རལ་གྲིའི་ཁར་ཆགས་པའི་སྦྲང་རྩི།

རྩོམ་པ་པོ།:ལྷམ་ཀོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-10-26 15:03:00 ཀློག་གྲངས།:

    སྤུ་གྲིའི་སྦྲང་རྩི། 

    བོད་པའི་ཤོད་རྒྱུན་ཞིག་ཏུ། བྱིས་པ་གླེན་པ་དག་སྦྲང་རྩིའི་རོ་ལ་དགའ་བས་སྤུ་གྲིའི་ཁ་ལ་སྦྲང་རྩི་འགོས་པ་ལ། སྤུ་གྲིའི་ཟུར་ལ་ལྕེས་སྦྲང་རྩི་བལྡགས་པས་ལྕེ་ཆོད་དེ། སྦྲང་རྩིའི་རོ་བས་ལྕེ་སྤུ་གྲིས་བཅད་པའི་སྡུག་བསྔལ་ཐུ་ཟེར།
     དཔེ་འདི་ནི་གོ་སླ་སྟེ། དོན་དུ་མཛེས་མཛེས་འདྲ་ལ་སྙན་སྙན་འདྲ་བ་དང་ ཡང་ན་བདེན་བདེན་འདྲ་ལ། ཕན་ཕན་འདྲ་བའི་བསླུ་བྲིད་ཀྱི་རྗེས་སུ་འབྲང་ཐལ་ཆེ་ན། མཐར་སྐབས་ཀྱི་འཐོབ་བྱ་ལས་མཇུག་གི་འབྲས་བུ་སྡུག་པོ་འབྱུང་བ་དེ་རེད།
     དཔེ་དོན་འདི་དུས་སྐབས་གང་དུ་ཡང་འབྱོར་ཆེ་ལ། སྐབས་སུ་བློ་མིག་སྒྲིམ་པར་མ་བྱས་ན། བསླུ་བྲིད་ཀྱི་རྙིད་དུ་ལྷུང་འགྲོ་བར་ཐེ་མི་ཚོམ་པས། མི་ག་འདྲ་ཞིག་ཡིན་རུང་རང་གི་འགན་དེ་སུས་ཀྱང་མི་ཐེག་ཅིང་། གང་གིས་ཀྱང་འགན་དུ་འཁྱེར་དཀའ་བས་ན། ནམ་རྒྱུན་རང་རང་གི་མདུན་ཐད་ཀྱི་ལས་སྣེ་དེ་རུ་སྔ་འདང་དང་ཕྱི་འདང་ཚགས་སུ་ཆུད་པ་བྱ་རྒྱུ་དེ་གལ་ཆེ་བ་རེད།
    འབྱར་བག་གི་གཤིས་ཀ་ཅན་གྱི་མིའི་རིགས་ལ་རང་ཚུགས་བརྟན་པོ་མེད་ཅིང་། དཔྱོད་པའི་སྒོ་མོར་ནམ་རྒྱུན་ནག་ཁུང་ཆགས་འདུག་པས། རང་ལ་མཁོ་བ་གང་དང་མི་མཁོ་བ་གང་ཡིན་པའི་བླང་དོར་ཙམ་ཡང་མེད་པའི་རྒྱུ་མཚན་གྱིས་མི་རིགས་དང་མ་འོངས་པའི་རྟེན་སའི་ཀ་བ་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཤིན་ཏུ་དཀོན་པས། མི་དེའི་རིགས་ལ་སུ་ཡིན་རུང་གཟབ་གཟབ་བྱ་དགོས། འོན་ཀྱང་མི་དེའི་རིགས་ནི་གཙོ་བོ་དབང་དང་གོ་གནས་ཅུང་ཡོད་པའི་གནས་སུ་མཆིས་ཚེ། ཤིན་ཏུ་ཉེན་ཁ་ཆེ་བའི་གནས་ཡིན་པས། ཀུན་པོའི་སེམས་གསལ་བོ་དང་གློ་བ་གྲིམ་པོ་བྱས་ཏེ་བལྟ་དགོས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།