ན་ཚོད་སྨིན་སོང་བའི་མི།
རྩོམ་པ་པོ།:ཐབ་ཀ་བ།(གཞིས་ཀ་རྩེ)
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-09 10:04:00
ཀློག་གྲངས།:
ཨ་མས་ཁ་པར་ལས་ཞེ་སྐྱོ་བའི་སྐད་ཀྱིས་སྤོ་ལགས་ཁོང་ཁུ་སིམ་མེར་ལོ་བཞིའི་གོང་སྟེ་དགུང་ལོ་བརྒྱད་ཅུའི་སྐབས་གཡོགས་པའི་གོས་དཀར་དེ་དང་མཉམ་དུ་ན་ཟུག་ཅི་ཡང་མེད་པར་མི་ཡུལ་འདི་ནས་ཞལ་གྱེས་སོང་ཟེར་དུས། ངའི་དྲན་ངོས་སུ་འཆར་བ་ནི་སྤོ་ལགས་དགུང་ལོ་མཐོན་པོ་འདི་འདྲ་བར་བསླེབས་ཡོད་ཀྱང་ཕལ་ཆེར་འཁར་བ་དང་ཁྱིམ་མི་ཚོའི་རོགས་རམ་ལ་བརྟེན་མི་དགོས་པའི་ཚུགས་ཀ་དེ་རེད།
གློ་བུར་གྱི་རྐྱེན་ངན་འདིས་སྤོ་ལགས་ལ་ཞབས་ཕྱི་ཙམ་ཡང་བསྒྲུབ་ཐུབ་མ་སོང་ཨང་བསམས་ནས་འགྱོད་སེམས་བུ་ཡུག་བཞིན་འཚུབ་ཅིང་། མིག་ནང་གི་མཆི་མ་རིམ་བཞིན་སྣ་ཟུར་ནས་པང་ཁའི་སྟེང་དུ་ལྷུང་། ཁ་པར་གྱི་ལམ་ནས་ཨ་མར་ངུ་ངག་གིས། “ད་ནི་ང་ལ་མཆི་མའི་རྒྱང་སྐྱེལ་ཞུ་རྒྱུ་ལས་མཇུག་མཐའི་མཇལ་ཕྲད་ཀྱི་སྐལ་བ་དེའང་སྨིན་མ་བྱུང་།”ཞེས་ཞུས་པས། ཨ་མས། “བུ། སེམས་མ་སྡུག མིག་ཆུ་མ་གཏོང་། ཁོང་ནི་ན་ཚོད་སྨིན་སོང་བའི་མི་རེད། ང་ཚོ་མི་ཡུལ་དུ་དེ་འདྲ་སྡོད་ཐུབ་པའི་བསོད་ནམས་དེའང་ཡོད་མི་སྲིད། དེ་ལས་སྨོན་ལམ་མང་ཙམ་འདེབས།”ཟེར་དུས། ངས་བསམ་གཞིག་གི་སྒོ་མོ་བརྡུངས་ནས་གང་མྱུར་ངང་ལོག་ཡོང་རྒྱུའི་ཁས་ལེན་ཞུས།
ང་རང་མྱུར་བར་མལ་ལས་ལངས་ཏེ་ནམ་རྒྱུན་དགའ་གཏམ་དང་སྐྱོ་གཏམ་གླེང་སའི་གཅེན་པོ་དང་འདྲ་བའི་གྲོགས་པོ་ཁོང་ལ་སྤོ་ལགས་འདས་གྲོངས་སུ་སོང་འདུག་ཅེས་ཞུས་པས། མྱུར་བར་མཆོད་མར་དང་མཁོ་ཆས་རྣམས་ཉོ་བར་འགྲོ་དགོས་ཚུལ་གླེང་ནས་བྲེལ་བྲེལ་འཚུབ་འཚུབ་ངང་མཁོ་ཆས་རྣམས་ཉོས་ནས་ཕ་ཡུལ་ལ་ལོག་པའི་ལམ་ལ་ཆས་པ་ཡིན། ལམ་བར་ནས་ཇི་སྲིད་བརྗེད་པར་དཀའ་བའི་སྤོ་ལགས་ངེད་གཉིས་འགྲོ་སའི་ལམ་དང་བསྡད་སའི་གནས་དག་རེ་རེ་བཞིན་མིག་ལམ་དུ་འཆར་དུས། འདས་དོན་མང་པོ་ཞིག་གོ་རིམ་མེད་པར་དྲན་ནས་སེམས་རྩ་སྨག་གིས་ཟིན་པ་དང་མིག་ཆུ་གྲངས་མེད་མཁུར་གོང་ནས་པང་ཐོག་ཏུ་ལྷུང་འོངས། ལམ་བར་དུ་གཅེན་པོ་དང་འདྲ་བའི་གྲོགས་ཁོང་གིས་ཀྱང་། “ད་ནི་ན་ཚོད་སྨིན་པའི་མི་རེད། སེམས་མ་སྡུག ”ཟེར་དུས། དྲན་གསོ་སློང་མཁན་གྱི་ལམ་ཆུང་འདི་དག་ལ་རེ་ཞིག་སྣང་བ་མ་བཏང་བར་ཁུ་སིམ་མེར་སེམས་ཁོང་ནས་སྨོན་ལམ་ཞིག་འདེབས་ཀྱིན་མུ་མཐུད་ལམ་ལ་བཞུགས།
ཉི་མ་ནུབ་རིར་བཞུད་ལ་ཉེ་བའི་དུས་མཚམས་དེར་ཁྱིམ་དུ་འབྱོར་དུས། ཡུལ་མི་ཚོས་ང་ཁྱིམ་གྱི་སྒོ་འགྲམ་དུ་འབྱོར་བར་ཤེས་ནས་བསུ་བར་བསླེབས་བྱུང་། ཡིན་ནའང་། དེ་དུས་ཡུལ་མི་ཚོའི་བཞིན་ལས་དོགས་མི་བདེ་བའི་འཚེར་སྣང་ལས། འབྲེལ་འདྲིས་ཀྱི་ཁ་བརྡ་བྱེད་མཁན་ཞིག་ཀྱང་མེད་དུས། རང་སེམས་རི་མགོའི་སྨུག་སྤྲིན་བཞིན་འཐིབས་བྱུང་ལ། ཁྱིམ་གྱི་སྐས་ཀའི་སྟེང་དུ་འཛེགས་པའི་ལམ་བུ་ཡང་མ་རྙེད་པའི་སྐྱོ་ངལ་ཞིག་བྱུང་། དེ་བས་གཡབ་སྟེང་དུ་སླེབས་དུས་ནམ་རྒྱུན་ཉི་ཁུག་ཞིག་ན་རྒད་པོ་དབུ་སྐྲ་སྐྱ་ཆིལ་ཆིལ་དུ་བཞུགས་ཀྱིན་པ་ཁོང་ཡལ་སོང་བ་ལྟར་རིག་རྒྱུ་མེད་དུས། གཡབ་སྟེང་ན་འཕྲོ་བའི་ཉི་འོད་འདི་ལའང་འོད་སྣང་མེད་པའི་སྣང་བ་ཞིག་འཆར། གསོལ་ཐབ་ཀྱི་གྲལ་མགོ་ན་སྤོ་ལགས་ཡོད་སྙམ་པའི་འདུ་ཤེས་ཤིག་ཡོད་ཀྱང་དོན་དངོས་སུ་འདས་གྲོང་དུ་སོང་ཚར་བས། ངའི་སྙིང་ཁར་ཙག་ཤད་ལན་མང་བྱས་བྱུང་། ད་དུང་ཡང་ཡིད་མ་ཆེས་པའི་སེམས་གཅོང་ཞིག་གིས་མནར་ནས་སྐྱོ་གདུང་དང་གྲང་སྣང་གི་ཁོག་འདར་ཡང་ཡང་ཤོར། སྤོ་ལགས་གཟིམ་སའི་མལ་ཁང་དུ་ཁོང་ཉིད་ཀྱི་ཤུལ་ལམ་འཚོལ་བར་ཕྱིན་པས། ང་ལ་ཁང་མིག་འདིའི་སྒོ་གླེགས་ཕྱེ་ནས་བྱམས་བརྩེའི་འཛུམ་ཞལ་ལན་གཅིག་ཀྱང་སྟོན་མཁན་མ་བྱུང་བས། སྤོ་ལགས་ཉིད་ཁྱིམ་གྱི་ཁང་མིག་རེ་རེ་བཞིན་བཙལ་ཀྱང་ང་ལ་རྙེད་ཐབས་བྲལ་སོང་བས། འགོག་མི་ཐུབ་པའི་ལས་ངན་དེ་དོན་དངོས་ཡིན་པའི་ཁས་ལེན་མི་བྱེད་ཁ་མེད་ལ་མཐུག་སོང་། མཚམས་དེ་ནས“སྤོ་ལགས”ཞེས་པའི་མིང་དང་མཉམ་དུ་དམ་པ་འདི་ཟེར་བའི་མིང་ཞིག་གསར་དུ་སྣོན་དགོས་དུས། སྤོ་ལགས་ནི་ངའི་དྲན་པའི་སེམས་གཅོང་དུ་གྱུར་ནས། ཁོང་ཉིད་ཞལ་མཇལ་ཐུབ་རྒྱུ་ངའི་སྐལ་བ་དང་ཡོངས་སུ་བྲལ་སོང་། གལ་ཏེ་འདི་ཕྱི་གཉིས་ཀྱི་བར་ཐག་དེ་གྲོང་སྡེ་ཕན་ཚུན་གྱི་བར་ཐག་ལྟ་བུ་ཞིག་ཡིན་ན། ངའི་སྨོན་ལམ་གྱི་མཐོང་རྩེ་ནས་རྣམ་ཤེས་ཀྱི་འཛུམ་ཞལ་ལན་གཅིག་སྟོན་རོགས། ཀྱེ། ང་ཡི་སྤོ་ལགས།
ཨ་མས་གསུངས་པར་བྱས་ན། ནམ་ཟླ་ཧ་ཅང་གྲང་བའི་དགོང་མོ་དེར་སྤོ་བོ་ལགས་ཁོང་བདེ་ཐང་ཡིན་པ་མ་ཟད། ད་དུང་ཁོང་གིས་དྲོད་ལམ་ལམ་གྱི་འཇམ་ཐུག་ཕོར་པ་གཉིས་བཞེས་སོང་ཟེར། དེ་ནས་ཐོ་རེངས་ཆུ་ཚོད་དྲུག་པ་ཙམ་ལ་གློ་ཐེངས་གཉིས་ཙམ་གྲགས་བྱུང་བས། ཨ་མ་བློ་མི་བདེ་བར་སྤོ་ལགས་གཟིམ་སའི་ཁང་ཆུང་དུ་བལྟ་བར་སོང་བས་མི་བདེ་བ་ཅི་ཡང་མེད་པར་ཨ་མའི་པང་དུ་འདས་གྲོང་དུ་སོང་ཟེར། སྐབས་དེར་ངས་བརྗེད་དཀའ་བའི་སྤོ་ལགས་ཉིད་ཀྱི་ཚེ་སྲོག་གི་ཤེལ་གྱི་གོང་བུ་དེ་གས་ཆག་ཧྲུག་ཆག་ཏུ་གྱུར་ཟིན་འདུག་ལ། ཁོང་གི་ཕུང་པོ་མཆོད་ཁང་གི་གྱང་ཟུར་ཞིག་ན་བཞག་འདུག་པས། ངས་ཀྱང་སྐྱོ་གདུང་གི་མིག་ཆུ་ཁོག་ཏུ་མིད་ནས་ཁུ་སིམ་མེར་ཁོང་ཉིད་དག་པ་མཐོ་རིས་ཀྱི་ཡུལ་དུ་སྐྱེ་བའི་སྨོན་ལམ་རེ་འདེབས་དུས། སྐད་ཅིག་དེ་ཉིད་དུ་ཁོང་ཉིད་དྲན་སྣང་ཞིག་སླར་ལུས་ཡོངས་ལ་ཁྱབ་བྱུང་བས། ངས་ད་དུང་ཁོང་ཉིད་བརྗེད་ཐབས་མི་འདུག། སྤོ་ལགས་ཁོང་ཉིད་ཕེབས་ཤུལ་དུ། ང་ལ་བརྗོད་འདོད་པའི་ཁ་ཆེམས་རེ་འཇོག་རྒྱུ་བྱུང་ཡོད་ན། དེ་ནི་ཁོ་བོས་མ་འོངས་པའི་དུས་སུ་ཉམས་སུ་ལེན་བྱེད་ཀྱི་བསླབ་བྱ་གསོན་པོ་དེ་དག་ཡིན་ངེས།
སྤོ་ལགས་ཀྱི་དངོས་མིང་ངས་ཐོག་མར་ཤེས་པ་ནི་ཕལ་ཆེར་ལོ་གསུམ་ཙམ་གྱི་གོང་ལ་ཡིན། གང་ལགས་ཤེ་ན། དུས་རྒྱུན་སྤོ་ལགས་གྲོང་སྡེའི་གཡས་གཡོན་གང་དུ་སོང་ཡང“སྤོ་བློ་མཐུན”ཟེར་བ་ལས། དངོས་མིང་ནས་འབོད་པ་ཕལ་ཆེར་ཐོས་རྒྱུ་མེད་ལ། ནང་མི་ཚོའི་ཁྲོད་ནས་ཀྱང་སྤོ་སྤོ་བློ་མཐུན་ཞེས་འབོད་པ་ལས། སྤོ་སྤོ་དང་དངོས་མིང་འབྲེལ་ནས་འབོད་མཁན་གཅིག་ཀྱང་མེད་པས། ངས་སྤོ་ལགས་ཀྱི་མིང་འདི་དམིགས་བསལ་ཆེ་བའི་མིང་ཚིག་གཅིག་ཡིན་སྣང་འཆར་མྱོང་བ་ལས། དེ་ནི་མིང་འདོགས་ཤིག་ཡིན་པ་གཏན་ནས་མ་ཤེས།
ཚིག་མཛོད་ལས་བློ་མཐུན་ཞེས་པ་འདིར་བསམ་ཡུལ་གཅིག་མཐུན་ཡིན་མཁན་ཞིག་ཏུ་འགྲེལ་འདུག་པས། ང་རང་གཉིད་སད་པ་ནས་དགུས་ནིང་ལོ་མ་ཟིན་ཙམ་བར་དུ། ངས་སྤོ་ལགས་ཀྱི་མིང་འདི་ནི་རླབས་ཆེན་གྱི་མིང་ཞིག་རེད་སྙམ་གྱི་ཡོད་ལ། དགུས་ནིང་ལོ་ཙམ་ལ་ཨ་མར་སྤོ་ལགས་ཀྱི་མིང་ཐོགས་ཚུལ་དེ་དྲིས་པས། ཨ་མས་ཟེར་ན། དེ་ནི་མིང་འདོགས་ཤིག་རེད་ཟེར་བ་ལས་ཨ་མ་ལའང་བློ་མཐུན་ཟེར་བའི་མིང་དེ་ཇི་ལྟར་བྱས་ཏེ་ཐོགས་མིན་ཤོད་རྒྱུ་མི་འདུག ངས་ཀྱང་སྤོ་ལགས་ཁོང་རང་ལ་འདྲི་རྒྱུ་གཏན་ནས་བརྗེད་ཚར་འདུག་པས་རྐྱེན། སྤོ་ལགས་ལ་བློ་མཐུན་ཞེས་པའི་མིང་དེ་ཇི་ལྟར་བྱས་ནས་ཐོགས་མིན་བཤད་རྒྱུ་མེད་པར་ཕངས་སེམས་སྐྱེས། ད་ལྟའི་དུས་སུ་སྤོ་ལགས་ཁོང་འདས་གྲོངས་སུ་སོང་བས་ཁོང་རང་གི་མིང་འདོགས་ཐོགས་ཚུལ་འདིར་ཞིབ་ཉན་རེ་བྱེད་པར་འདོད་ཀྱང་ཕྱིས་དྲགས་སོང་།
བྱིས་པ་དང་བགྲེས་སོང་གཉིས་ཀྱི་སེམས་ཁམས་གཅིག་པ་ཡིན་ཟེར་བ་དེ་ངོ་མ་བདེན་པ་རེད། སྤོ་ལགས་དགུང་ལོ་བརྒྱད་ཅུ་བཞེས་ཚུན་ནས། ཁྱིམ་དུ་མི་སུ་འདྲ་ཞིག་བསླེབས་ཀྱང་རང་ཉིད་ཀྱི་ན་ཚོད་དང་བསྡུར་ན་རང་ཉིད་ནི་གཟུགས་གཞི་ཐང་ཐང་ཡིན་པ་ངོམས་རྒྱུར་ཤིན་ཏུ་ནས་དགའ་པོ་ཡོད་པས། དེ་ནི་སྤོ་ལགས་ཀྱི་ཁོ་བོའི་སྙིང་གི་གཏིང་དང་སེམས་ཀྱི་རུམ་ན་བཞག་པའི་ཆེས་མཇུག་མཐའི་བག་ཆགས་ཞིག་ཡིན། དེ་བས་རང་ཉིད་ཀྱི་སྔར་སོང་གི་བྱ་བར་གཞན་གྱིས་བསྟོད་བསྔགས་རེ་བྱས་ན་སེམས་ལ་དགའ་སྣང་དཔག་མེད་ཡོང་གི་ཡོད་པས། ངས་སྤོ་ལགས་ཀྱི་བྱད་བཞིན་གྱི་རྣམ་འགྱུར་དེ་དག་ལ་དགོད་སྣང་རེ་ཤོར་བཞིན་ཡོད་པས། ད་ནས་རང་ཁྱིམ་དུ་སླེབས་དུས་ཁོ་བོར་དགོད་སྣང་སློང་མཁན་གྱི་སྤོ་ལགས་ཁོང་མེད་པའི་ཕངས་སེམས་ཤིག་ཤོར།
སྤོ་ལགས་ནི་ང་རང་ཆུང་དུས་སུ་ཕ་ཡུལ་གྱི་ནམ་མཁའ་དང་ཉི་ཟླ། རི་བོ་དང་ཆུ་བོ་སོགས་ཀྱི་གཏམ་རྒྱུད་གསུང་མཁན་དང་པོ་དེ་ཡིན་ལ། ཕ་ཡུལ་དེར་ང་ཚོའི་ཁྱིམ་རྒྱུད་ཇི་ལྟར་ཆགས་མིན་སོགས་གསུང་མཁན་ཐོག་མ་དེའང་ཡིན་པས། ཕ་ཡུལ་གྱི་ཆུ་བོའི་ལྷང་ལྷང་འགྱུར་ཁུག་གི་སྒྲ་དབྱངས་ཐོས་འཛིན་གྱི་བཅུད་དུ་སྨིན་ཡོང་དུས། ཁོང་གིས་གསུངས་པའི་ལྷུང་ལྷུང་གི་གནའ་གཏམ་སྙན་མོ་དག་ཡིད་ལ་དྲན་འོངས། ཕ་ཡུལ་གྱི་རི་རྩེ་དག་ནས་ཉི་འོད་གསེར་ལམ་ལམ་དུ་འཕྲོ་བ་མཐོང་དུས། ཁོང་གིས་གསུངས་པའི་གནའ་གཏམ་དྲོན་མོ་དག་གཏན་ནས་བརྗེད་པར་དཀའ་སོང་། དེ་བས་ནུབ་ཁའི་ཉི་ཟེར་འོག་ཁྱིམ་མཚེས་ཚོའི་ཁྱིམ་ནས་དུ་བ་སྔོ་འཕྱུར་འཕྱུར་རེ་མིག་ལམ་དུ་བསྟར་ཡོང་དུས། ཁོང་ཉིད་དྲན་པའི་ན་ཟུག་ཅིག་ད་དུང་བཟོད་པར་དཀའ་བས། ལྷག་བསམ་གྱི་རང་མདངས་གསལ་བའི་མར་མེ་འདི་དག་གིས་ཉིད་ཀྱི་འགྲོ་ལམ་གསལ་བར་སྨོན།
སྤོ་ལགས་ཁོང་ཉིད་ནི་ངའི་རྩོམ་རིག་གི་དགེ་རྒན་ཐོག་མ་དེ་ཡིན་ཟེར་ནའང་མི་ཆོག་པ་མེད་ལ། ང་ལ་རྩོམ་འབྲི་བྱེད་པའི་བག་ཆགས་ཐོག་མ་དེའང་ཁོང་ཉིད་ཀྱིས་གནང་བྱུང་། ང་རང་བརྒྱད་པ་ཁ་ཆག་གི་དུས་ནས་སློབ་གྲྭའི་སྒོ་མོ་འགྲིམ་དུས། ནང་དུ་བསླེབས་རྗེས་སྤོ་ལགས་ཀྱི་ཨམ་ཕྲག་ལས་ལྟེབ་གཉེར་ཡང་ཡང་བྱས་པའི་ཕྱག་དཔེ་རེ་བླངས་ནས་ང་ལ་དེའི་སྟེང་གི་ཡི་གེ་དག་ཀློག་ཏུ་འཇུག་མྱོང་ལ། རིག་གནས་གསར་བརྗེའི་སྐོར་དང་ལྔ་བཅུ་ལྔ་བརྒྱད་ཀྱི་སྐོར་སོགས་མང་དུ་བཤད་མྱོང་བས། ད་ལྟའི་དུས་སུའང་ང་ལ་ཁོང་གིས་གནང་བའི་བག་ཆགས་དེ་འདྲ་ཞིག་ཡོད་པའི་རྐྱེན་གྱིས་སྐབས་ལ་ལར་ངས་དྲག་ཏུ་སྐྱོམས་པའི་སེམས་ཚོར་རེ་རེ་ཡིག་ཐོག་ཏུ་འབེབས་པའི་འདུན་པ་དེའང་ཁོང་ཉིད་ཀྱི་བཀའ་དྲིན་ལས་རྒྱུན་འབྱམས་སུ་གྱུར་སོང་བས། ད་ལྟ་ངས་འདས་གྲོངས་སུ་སོང་བའི་ཁོང་ཉིད་དྲན་ཡོང་དུས། མིག་མཐའ་དང་སེམས་མཐའང་མཆི་མས་ཡང་ཡང་བརླན་པ་མ་ཟད། ངས་ཁོང་ཉིད་ལ་དབང་བའི་རྩོམ་ཡིག་ཅིག་འབྲི་རྒྱུ་ཆད་སོང་བར་དགོངས་འགལ་མེད་པར་ཞུ།
སྤོ་ལགས་ཁོང་ནི་ང་རང་མི་ཡུལ་འདིར་སླེབས་པའི་ནད་གཡོག་ཐོག་མ་དེའང་ཡིན། ང་རང་རྫོང་སློབ་འབྲིང་དུ་ཡོད་པའི་ལོ་ཞིག་ལ། ང་ལས་ལོ་རིམ་མཐོ་བའི་སློབ་ཕྲུག་གཅིག་དང་འཁྲུག་རྩོད་ཤོར་ནས། ང་ལ་རལ་གྲི་རྣོ་ངར་ཅན་ཞིག་བཙུགས་ཏེ་ལུས་ཀྱི་ཟུངས་ཁྲག་ཤོར་ནས་སྨན་ཁང་དུ་ལུས་མྱོང་བས། སྤོ་ལགས་ཁོང་གིས་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་ངལ་བ་གང་ལ་ཡང་མགོ་མི་སྒུར་བར་ནད་ཁང་དུ་ང་རང་བྱམས་ཀྱིས་བསྐྱངས་ཡོད་ལ། ང་རང་འཁྲུག་རྩོད་ཀྱི་རྐྱེན་པས་ནད་ཁང་དུ་དེ་ལྟར་ལུས་ཀྱང་སྤོ་ལགས་ཁོང་གིས་སེམས་ཁོངས་ནས་འཁང་ར་ཙམ་ཡང་བྱེད་མ་མྱོང་། ད་ལྟའི་དུས་སུ་ཕྱིར་དྲན་གྱི་དར་ཆ་གཡུག་གཡུག་རེ་བྱེད་དུས། ཁོང་ཉིད་ཀྱི་བྱམས་བརྩེའི་ཐུགས་ཁུར་ལས་ད་ལྟའི་བདག་གི་བདེ་ཐང་གི་ལུས་ཕུང་འདི་བྱུང་བ་ནམ་ཡང་ཡིད་ལ་བཟུང་ཡོད། ཡིན་ནའང་། ཁོང་ཉིད་ལ་ཁོ་བོས་ནད་གཡོག་ཙམ་ཡང་མི་ཕན་པར་འཇིག་རྟེན་ཕྱི་མའི་ལམ་དུ་ཕེབས་སོང་བས། ངས་ཁོང་ཉིད་ལ་སྨོན་ལམ་དང་མཆོད་འབུལ་བྱེད་རྒྱུ་ཙམ་ལས་མ་འདས། ངའི་ནད་གཡོག་གི་ཐོག་མ་ཁྱེད་ལ་ཞབས་ཕྱི་གཙང་མར་བསྒྲུབ་རྒྱུའི་བསོད་བདེ་དེའང་མི་འདུག་པས། སླར་ཡང་ཁྱེད་ཉིད་ལ་དགོངས་འགལ་མེད་པར་ཞུ།
ང་རང་ནར་སོན་ནས་གཞན་ཡུལ་འགྲིམ་པའི་དུས་སུ། སྤོ་ལགས་ཁོང་གི་མི་དང་བསྟུན་མཁས་དགོས་ཚུལ་མང་པོ་ཞིག་བཤད་མྱོང་ལ། འཚོ་བ་སྐྱེལ་སྟངས་ཀྱི་གོམ་གཤིས་སོགས་ནས་ཞལ་ཏ་མང་པོ་ཞིག་གནང་མྱོང་བས། ངས་ད་ཚོད་དེ་དག་དྲན་དུས་སྤོ་ལགས་ཀྱི་ནང་བསམ་པའི་གཏམ་རྒྱུད་དང་མན་ངག་དག་ཉན་རྒྱུའི་སྐལ་བ་དེའང་ཆད་ནས་འདུག ང་རང་ཁྱིམ་ནས་རྡོག་ཐོན་བྱེད་དུས་ལམ་ལ་གཟབ་དགོས་པ་དང་ལུས་པོར་བདག་གཅེས་བྱེད་དགོས་པ་སོགས་ཀྱི་གཏམ་ཚ་སོབ་སོབ་དེ་དག་ཀྱང་ད་ནས་ཉན་རྒྱུའི་བསོད་བདེ་ཟད་སོང་བས། དྲིན་གྱི་བུ་ལོན་ཆད་པའི་བུ་ཆུང་ངས་ཁོང་ཉིད་ཀྱི་ཐུགས་བློ་མགུ་བའི་བྱ་བ་ཅི་ཡང་བསྒྲུབ་ཐུབ་མ་སོང་བར་སྐྱོ་གདུང་གི་མིག་ཆུ་སེམས་པའི་སྲུབས་ཀ་ནས་ལུད་བྱུང་།
སྤོ་ལགས་ཁོང་གིས་ང་རང་ལ་དུང་དུང་པའི་མཐར། ཞེན་ཞེན་པའི་མཐར་གཤེགས་སོང་བས། ངས་ཁོང་ཉིད་གླེང་གླེང་ཡང་ཞལ་མཇལ་གྱི་སྐལ་བ་དེ་ཟད་སོང་། ཁོང་ཉིད་དྲན་དྲན་ཀྱང་དྲན་གདུང་ལ་རྫོགས་ཐབས་མི་འདུག་པས། ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་འཆར་འོངས་བའི་སྤོ་ལགས། ཚེ་ཕྱི་མའི་འགྲུལ་བཞུད་ཀྱི་ལམ་ཁ་དཀར་ཞིང་གསལ་བར་སྨོན།
སྤོ་ལགས་ཁོང་ཉིད་མི་ཚེའི་འབབ་ཚུགས་བརྒྱད་བཅུ་ལྷག་ཏུ་སོན་ཀྱང་བདག་གི་སེམས་པའི་དྲན་ངོགས་སུ་གཉོར་རྒྱུ་དང་། མིག་ཀོང་ལས་བཞུར་བའི་ཁོང་ཉིད་དྲན་པའི་མཆི་མས་རྒྱང་སྐྱེལ་ཞུ་རྒྱུ་ལས་གང་ཡང་མི་ནུས་པས། ད་ལྟའི་དུས་འདིར་ཁོ་བོའི་བྱང་ཁོག་སྨེང་ཡུས་ཀྱིས་མནར་ཞིང་། སེམས་དབུས་ནས་ཁོང་ཉིད་འཚོ་ཞིང་སྐྱོར་འདོད་ཀྱང་ཕྱི་དྲགས་སོང་། ད་ནས་ཁོང་དང་མཇལ་འཛོམས་ཀྱི་དཔྱིད་དཔལ་གསར་བ་ཞིག་ལ་བསྒུགས་ཀྱང་དེ་ནི་སྟོང་བསམ་ལས་མ་འདས་པས། ན་ཚོད་སྨིན་ནས་བཞུད་སོང་བའི་སྤོ་ལགས་ཁོང་དག་པ་མཐོ་རིས་ཀྱི་ཡུལ་དུ་སྐྱེ་བར་སྨོན།

2022/12/29
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།