སྤྱི་འཁོར་ཨང་གྱ་དྲུག་པ།
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-27 09:13:04
ཀློག་གྲངས།:
སྤྱི་འཁོར་ཨང་གྱ་དྲུག་པའི་ནང་དུ་མི་མང་གི་བཙུར་གཏད་ཀྱིས་དབུགས་ཀྱང་ལེན་མི་ཐུབ་ནའང་། ངས་ཕ་མ་གཉིས་གྲོང་ཁྱེར་དུ་ལོག་ནས་མཉམ་དུ་འཚོ་བ་རོལ་མི་ཐུབ་པའི་དོན་དེར་བསམ་བློ་བཏང་།
སྤྱིར་ན་སློབ་མཐར་ཕྱིན་རྗེས་ད་གཟོད་ཕ་མ་གཉིས་དང་མཉམ་དུ་འཚོ་བ་སྐྱེལ་ཐུབ་སྙམ། ཡིན་ནའང་། སློབ་མཐར་ཕྱིན་ནས་ལོ་ངོ་ལྔ་ཙམ་འདས་སོང་། ཕ་མ་གཉིས་ཕ་ཡུལ་དུ་ལྷག་ཅིང་ང་རང་རྒྱུས་མེད་ཀྱི་གྲོང་ཁྱེར་འདི་རུ་ལྷག གྲོང་ཁྱེར་འདི་རུ་ལོ་ངོ་ལྔ་ཙམ་ལ་བསྡད་པའི་ཡུན་ལ་ཕ་མ་གཉིས་ལ་བསྐོར་བ་ཞིག་བྱེད་དུ་འགྲོ་བའི་དུས་ཚོད་ཀྱང་མི་འདུག ཐ་ན། ལོ་སར་སྐབས་སུའང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕྱིར་ཡོང་དགོས། འཚོ་བ་ནི་འདི་འདྲ་ཞིག་ཡིན་ནམ། གནམ་འོག་གི་ཕ་མ་བུ་ཕྲུག་ཡོད་ཚད་ཀྱང་འདི་ལྟར་རང་རང་ས་ན་ཁེར་རྐྱང་གི་འཁྲེང་སེམས་ཀྱིས་མནར་བཞིན་འཚོ་བ་ཡིན་ནམ།
ཕ་མས་ངའི་ཆེད་དུ་ལུས་སེམས་ཀྱི་དཀའ་སྡུག་ཚད་མེད་མྱངས་ཏེ་ང་རང་སློབ་མཐར་ཕྱིན་ཏུ་བཅུག འོན་ཀྱང་། ང་རང་སློབ་མཐར་ཕྱིན་རྗེས་སུ། གྲོང་ཁྱེར་འདི་རུ་གཞུང་ཞབས་པའི་ལས་གནས་སུ་ཞུགས་ཤིང་། གཞན་དོན་ནམ་གཞུང་དོན་ལ་དུས་ཆག་མེད་དུ་ལས་ཀ་མང་པོ་བྱས་ཀྱང་། ང་ལ་ཐོབ་པ་ནི་ཟླ་མཇུག་གི་སྒོར་སྟོང་ཕྲག་འགའ་རེད། ངས་ཕ་མ་ལ་སྟེར་ཐུབ་པའང་འཚོ་བའི་གྲོན་དངུལ་འགའ་སྐུར་རྒྱུ་དང་ཁ་པར་ནང་གི་ཁ་བཟང་ཙམ་བཤད་ཐུབ་པ་དེ་ཙམ་རེད། ཕ་མའི་སེམས་ནི་ཆེ་བར་བྱས་ན་ཧ་ཅང་ཆེ་ལ་ཆུང་བར་བྱས་ན་ཧ་ཅང་ཆུང་། ཐ་ན། ངས་གྲོན་དངུལ་རྡོག་ཙམ་བསྐུར་བ་དང་འཚམ་འདྲི་ཐེངས་ཤིག་བྱས་པས་ཀྱང་སེམས་པ་ཤིན་ཏུ་སྤྲོ་བཞིན་གདའ།
ལོ་སྔོན་མར། ངས་ཟླ་རེར་ཟླ་ཕོག་གི་ཕྱེད་ཀ་བྱིན་ནས་ཁང་བ་ཞིག་ཉོས། སྨི་གྲུ་བཞི་མ་དགུ་བཅུ་ལྷག་ལས་མེད་པའི་ཁང་བ་འདི་རུ་ཉལ་ཁང་གཉིས་དང་ཇ་ཁང་གཅིག ཁྲུས་ཁང་ཞིག འགྲུལ་ཁང་གཅིག་ལས་མི་འདུག སྟོན་ཟླ་འགོ་མའི་ཚེས་གསུམ་ལ་ང་རང་ཁང་བ་འདི་རུ་སྤར། ཉིན་དེར་ཕ་མ་གཉིས་ཀྱང་རེས་འཁོར་ལ་བསྡད་དེ་འདིར་ཡོང་ནས་ང་ལ་ཅ་ལག་འགའ་ཉོ་རོགས་བྱས་ཏེ་ཉིན་འགའ་ལ་བསྡད། ཉིན་དེ་དག་གི་རིང་ལའང་ཕ་མ་གཉིས་ཕྱིར་འགྲོ་བར་ཧ་ཅང་བྲེལ་གྱིན་འདུག ཉིན་གསུམ་པའི་ཉིན་གུང་ཙམ་ལ་ངས་ཁོ་གཉིས་ཕྱིར་རླངས་འཁོར་འབབ་ཚུགས་སུ་བསྐྱལ། ཁོ་གཉིས་འགྲོ་ཁར་ཨ་ཕས་ང་ལ“ཁྱིམ་ན་མཆོད་ཁང་ཞིག་ངེས་པར་དུ་དགོས་པ་རེད”ཟེར། ཨ་མས་ཀྱང་ཨ་ཕའི་ཚིག་དེ་ལ་བདེན་པའི་ཁ་སྣོན་རེ་རྒྱབ།
“མཆོད་ཁང་འུ་ཚང་གི་ཡུལ་ནའང་ཡོད་པ་མིན་ནམ” ངས་ཨ་ཕར་དེ་ལྟར་ལན་བཏབ་པ་ན།
ཨ་ཕ་ཁ་ཕྱིར་འཁོར་ཏེ“ཁྱིམ་གཞིས་གང་ན་ཡོད་ན་དེ་རུ་མཆོད་ཁང་དགོས་པ་རེད། ཁྱོད་འདི་རུ་གཞིས་ཆགས་པ་མིན་ནམ”ཟེར།
“འོ་ཡ།”
ངས་ལམ་བར་ནས་ཨ་ཕའི་སྐད་ཆ་དེར་བསམ་བློ་བཏང་། ང་དངོས་གནས་གྲོང་ཁྱེར་འདི་རུ་གཞིས་ཆགས་པ་ཡིན་ནམ། ལོ་ངོ་ལྔ་ཙམ་འདས་སོང་། ཡིན་ནའང་། ངས་གཏན་ནས་གཞིས་ཆགས་པ་ཞེས་པར་བསམ་བློ་གཏོང་མ་མྱོང་། གནས་སྐབས་ཀྱི་འཚོ་བ་ཙམ་ལ་འདང་རྒྱབ་ནས་ཡོང་བ་ལས། ཚེ་གང་བོར་རྒྱུས་མེད་ཀྱི་གྲོང་ཁྱེར་འདི་རུ་ལྷག་འགྲོ་བའི་གྲ་སྒྲིག་ཅི་ཡང་མེད་ལ། གང་བྱུང་དུ་ཁང་བ་ཞིག་ཉོས་པ་དེའང་འཕར་ཚོང་ཙམ་ལ་འདང་རྒྱབ་པ་ལས། གཏན་དུ་གཞིས་ཆགས་པར་དམིགས་པ་ཡེ་ནས་མིན།
དེ་ལྟར། ང་རང་ཕྱིར་ལོག་ནས་ཁང་བའི་ནང་དུ་ཞིབ་ལྟ་ཞིག་བྱས་པ་ན། ཉལ་ཁང་གཉིས་དང་འགྲུལ་ཁང་གཅིག་ཏུ་མཆོད་ཁང་གི་ས་ལྷག་ཅིག་གང་ན་ཡོད་ཨང་། དེ་ནས་ཡར་ལྟ་མར་ལྟ་བྱས་བྱས་མཐར་ཉི་ཁྱམས་སུ་ས་མིག་ཅུང་ཙམ་འདུག ཕྱི་ཉིན་ཤིང་བཟོ་ཞིག་ཁྲིད་ཡོང་སྟེ། ཉི་ཁྱམས་ཀྱི་ལོག་གཉིས་སུ་མཆོད་སྒམ་ཆུང་ཆུང་རེ་ལས་ཏེ་གཙོ་སྐུ་འགའ་བཤམས་ཤིང་། སྟེང་དུ་ཏང་འཕགས་སྐལ་གསུམ་གྱི་དཔེ་ཆ་སྣ་རིང་གསུམ་བླུས་ཡོང་སྟེ་བཞག གཤམ་གྱི་ཆ་སྟེགས་སུ་མཆོད་པ་བདུན་ཚར་ཞིག་བཤམས་ཤིང་དཀྱིལ་དུ་མཆོད་མེ་རྐོང་བུ་གཅིག་ཀྱང་སྒྲོན་ཏེ་བཞག དེ་ནས་ངས་ཨ་ཕ་ལ་པར་འགའ་བསྐུར། ཡུན་ཙམ་གྱི་རྗེས་སུ་ཨ་ཕས་ཕྱིར་མཐེབ་རྒན་ཞིག་བསྐུར་ཡོང་ལ། ཡང་ཡུན་ཙམ་གྱི་རྗེས་ལ་ལག་ཟུང་སྙིམ་པར་སྦྱར་བ་ཞིག་ཀྱང་བསྐུར་བྱུང་། དེ་ནས་ངས་ལུས་ངག་ཡིད་གསུམ་ཕུལ་ནས་ཡར་མཆོད་སྒམ་ལ་ཕྱག་གསུམ་འཚལ། ཕྱག་དེ་གསུམ་ནི་ངས་ཕལ་ཆེར་ལོ་ངོ་བཅུ་ཕྲག་ལྷག་གི་ནང་དུ་ཐེངས་གཅིག་ལ་ཐོད་པ་ས་ལ་བཙུགས་པ་ཡིན་ལས་ཆེ།
ཡིན་ནའང་། དེའི་རྗེས་སུ་ང་རང་སྔ་མོར་ལངས་ནས་ལས་ཞུགས་ལ་སོང་ཞིང་། ཕྱི་དྲོར་ལས་ཚོགས་གྲོལ་ན་ཕྱི་ལ་འཁྱམ་ནས་ནམ་གུང་མ་གཏོགས་ཁྱིམ་ལ་ཡོང་གི་མེད་པས། དེ་ནས་བཟུང་། ངས་མཆོད་པ་དེར་ཐེངས་གཅིག་ཀྱང་རེག་མ་མྱོང་ལ། ཐ་ན་ཕྱག་གཅིག་ཀྱང་འཚལ་མ་མྱོང་བར་ཡུན་རིང་ཞིག་འགོར་བའི་དགུན་ཁ་དེར། ཕ་མ་གཉིས་ཀྱིས་དགུན་ཤ་བཅོས་ཏེ་ང་ལ་ཤ་སྐལ་ཁྱེར་ནས་གྲོང་ཁྱེར་དུ་བསླེབས། ཁོ་གཉིས་ཁྱིམ་དུ་འབྱོར་མ་ཐག་ཨ་ཕས་དེ་མུར་ཉི་ཁྱམས་ཀྱི་མཆོད་སྒམ་ལ་བལྟས་ཏེ། “ཁྱོད་ཀྱི་མཆོད་སྒམ་ཡག་ཀྱང་མཆོད་ཆུ་རུལ་འདུག”ཟེར། ངས་ཅི་ཡང་མ་གོ་ཁུལ་གྱིས་ཇ་ཁང་དུ་ཟ་མ་གཡོ་དུས། ཨ་མས་མཆོད་ཆུ་མར་འཕོས་རྗེས་མཆོད་རྐོང་འབྱིད་བཞིན་འདུག
ངེད་ཚོས་མཉམ་དུ་ཕ་ཡུལ་ནས་ཁྱེར་ཡོང་བའི་སྐམ་ཤ་ཟ་ཞོར་ཕྱོགས་ཡར་མར་གྱི་ཁ་བརྡ་མང་པོ་བྱས། ཉིན་དེར་ང་ལ་གཞན་དང་མི་མཚུངས་པའི་སྐྱིད་སྣང་ཞིག་བྱུང་ཞིང་། ཕ་མ་ལྷན་འཛོམས་ཀྱི་དུས་སྐབས་འདི་རྟག་ཏུ་ཡོད་ན་ཅི་འདྲའི་དགའ་བ་ལའང་སྙམ། ཡིན་ནའང་། ཁོ་གཉིས་ཕྱི་ཉིན་ཡང་ཕྱིར་འགྲོ་དགོས་ཟེར་བས། ངས་དུས་ཚོད་སྐར་ཆ་རེ་རེར་དམ་འཛིན་དང་གཅེས་སྐྱོང་མཛད་ཅིང་། ཕྱི་དྲོ་ཞིག་དང་མཚན་མོ་གཅིག་གི་དུས་ཚོད་ཧྲིལ་བོར་སྒོ་ཕྱིར་ལ་ཐེངས་གཅིག་ཀྱང་མ་སོང་བར་ཁོ་གཉིས་དང་མཉམ་དུ་བསྡད། ཕ་མ་གཉིས་དང་མཉམ་དུ་བསྡད་པའི་མཚན་མོ་དེར་ང་རང་དངོས་གནས་སྐྱིད་སོང་། ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཀྱི་ཚོར་བ་དེའང་དངོས་སུ་མྱོང་ཐུབ་ཅིང་། ཁེར་རྐྱང་དང་ལྷན་འཛོམས་ཀྱི་བར་ཐག་ཀྱང་གཞི་ནས་མཐོང་སོང་།
ནམ་གསལ་ཏེ་ཉི་མ་ཤར་བྱུང་། ངས་ཁོ་གཉིས་བསྐྱལ་ཏེ་འབབ་ཚུགས་སུ་སོང་། ལམ་བར་དུ་ངས་ཕ་མ་གཉིས་ལ“རྗེས་མར་ཡོང་ན་ཅུང་ཙམ་ཡུན་རིང་ལ་འདུག་རྒྱུ་བྱས་ཤོག ང་འདི་རུ་ཡོད་པས་ཁྱོད་གཉིས་ཀྱང་འདི་རུ་བསྡད་ན་ཡག་པོ་རེད། དེ་མིན། ང་ཚོ་རང་རང་ས་ནས་བསྡད་ན། ངས་ཁྱོད་གཉིས་ལ་ཕན་ཅི་ཡང་མི་ཐོགས་པས། འདི་རུ་བསྡད་ན་ཁྱོད་གཉིས་ཡུན་གྱིས་ལོབས་ངེས་པ་རེད”ཅེས་བཤད།
ཨ་ཕས་འདང་ཞིག་རྒྱབ་རྗེས“ངེད་གཉིས་ཡོང་རྒྱུ་ཧ་ཅང་སླ་མོ་རེད། འོན་ཀྱང་། ངེད་གཉིས་གྲོང་ཁྱེར་འདི་རུ་བུད་ཡོང་ན་ཤུལ་དུ་བསང་ཆད་འགྲོ་བ་རེད། གྲོང་ཁྱེར་འདི་རུ་ཉིན་རྒྱུན་ནངས་དགོང་ལ་བསང་ཇི་ལྟར་ཕུད”ཟེར། ངས་དེ་ལ་ལན་ཅི་ཡང་མ་རྙེད།
ཨ་མས“ཤ་ཉེ་ཞིག་ཀྱང་མེད་པའི་གྲོང་ཁྱེར་འདི་རུ། ངེད་གཉིས་འཕྱི་བ་ཁུང་བུར་འཛུལ་བ་ལྟར་བསྡད་ན་ནམ་ཞིག་སུན་ནས་ཤི་མི་འགྲོའམ”ཟེར། དེ་ལའང་ངས་ལན་ཅི་ཡང་མ་རྙེད། ཁོ་གཉིས་རེས་འཁོར་ལ་བསྡད་ནས་ཕྱིར་ཕ་ཡུལ་དུ་བུད་སོང་། ང་རང་སྤྱི་འཁོར་ཨང་གྱ་དྲུག་པར་བསྡད་ནས་ལས་ཁུངས་ཀྱི་ཕྱོགས་སུ་སོང་། གང་ལྟར། ད་ལྟ་ཕ་མ་བུ་ཕྲུག་ལྷན་དུ་འཛོམས་པའི་འཚོ་བ་ཞིག་ཤིན་ཏུ་དཀའ་བར་གདའ།
དེའི་རྗེས་ཀྱི་ཉིན་འགའ་ལ་ང་རང་བསྟུད་མར་ཞག་མ་གསུམ་བཞི་ཙམ་ལ་གཏན་ནས་གཉིད་མ་ཁུག་པས། ངས་ཨ་ཕ་ལ་ཁ་པར་བཏང་སྟེ་དོན་དེ་བཤད། ཨ་ཕས“ཨ་ལགས་ཚང་ལ་ཕྱག་མོ་ཞིག་གཟིགས་རྗེས་བཤད་ཡོང”ཟེར། ཕྱི་དྲོ་ཙམ་ལ་ཨ་ཕས་སྐད་འཕྲིན་ལས་སྐད་བཞག་སྟེ“ཁྱིམ་ནས་འདོན་དགོས་པའི་རིམ་གྲོ་འགའ་ཡོད་པས། ཉིན་འགའི་རྗེས་ནས་ངས་གྲྭ་བ་འགའ་ཁྲིད་དེ་མར་ཡོང”ཟེར།
ཉིན་འགའི་རྗེས་སུ། ཕ་མ་གཉིས་ཀྱིས་གྲྭ་བ་གཉིས་ཁྲིད་ནས་སླར་ཡང་ང་འདུག་སའི་གྲོང་ཁྱེར་འདིར་འབྱོར་བྱུང་། ཁྱིམ་དུ་ལོག་མ་ཐག་གྲྭ་བ་གཉིས་ཀྱིས“རྩམ་པ་ཁྱེར་ཤོག་དང་གཏོར་མ་བཅའ་རྒྱུ་འདུག”ཟེར་བས། མི་རྐྱང་ཞིག་གི་རྩམ་སྒམ་ལས་གཏོར་མ་བཅའ་སྤྱད་ཀྱི་རྩམ་པ་ཞིག་གང་ན་ཡོད་ཨང་། དེ་བས། ང་རང་མྱུར་དུ་སྤྱི་འཁོར་ཨང་གྱ་དྲུག་པར་བསྡད་ནས་བོད་ཁྲོམ་དུ་གཏོར་རྩམ་ཉོ་རུ་བྱིན།
ཕྱིར་འབྱོར་དུས་ཁོ་ཚོས་ཕལ་ཆེར་གྲ་སྒྲིག་བྱས་ཚར་ལ་ཉེ་མོད། གཏོར་མ་འགའ་བཅའ་དགོས་པས་རྩམ་པར་བསྒུགས་འདུག ངས་ཀ་ཏོ་ར་གཙང་མ་ཞིག་ཏུ་རྩམ་པ་དཀར་ཡོལ་གསུམ་བླུགས་ནས་གྲྭ་བ་གཞོན་པ་དགེ་འཕེལ་ལ་བྱིན། ཁོས་མར་དང་ཆུ་ཚའི་ནང་དུ་བརྫིས་ནས་གཏོར་མ་འགའ་བཅོས་ཏེ་ཡར་མཆོད་མདུན་ལ་བཞག་སྟེ། ད་གཟོད་ཁོ་གཉིས་ཀྱིས་འདོན་འགོ་བརྩམས་བྱུང་།
ཕྱི་དྲོའི་དུས་ཚོད་དྲུག་ཙམ་གྱི་གཡས་གཡོན་ཞིག་ལ། གྲྭ་བ་རྒན་པ་ཨ་ཁུ་ཤེར་ཕྱིན་གྱིས་སྡེར་མའི་ནང་གི་གཏོར་མ་དེ་དག་ངའི་ལག་ཏུ་བཞག་སྟེ“ནུབ་བྱང་མཚམས་གྱི་ས་གཙང་ས་ཞིག་ཏུ་འཕོངས་ཤོག”ཟེར། ངས་གཏོར་མ་དེ་ཤོག་སྒམ་ཞིག་ཏུ་བཅུག་ནས་སྤྱི་འཁོར་ལ་བསྡད་དེ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་སོང་། སོང་སོང་མཐར་གྲོང་ཁྱེར་གྱི་མཐའི་སྤྱི་གླིང་ཞིག་ཏུ་སླེབས་བྱུང་། ཉི་མ་ནུབ་རིའི་ཕག་ལ་དལ་གྱིས་ཡལ་བཞིན་འདུག ངས་གཏོར་སྒམ་དེ་སེམས་ཆུང་གིས་ཁྱེར་ནས་སྤྱི་གླིང་དེའི་སྡོང་རྩ་ཞིག་ཏུ་བཞག ཕྱིར་ཡོང་ནས་སྤྱི་འཁོར་ལ་སྒུག་ནས་ཅུང་ཙམ་འགོར་རྗེས་སྤྱི་འཁོར་ཨང་གྱ་དྲུག་པ་སླེབས་སོང་། ང་ནང་ལ་བུད་དེ་སྒེའུ་ཁུང་ལས་ཕྱི་ལ་ལྟ་དུས། ངའི་འཕངས་པའི་གཏོར་སྒམ་དེ་སྤྱི་གླིང་གཙང་སྦྲ་བྱེད་མཁན་གྱི་བགྲེས་མོ་ཞིག་གིས་ཁྱེར་ཡོང་ནས་ལམ་འགྲམ་གྱི་གད་སྙིགས་སྒམ་དུ་གཡུགས་སོང་།
མུན་རུབ་སོང་། ང་ཕྱིར་ཁྱིམ་དུ་འབྱོར་རྗེས། ཁོ་ཚོས་ནུབ་ཇ་འཐུང་བཞིན་འདུག ཨ་ཁུ་ཤེར་ཕྱིན་གྱིས“འཕེན་ས་ཞིག་ཨེ་རྙེད་ཐལ”ཟེར། ངས“རྙེད་ཐལ། གྲོང་མཐའི་སྤྱི་གླིང་ཞིག་ཏུ་འཕངས་ཟིན”ཞེས་བཤད།
ནུབ་ཇ་འཐུང་ཚར་རྗེས། གྲྭ་བ་གཉིས་ཀྱིས“དེ་དགོང་གཅོད་ཚར་འགའ་བཏོན་ན་བཟང་བས། ཁང་བརྩེགས་འགབ་ཀྱི་ར་བསྐོར་ནང་གསུར་སྟེགས་ཤིག་ལས་ཏེ་ཚ་གསུར་གཏོང་དགོས། མཐོ་མི་ཉན་དམའ་མོ་ཞིག་ལས”ཟེར། དེ་ནས་ཨ་ཕ་ངེད་གཉིས་ཀྱིས་སྒོ་རྟགས་གསུམ་པའི་ཁ་གཏད་ཀྱི་མེ་ཏོག་ར་བ་དེའི་འགྲམ་དུ་གསུར་འཕུད་ས་ཆུང་ཆུང་ཞིག་ལས་ནས་སྟེང་ལ་ཕ་ཡུལ་ནས་ཁྱེར་ཡོང་བའི་ཨོང་བ་རྡོག་ཙམ་དེ་སྤུང་། ཕྱིར་ཁྱིམ་ལ་སོང་དུས་གྲྭ་བ་གཉིས་ཀྱིས་གཅོད་ཌར་འཁྲོལ་གྱིན་འདོན་འགོ་བརྩམས་སོང་། ཕ་མ་གཉིས་དང་ངེད་གསུམ་ཞོལ་ནས་ཙོག་སྟེ་ཅུང་ཙམ་འགོར་བའི་རྗེས་ལ་མི་ཞིག་གིས་ཁང་བའི་སྒོ་རྡུང་བྱུང་། ང་མྱུར་མོར་སོང་ནས་སྒོ་ཕྱེས་པ་ན། གཡང་ཇ་ཚོ་བའི་བདེ་སྲུང་མི་སྣ་གཉིས་ཐོན་འདུག “ཁྱེད་ཚང་གིས་ནམ་གུང་ཞིག་ལ་རྔ་རྡུང་ནས་ཅི་ཞིག་བྱེད་གྱིན་ཡོད། ཁྱིམ་ཚང་གཞན་གྱི་ངལ་གསོ་ལ་བར་ཆད་གཏོང་མི་ཆོག”ཟེར། ངས“རིམ་གྲོ་ཞིག་སྒྲུབ་ཀྱིན་ཡོད་པས་མྱུར་མོར་ཚར་འགྲོ”ཞེས་རྒྱུ་མཚན་དང་གསལ་བཤད་སྟབས་བདེ་ཞིག་བཤད་ནས་ཕྱིར་འགྲོ་རུ་བཅུག
མཚན་མོ་དེའི་ནམ་གུང་དུས་ཚོད་བཅུ་གཉིས་ཙམ་ལ། ངེད་ཚོས་འགབ་ཀྱི་གསུར་སྟེགས་ཆུང་ཆུང་དེ་ལས་ཚ་གསུར་ཕུད་རྗེས། ཕྱིར་ཡོང་སྟེ་ངལ་གསོ་བྱས། རིམ་གྲོ་དེ་དག་བསྒྲུབས་པས་ཡིན་ནམ། ཕ་མ་གཉིས་དང་འཛོམས་པས་ཡིན་མིན་ཅི་ཆ། གང་ལྟར། མཚན་མོར་དེར་ང་རང་གཉིད་ཀྱི་བདེ་བའི་གཏིང་རིམ་ལ་བྱིངས་སོང་།
ཕྱི་ཉིན་ཞོགས་པར། ངེད་ཚོས་མཉམ་དུ་ཕ་ཡུལ་ནས་ཁྱེར་ཡོང་བའི་འོ་མའི་མངར་ཇ་ལ་རོལ་རྗེས། ངས་ཁོ་ཚོ་བསྐྱལ་ནས་རླངས་འཁོར་འབབ་ཚུགས་སུ་བྱིན། ཁོ་ཚོ་ཕ་ཡུལ་ལ་ཆས་སོང་། ཕ་མ་གཉིས་ད་དུང་ཉིན་འགའ་ལ་བསྡད་ན་བསམ་ཡང་། ཁོ་གཉིས་ཀྱང་ཕྱིར་ཕ་ཡུལ་འབའ་ཐང་ལ་ཕེབས་སོང་། ང་རང་སྤྱི་འཁོར་ཨང་གྱ་དྲུག་པར་བསྡད་ནས་ཕྱིར་ལས་ཁུངས་སུ་སོང་། ཕྱི་དྲོར་ལས་ཚོགས་གྲོལ་ནས་ཁྱིམ་དུ་འབྱོར་བའི་ཡུན་ཙམ་གྱི་རྗེས་ལ། མི་ཞིག་གིས་ཁ་པར་ཡོང་སྟེ“ཁྱོད་རང་ཁང་བརྩེགས་ཨང་ཉེར་གསུམ་གྱི་ཁང་སྒོ་ཨང་རྟགས་གསུམ་པའི་གསུམ་ཐིག་དགུའི་ཁང་མི་ཨེ་ཡིན”ཟེར། ངས“ཡིན”ཞེས་ལན་བཏབ་མ་ཐག “ཁྱོད་རང་ཤར་སྒོའི་བདེ་སྲུང་གཞུང་སྒྲུང་ཁང་ལ་ལན་ཅིག་ཡོང་རོགས”ཟེར།
ང་རང་གཡང་ཇ་ཚོ་བའི་ཤར་སྒོའི་བདེ་སྲུང་ཁང་ལ་སོང་དུས། བདེ་སྲུང་བས“མདང་ནུབ་སྒོ་ཨང་གསུམ་པའི་ཁ་གཏད་ཀྱི་མེ་ཏོག་ལྡུམ་རའི་འགྲམ་གྱི་རྩམ་པའི་མེ་ཕུང་དེ་ཁྱེད་ཚང་གིས་སྒྲོན་པ་ཡིན་ནམ”ཟེར། ངས“ཡིན”ཞེས་ལན་བཏབ་པ་ན། “གྲོང་ཁྱེར་བདེ་སྲུང་བཅའ་ཁྲིམས་ལྟར་ན་དོན་འདི་ལྟ་བུ་མེ་སྐྱོན་འབྱུང་བའི་ཉེན་ཁ་ཆེ་བས། ད་ནས་བཟུང་གཏན་ནས་དོན་འདི་འདྲ་བྱས་མི་ཆོག ཕྱིར་སོང་ནས་གཙང་སྦྲ་ཡག་པོ་བྱོས”ཟེར།
ང་ཕྱིར་ཡོང་ནས་མདང་ནུབ་ལས་པའི་ས་སྤུང་གི་གསུར་སྟེགས་ཆུང་ངུ་དེ་བཤིག་ནས་ཤུལ་མེད་དུ་བྱས། མཚན་མོ་དེ་ནས་བཟུང་། ང་རང་ཡང་བསྐྱར་གཉིད་མི་ཁུག་པར་གྱུར།
དེ་ལྟར། ཕ་མ་གཉིས་སྔར་བཞིན་ཕ་ཡུལ་དུ་ཡོད་ལ། ང་རང་རྟག་པར་གྲོང་ཁྱེར་འདི་རུ་ལྷག་སོང་།

ཕྱི་ལོ༢༠༢༡ལོའི་ཟླ༧པའི་ཚེས༢༦མཚན་མོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།