སློབ་གསོའི་ངོས་འཛིན་ཐོར་བུ།

རྩོམ་པ་པོ།:ཁྱུང་བཟང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-10-26 15:53:00 ཀློག་གྲངས།:

          སློབ་གསོའི་བྱ་བ་རྣམ་གསུམ་སྟེ༎
          ཀུན་སྤྱོད་གསོ་དང་ནུས་པ་གསོ༎
          ནང་གི་སེམས་ཉིད་གསོ་བའོ༎
          ཀུན་སྤྱོད་པདྨའི་འདབ་མ་འདྲ༎
          མཛེས་བས་གཞན་ཡིད་འགུག་པར་བྱེད༎
          ནུས་བ་འཕྲུལ་གྱི་འཁོར་ལོ་བཞིན༎
          རེ་བའི་ས་ལ་སླེབས་པར་བྱེད༎
          ནང་སེམས་གསེར་གྱི་རྒྱ་མ་ལྟར༎
          འཕྲལ་ཕུགས་ལེགས་ཉེས་གསལ་བར་སྟོན༎
          གང་ཞིག་ཀུན་སྤྱོད་མི་གསོ་བ༎
          ཕྱི་ཡི་རྒྱན་གོས་འདོར་བ་ཉིད༎
          གང་ཞིག་སེམས་ཉིད་མི་གསོ་བ༎
          ནང་གི་མེ་ལོང་གཅོག་པར་ཟད༎
          གང་དག་ནུས་རྩལ་མི་གསོ་བ༎
          བྱ་རྒོད་གཟེབ་ཏུ་བཅུག་པའོ་༎


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།