ
བོང་བུ་འདེད་པའི་རོང་མོ་དང
བཞོ་ཟེའུ་འདེགས་པའི་འབྲོག་མོ་སོགས
དཀར་ལ་དམར་བའི་མེ་ཏོག་གི་ཕྲ་ཚོམ་བཞད་འདུག་པས
བུང་བ་ཡང་ཅི་ཞིག་གི་སྟེང་དུ་འབབ་དགོས་པ་འཁྲུལ་ནས་འདུག
ངས་དགུ་ཆུའི་འགྲམ་ནས་རེབ་གོང་ལ་བལྟས་འོང་ན
གྲོང་གསེབ་ནས་དགོན་པར་འགྲོ་བའི་ལམ་དུ
རྡེའུ་གསུམ་རེ་ཡོད་ཅིང
སྐུ་ངོ་སུ་ཞིག་གིས་ཕུ་བཏབ་པའི་རྡེའུ་ཡིན་པ་མི་གསལ་མོད
གང་ལྟར རྡེའུ་རེ་རེ་ནི་རེབ་གོང་གི་ཆོས་སྐལ་ཞིག་ཡིན་པ་འདྲ
ཞོགས་པ་ནས་ས་སྲོད་བར་དུ
རེབ་གོང་བའི་སེམས་ཀྱི་དཀྱིལ་ན་ཉི་ཟླ་ལྟར་འཚེར་གྱིན་འདུག
དེ་རིང་ཡང་གློ་རྡེག་ལ
རེབ་གོང་གི་སྲང་ལམ་གང་སར་ལོ་གསར་གོ་རེ་ཉོ་མཁན་དག་གིས
རེབ་གོང་གོ་རེ་སྣ་གཅུ་དང་ཁ་རྟེའུ་སོགས་གང་ཡང་མ་རྙེད་པར
ཨམ་ཕྲག་ལྷུག་ལྷུག་བྱས་ཏེ་གང་ཡང་འཚོལ་གྱིན་འདུག་པའི་དུས་འདིར
ངས་གནོད་ཐེབས་ས་ཁུལ་ལ་བསྐྱལ་མྱོང་བའི
རེབ་གོང་གོ་རེ་དག་སེམས་སུ་བྲིས་ཤིང
དེ་དག་གི་གོ་དྲི
ད་དུང་སྣ་ལམ་དུ་འཐུལ་བཞིན་འདུག་པའི་ཉམས་ཀྱིས
ངས་རེབ་གོང་ནས་རེབ་གོང་གི་གོ་རེ་དྲན་བྱུང
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com