༄༅། །ཕ་མའི་དྲིན་ལན་དྲན་པ། གཅོད་པ་དོན་གྲུབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-09 09:22:08
ཀློག་གྲངས།:
༄༅། །ཕ་མའི་དྲིན་ལན་དྲན་པ་ལྷག་བསམ་དྲི་ཟའི་རོལ་མོ།
གཅོད་པ་དོན་གྲུབ།
རབ་ཡངས་མི་རྟག་འཇིག་རྟེན་ཁམས་འདི་རུ། །
རབ་ཏུ་ལྕི་བའི་དྲིན་ཅན་ཡོད་མོད་ཀྱང་། །
རབ་ལེགས་དལ་འབྱོར་ཚང་བའི་རིན་ཆེན་ལུས། །
རབ་གནང་ཕ་མའི་དྲིན་ལ་འགྲན་ཟླས་དབེན། །
བརྩེ་ལྡན་མ་ཡི་ལུས་ཀྱི་ཁང་བཟང་དུ། །
ཞུགས་པའི་ཕྲུ་གུ་ནོར་བུ་སྟོང་གི་ཁུར། །
ཟླ་དགུ་ཞག་བཅུར་མངལ་གྱིས་བསྐྱངས་པའི་འབྲས། །
མི་ལུས་རིན་ཆེན་འཇིག་རྟེན་འདི་རུ་སྨིན། །
འདབ་ཆགས་བྱ་མོའི་གཤོག་རླབས་ཡངས་པ་ཡིས། །
བགྲང་ཡས་བྱ་ཕྲུག་ཁྱུ་ཁྱུ་སྙོར་བ་བཞིན། །
དྲིན་ཅན་མ་ཡི་བྱམས་ལྡན་འོ་བཅུད་ཀྱིས། །
བུ་ཕྲུག་རེ་རེ་བསྐྱངས་ནས་ཁོ་ལག་རྒྱས། །
བསམ་མེད་བྱིས་པའི་ཁ་ལུད་སྣབས་ལུད་དག །
མི་གཙང་རྣག་བཞིན་མཚམས་མེད་བཞུར་བ་ཡང་། །
བྱམས་ལྡན་ཕ་མར་འཛེམ་བག་གང་ན་ཡོད། །
བུ་ཆུང་ན་བར་དོགས་ནས་ཁ་ཡིས་འཇིབ། །
གྲང་ངར་སྟོང་གིས་ལུས་ལ་རབ་གཙེས་ཏེ། །
བྱིས་པའི་ཕུང་བོ་རྡོ་བཞིན་འཁྱག་པའི་སྐབས། །
དྲིན་ལྡན་ཕ་མས་རང་གི་བྲང་ཁ་རུ། །
ལེགས་པར་སྦྱར་ཏེ་དྲོད་ཀྱིས་བསྲོས་པ་མཚར། །
ཞོ་འཐུང་བྱིས་པའི་སྐད་བརྡ་མི་འཕྲོད་དུས། །
ཚིག་འབྲུ་རེ་རེ་བསླབས་ནས་སྐད་ཆ་ཤེས། །
ཕན་ཚུན་འགྲོ་འོང་རང་ཚུགས་མི་ཐུབ་དུས། །
བརྩེ་ལྡན་ལག་པས་ཁྲིད་ནས་འགྲོ་ལམ་འཁྲིད། །
གང་དུ་ཞིམ་མངར་ཟས་ལ་འཕྲད་པའི་ཉིན། །
ཐོག་མར་རང་གིས་མ་ཟས་བྱིས་པར་སྦྱིན། །
གང་དུ་ཡིད་འོང་ནོམ་པ་མཐོང་བས་ན། །
ཕ་མས་མ་གྱོན་བྱིས་པའི་ལུས་སུ་བརྒྱན། །
ཅོལ་ཆུང་བུས་པ་གམ་དུ་གནས་པའི་དུས། །
བརྩེ་བའི་མིག་གིས་ལྷོད་མེད་འཚོ་བ་དང་། །
གཞོན་ཤ་དར་ནས་རྒྱང་རིང་ཆས་པའི་ཉིན། །
རིས་མེད་སེམས་ཀྱིས་མཚམས་མེད་འཚོས་འདི་རྨད། །
གཅེས་ཕྲུག་བུ་ཡི་ལུས་ལ་ནད་ཀྱི་ཞགས། །
དབང་མེད་ཐེབས་པའི་ཉིན་ལ་ཕ་མ་རྣམས། །
མི་བཟད་དུག་མདའ་ཕོག་ལྟར་འཚབ་འཚུབ་ཀྱིས། །
བཟོད་གླགས་མེད་པར་རྒྱུགས་ནས་སྨན་གསོ་མཛད། །
བཀའ་དྲིན་མཁའ་ལས་ཡངས་པའི་ཕ་མ་ཚོས། །
རང་གི་བུ་རྣམས་ཚེ་རིང་ནད་མེད་སླད། །
དགོན་པར་ཆས་ནས་ཚེ་བརྟན་སྐྱབས་འཇུག་ཞུས། །
བླ་མར་མཇལ་ནས་སྲུང་འཁོར་ཕྱག་མདུད་བླངས། །
དེ་མིན་བུ་ཡི་བསམ་དོན་འགྲུབ་པའི་ཕྱིར། །
དང་པོ་དབུས་གཙང་ཡུལ་ལ་ཕྱག་མཇལ་གནང་། །
བར་དུ་རྒྱ་ནག་ཡུལ་ལ་ལྟ་སྐོར་ཆས། །
མཐའ་མར་བཀྲ་ཤིས་སྨོན་འདུན་འཛད་མེད་ཞུས། །
ནམ་ཞིག་ཕ་མར་ལས་རོགས་ཐུབ་པའི་དུས། །
རང་གིས་དཀའ་བ་སྟོང་ཕྲག་མྱངས་ན་ཡང་། །
རིམ་གྱིས་ཆུང་འབྲིང་ཆེ་གསུམ་སློབ་གྲྭ་རུ། །
བསྐྱལ་ཏེ་རིག་པའི་གནས་ལ་སྦྱངས་པར་བཅུག །
གཞོན་གྱི་ལང་ཚོ་དར་ལ་བབ་པའི་ཚེ། །
བྱིས་པར་ཚེ་གང་གཏན་གྲོགས་དགོས་སྙམ་ནས། །
ཁོར་ཡུག་གྲོགས་ལ་ཡང་ཡང་ལས་བཅོལ་ཏེ། །
མནའ་མ་མག་པ་བསུ་བར་བྲེལ་བས་ཁེངས། །
བྱིས་པ་དག་ལ་ཟླ་གྲོགས་བཙལ་ན་ཡང་། །
ཕ་མའི་སེམས་དེ་ཚིམ་པ་གང་ན་ཡོད། །
ད་དུང་དེང་རབས་ཅན་གྱི་ཅ་ལག་དང་།།
མཁར་དང་ཁང་བ་བསྐྲུན་པར་ཁོམ་ལོང་མེད། །
གནམ་འོག་འདི་ཡི་ཕ་མ་སུ་ཡིན་ཡང་། །
རང་རྒྱུད་ལས་སྐྱེས་བྱིས་པའི་དོན་ཆེད་ལ། །
བདག་འཛིན་བསམ་བློ་སྤུ་ཙམ་གང་ན་མཆིས། །
མཐའ་ན་རང་སྲོག་ཤོར་ཡང་ཕངས་སེམས་མེད། །
སྒྲ་འཛིན་ལམ་དུ་བུ་ཡི་དོན་བཟང་དག །
ཐོས་ན་སྤྲོ་བ་འབུམ་གྱི་མེ་ཏོག་བཞད། །
འོན་ཏེ་མི་དགེ་དོན་རྐྱེན་ཐོས་པས་ན། །
སྡུག་བསྔལ་སྟོང་གི་ཁུར་བོས་མནན་དང་མཚུངས། །
མཐའ་མར་ཤ་ཁྲག་ཕུང་བོའི་ལུས་རྒྱས་ཤིང་། །
རྒྱུ་དང་འབྱོར་བའི་འབྲས་བུ་སྨིན་པ་དང་། །
སྐྱིད་པོའི་འཚོ་བ་ཕུན་སུམ་ཚོགས་པའི་ཉིན། །
བུ་ཕྲུག་ལ་ལའི་ངོ་བོ་འགྱུར་ལ་ལྟོས། །
ཕ་མའི་པང་ལས་ཁོ་ལག་རབ་རྒྱས་ཏེ། །
ལས་བྱེད་མི་སྣའི་མཚན་སྙན་འབྱོར་ན་ཡང་། །
ང་རྒྱལ་དྲེགས་པའི་སྟག་ལ་མ་བཅིབས་པར། །
གཞར་ཡང་དྲིན་གཟོ་མ་བརྗེད་ཡིད་ལ་ཆོངས། །
ནམ་ཞིག་གཞོན་པའི་མེ་ཏོག་རབ་ཡལ་ཏེ། །
དབུ་ཡོངས་དཀར་བོ་ལུག་ཆུང་ཚ་རུ་བཞིན། །
འགྱུར་བའི་སྐབས་སུ་ཉམ་ཐག་ཕ་མ་རྣམས། །
སྙིང་རྗེའི་སེམས་ཀྱིས་སྐྱོང་བར་གལ་བོ་ཆེ། །
མི་ཚེ་ཟད་ནས་རང་ལུས་མི་ལྕོགས་དུས། །
རི་རབ་འགུལ་ཡང་མིག་གིས་མཐོང་མི་ཐུབ། །
སྒྲ་སྙན་གྲགས་ཀྱང་རྣ་བས་གོ་མི་ཐུབ། །
མངར་ཞིམ་ཟས་ཀྱི་བྲོ་བ་ཤེས་མི་ཐུབ། །
གཞོན་དུས་གྲི་བཞིན་རྣོ་བའི་སུམ་ཅུ་སོ། །
རང་ཤུགས་འཐོར་ནས་གཅིག་ཀྱང་གང་ན་ལུས། །
བྲོ་ལྡན་ཟས་རིགས་མདུན་དུ་བསྒྲིགས་ན་ཡང་། །
རྙིལ་གྱིས་མུར་བ་ལས་གཞན་ཐབས་མ་མཆིས། །
དེ་བས་དབྱར་གསུམ་ཚ་གདུག་ཐོན་པའི་ཉིན། །
སྐོམ་དུ་མ་འཇུག་འོ་ཇ་མངར་མོ་དྲོངས། །
དགུན་གསུམ་གྲང་ངར་དགྲ་བཞིན་སླེབས་པའི་ཉིན། །
གྲང་དུ་མ་འཇུག་གོས་ལྭ་དྲོན་པོ་སྐོན། །
མི་འདོད་སྡུག་བསྔལ་མགོ་ལ་ཡོང་བའི་ཉིན། །
ཡིད་སེམས་སྡུག་ཏུ་མ་འཇུག་སེམས་གསོ་བྱོས། །
སྐྱིད་པའི་བཞིན་མདངས་རབ་ཏུ་དགྱེས་པའི་དུས། །
ཁོང་ཁྲོ་ལངས་སུ་མ་འཇུག་ངག་འཇམ་བྱོས། །
ཡར་ལ་ལངས་ཤིང་མར་ལ་བཞུགས་པའི་དུས། །
ཐང་ལ་ལོག་ཏུ་མ་འཇུག་ལག་པས་སྐྱོར། །
དུས་རྒྱུན་ཡུལ་དུ་ཁོམ་ནས་འདུག་སྐབས་སུ། །
ལག་གཡོག་བྱེད་དུ་མ་འཇུག་བུ་ཕྲུག་རྣམས། །
རྒས་པའི་གཏམ་ནི་བྱིས་པའི་ཅ་ཅོ་བཞིན། །
རྙོགས་བཤད་འོར་བཤད་འཛད་མེད་ཡོད་མོད་ཀྱང་། །
ཚིག་རྩུབ་དྲག་པོས་ཕྱིར་ལན་མ་འདེབས་ཤིག །
རང་དགར་འཆད་དུ་བཅུག་ན་གནོད་ཅི་མཆིས། །
ནམ་ཞིག་བཀྲག་མདངས་ཉམས་པའི་ལུས་ཕུང་ལ། །
མ་རུངས་ནད་ཀྱི་ཞགས་པས་བཟུང་བའི་ཉིན། །
སེམས་མེད་མིག་གིས་བལྟས་ནས་མི་འདུག་པར། །
ལ་འུར་སྨན་གསོ་གཅེས་སྐྱོང་བགྱིད་པར་གལ། །
ཕ་མའི་སེམས་དེ་བྱིས་པར་འཁོར་བ་དང་། །
བྱིས་པའི་སེམས་དེ་རྡོ་ཐོག་བཞག་དང་མཚུངས །
ཟེར་བའི་དཔེ་འདིར་འཁྲུལ་བ་གང་ན་མཆིས། །
དེང་འདིའི་བུ་ཕྲུག་ལ་ལའི་ཚུལ་ལ་ལྟོས། །
སེམས་ལྡན་ཕ་མའི་དྲིན་ལན་འཇལ་བསམ་ན། །
འཇིག་རྟེན་འདི་ན་ཡོད་དུས་མ་འཇལ་ན། །
མི་མཐོང་ཕྱི་མའི་ཡུལ་ལ་འདས་པའི་ཚེ། །
བློ་འགྱོད་སྐྱེས་པ་སྟོང་པ་ཉིད་དུ་ཟད། །
དྲིན་ཅན་ཕ་མར་དབང་ཐང་རྒྱས་པ་དང་། །
རྒྱུ་ནོར་ཟས་གསུམ་ཕུན་སུམ་ཚོགས་པའི་མོད། །
བུ་ཕྲུག་ཀུན་གྱིས་ཁོང་གི་སྙིང་ཇི་བཞིན། །
ཤ་ཚས་གཅེས་སྐྱོང་བྱེད་འདི་ཡ་རེ་མཚར། །
ཉིན་ཞིག་ལུས་ཀྱི་བཅུད་བཟང་ཤོར་བ་དང་། །
དབང་དང་འབྱོར་བ་རིམ་གྱིས་ཉམས་པའི་ཚེ། །
ཤིན་ཏུ་ཟབ་པའི་ཕ་མའི་བརྩེ་དུང་ཡང་། །
ཡུན་གྱིས་འགྱུར་ནས་ཤོག་བུ་ལས་ཀྱང་སྲབ། །
ལོ་མང་རྒན་པའི་ལུས་སྟོབས་ཞན་པ་དང་། །
རྣམ་དཔྱོད་རིག་པའི་སྟོབས་ཀྱང་ཉམས་པ་ནི། །
འཇིག་རྟེན་མི་ཡི་ཆོས་ཉིད་ཡིན་པས་ན། །
རྒས་པའི་ལམ་འདིར་མི་ཞུགས་དཔའ་བོ་སུ། །
གཞོན་ནུ་ལང་ཚོ་དར་བའི་སྐྱེ་བོ་གང་། །
དགུང་སྔོན་དབྱིངས་ནས་འཛིན་མར་འཕོས་པ་མིན། །
དོག་མོ་ས་ནས་རང་བྱུང་འཁྲུངས་པ་མིན། །
ཕ་མ་བཟང་བོའི་རྒྱུད་ལས་སྐྱེས་པ་ལགས། །
ཁྱིམ་གཞི་གཅིག་གི་བུ་དང་བུ་མོ་ཚོས། །
ནམ་རྒྱུན་ཕ་མར་བརྩི་བཀུར་བྱེད་པའི་ཞོར། །
ད་དུང་རང་གི་བྱིས་པ་རྣམས་ལ་ཡང་། །
བཀུར་བའི་གོམས་སྲོལ་ཆུང་དུས་ཆགས་པར་ཆུག །
གལ་ཏེ་ཁྱིམ་ཚང་གཅིག་གི་བུ་བུ་མོས། །
རྒན་པར་བརྩི་བའི་སྲོལ་བཟང་མ་གོམས་ན། །
ཕྱིས་སུ་རང་རྒྱུད་ལས་སྐྱེས་བྱིས་པས་ཀྱང་། །
རང་ལ་བཀུར་བ་ཁམས་འདིར་ཡོད་རེ་སྐན། །
དེ་བས་ཕ་མའི་ཁ་ལེན་ཚིག་བརྩིས་ཏེ། །
གཞན་ཕན་དགེ་བའི་ལམ་ལ་འཇུག་པའི་ཚེ། །
ལས་དོན་མཐའ་དག་ཡིད་བཞིན་འགྲུབ་པ་དང་། །
སྙན་པའི་མཚན་བཟང་ཕྱོགས་བཞིར་ཁྱབ་པར་ངེས། །
ཁོ་བོའི་ལྷག་བསམ་ཡིད་ཀྱི་མཚོ་མོ་ལས། །
ལེགས་འཁྲུངས་སྙིང་གཏམ་པད་དཀར་ཆུན་པོ་འདི། །
རང་བསྟོད་རྔ་བོ་དགུང་ནས་རྡུང་བ་མིན། །
བདག་ཅག་ཀུན་ལ་ཕན་ཕྱིར་ངག་ལས་ཤོར། །
རབ་ཏུ་ལྕི་བའི་དྲིན་ཅན་ཡོད་མོད་ཀྱང་། །
རབ་ལེགས་དལ་འབྱོར་ཚང་བའི་རིན་ཆེན་ལུས། །
རབ་གནང་ཕ་མའི་དྲིན་ལ་འགྲན་ཟླས་དབེན། །
བརྩེ་ལྡན་མ་ཡི་ལུས་ཀྱི་ཁང་བཟང་དུ། །
ཞུགས་པའི་ཕྲུ་གུ་ནོར་བུ་སྟོང་གི་ཁུར། །
ཟླ་དགུ་ཞག་བཅུར་མངལ་གྱིས་བསྐྱངས་པའི་འབྲས། །
མི་ལུས་རིན་ཆེན་འཇིག་རྟེན་འདི་རུ་སྨིན། །
འདབ་ཆགས་བྱ་མོའི་གཤོག་རླབས་ཡངས་པ་ཡིས། །
བགྲང་ཡས་བྱ་ཕྲུག་ཁྱུ་ཁྱུ་སྙོར་བ་བཞིན། །
དྲིན་ཅན་མ་ཡི་བྱམས་ལྡན་འོ་བཅུད་ཀྱིས། །
བུ་ཕྲུག་རེ་རེ་བསྐྱངས་ནས་ཁོ་ལག་རྒྱས། །
བསམ་མེད་བྱིས་པའི་ཁ་ལུད་སྣབས་ལུད་དག །
མི་གཙང་རྣག་བཞིན་མཚམས་མེད་བཞུར་བ་ཡང་། །
བྱམས་ལྡན་ཕ་མར་འཛེམ་བག་གང་ན་ཡོད། །
བུ་ཆུང་ན་བར་དོགས་ནས་ཁ་ཡིས་འཇིབ། །
གྲང་ངར་སྟོང་གིས་ལུས་ལ་རབ་གཙེས་ཏེ། །
བྱིས་པའི་ཕུང་བོ་རྡོ་བཞིན་འཁྱག་པའི་སྐབས། །
དྲིན་ལྡན་ཕ་མས་རང་གི་བྲང་ཁ་རུ། །
ལེགས་པར་སྦྱར་ཏེ་དྲོད་ཀྱིས་བསྲོས་པ་མཚར། །
ཞོ་འཐུང་བྱིས་པའི་སྐད་བརྡ་མི་འཕྲོད་དུས། །
ཚིག་འབྲུ་རེ་རེ་བསླབས་ནས་སྐད་ཆ་ཤེས། །
ཕན་ཚུན་འགྲོ་འོང་རང་ཚུགས་མི་ཐུབ་དུས། །
བརྩེ་ལྡན་ལག་པས་ཁྲིད་ནས་འགྲོ་ལམ་འཁྲིད། །
གང་དུ་ཞིམ་མངར་ཟས་ལ་འཕྲད་པའི་ཉིན། །
ཐོག་མར་རང་གིས་མ་ཟས་བྱིས་པར་སྦྱིན། །
གང་དུ་ཡིད་འོང་ནོམ་པ་མཐོང་བས་ན། །
ཕ་མས་མ་གྱོན་བྱིས་པའི་ལུས་སུ་བརྒྱན། །
ཅོལ་ཆུང་བུས་པ་གམ་དུ་གནས་པའི་དུས། །
བརྩེ་བའི་མིག་གིས་ལྷོད་མེད་འཚོ་བ་དང་། །
གཞོན་ཤ་དར་ནས་རྒྱང་རིང་ཆས་པའི་ཉིན། །
རིས་མེད་སེམས་ཀྱིས་མཚམས་མེད་འཚོས་འདི་རྨད། །
གཅེས་ཕྲུག་བུ་ཡི་ལུས་ལ་ནད་ཀྱི་ཞགས། །
དབང་མེད་ཐེབས་པའི་ཉིན་ལ་ཕ་མ་རྣམས། །
མི་བཟད་དུག་མདའ་ཕོག་ལྟར་འཚབ་འཚུབ་ཀྱིས། །
བཟོད་གླགས་མེད་པར་རྒྱུགས་ནས་སྨན་གསོ་མཛད། །
བཀའ་དྲིན་མཁའ་ལས་ཡངས་པའི་ཕ་མ་ཚོས། །
རང་གི་བུ་རྣམས་ཚེ་རིང་ནད་མེད་སླད། །
དགོན་པར་ཆས་ནས་ཚེ་བརྟན་སྐྱབས་འཇུག་ཞུས། །
བླ་མར་མཇལ་ནས་སྲུང་འཁོར་ཕྱག་མདུད་བླངས། །
དེ་མིན་བུ་ཡི་བསམ་དོན་འགྲུབ་པའི་ཕྱིར། །
དང་པོ་དབུས་གཙང་ཡུལ་ལ་ཕྱག་མཇལ་གནང་། །
བར་དུ་རྒྱ་ནག་ཡུལ་ལ་ལྟ་སྐོར་ཆས། །
མཐའ་མར་བཀྲ་ཤིས་སྨོན་འདུན་འཛད་མེད་ཞུས། །
ནམ་ཞིག་ཕ་མར་ལས་རོགས་ཐུབ་པའི་དུས། །
རང་གིས་དཀའ་བ་སྟོང་ཕྲག་མྱངས་ན་ཡང་། །
རིམ་གྱིས་ཆུང་འབྲིང་ཆེ་གསུམ་སློབ་གྲྭ་རུ། །
བསྐྱལ་ཏེ་རིག་པའི་གནས་ལ་སྦྱངས་པར་བཅུག །
གཞོན་གྱི་ལང་ཚོ་དར་ལ་བབ་པའི་ཚེ། །
བྱིས་པར་ཚེ་གང་གཏན་གྲོགས་དགོས་སྙམ་ནས། །
ཁོར་ཡུག་གྲོགས་ལ་ཡང་ཡང་ལས་བཅོལ་ཏེ། །
མནའ་མ་མག་པ་བསུ་བར་བྲེལ་བས་ཁེངས། །
བྱིས་པ་དག་ལ་ཟླ་གྲོགས་བཙལ་ན་ཡང་། །
ཕ་མའི་སེམས་དེ་ཚིམ་པ་གང་ན་ཡོད། །
ད་དུང་དེང་རབས་ཅན་གྱི་ཅ་ལག་དང་།།
མཁར་དང་ཁང་བ་བསྐྲུན་པར་ཁོམ་ལོང་མེད། །
གནམ་འོག་འདི་ཡི་ཕ་མ་སུ་ཡིན་ཡང་། །
རང་རྒྱུད་ལས་སྐྱེས་བྱིས་པའི་དོན་ཆེད་ལ། །
བདག་འཛིན་བསམ་བློ་སྤུ་ཙམ་གང་ན་མཆིས། །
མཐའ་ན་རང་སྲོག་ཤོར་ཡང་ཕངས་སེམས་མེད། །
སྒྲ་འཛིན་ལམ་དུ་བུ་ཡི་དོན་བཟང་དག །
ཐོས་ན་སྤྲོ་བ་འབུམ་གྱི་མེ་ཏོག་བཞད། །
འོན་ཏེ་མི་དགེ་དོན་རྐྱེན་ཐོས་པས་ན། །
སྡུག་བསྔལ་སྟོང་གི་ཁུར་བོས་མནན་དང་མཚུངས། །
མཐའ་མར་ཤ་ཁྲག་ཕུང་བོའི་ལུས་རྒྱས་ཤིང་། །
རྒྱུ་དང་འབྱོར་བའི་འབྲས་བུ་སྨིན་པ་དང་། །
སྐྱིད་པོའི་འཚོ་བ་ཕུན་སུམ་ཚོགས་པའི་ཉིན། །
བུ་ཕྲུག་ལ་ལའི་ངོ་བོ་འགྱུར་ལ་ལྟོས། །
ཕ་མའི་པང་ལས་ཁོ་ལག་རབ་རྒྱས་ཏེ། །
ལས་བྱེད་མི་སྣའི་མཚན་སྙན་འབྱོར་ན་ཡང་། །
ང་རྒྱལ་དྲེགས་པའི་སྟག་ལ་མ་བཅིབས་པར། །
གཞར་ཡང་དྲིན་གཟོ་མ་བརྗེད་ཡིད་ལ་ཆོངས། །
ནམ་ཞིག་གཞོན་པའི་མེ་ཏོག་རབ་ཡལ་ཏེ། །
དབུ་ཡོངས་དཀར་བོ་ལུག་ཆུང་ཚ་རུ་བཞིན། །
འགྱུར་བའི་སྐབས་སུ་ཉམ་ཐག་ཕ་མ་རྣམས། །
སྙིང་རྗེའི་སེམས་ཀྱིས་སྐྱོང་བར་གལ་བོ་ཆེ། །
མི་ཚེ་ཟད་ནས་རང་ལུས་མི་ལྕོགས་དུས། །
རི་རབ་འགུལ་ཡང་མིག་གིས་མཐོང་མི་ཐུབ། །
སྒྲ་སྙན་གྲགས་ཀྱང་རྣ་བས་གོ་མི་ཐུབ། །
མངར་ཞིམ་ཟས་ཀྱི་བྲོ་བ་ཤེས་མི་ཐུབ། །
གཞོན་དུས་གྲི་བཞིན་རྣོ་བའི་སུམ་ཅུ་སོ། །
རང་ཤུགས་འཐོར་ནས་གཅིག་ཀྱང་གང་ན་ལུས། །
བྲོ་ལྡན་ཟས་རིགས་མདུན་དུ་བསྒྲིགས་ན་ཡང་། །
རྙིལ་གྱིས་མུར་བ་ལས་གཞན་ཐབས་མ་མཆིས། །
དེ་བས་དབྱར་གསུམ་ཚ་གདུག་ཐོན་པའི་ཉིན། །
སྐོམ་དུ་མ་འཇུག་འོ་ཇ་མངར་མོ་དྲོངས། །
དགུན་གསུམ་གྲང་ངར་དགྲ་བཞིན་སླེབས་པའི་ཉིན། །
གྲང་དུ་མ་འཇུག་གོས་ལྭ་དྲོན་པོ་སྐོན། །
མི་འདོད་སྡུག་བསྔལ་མགོ་ལ་ཡོང་བའི་ཉིན། །
ཡིད་སེམས་སྡུག་ཏུ་མ་འཇུག་སེམས་གསོ་བྱོས། །
སྐྱིད་པའི་བཞིན་མདངས་རབ་ཏུ་དགྱེས་པའི་དུས། །
ཁོང་ཁྲོ་ལངས་སུ་མ་འཇུག་ངག་འཇམ་བྱོས། །
ཡར་ལ་ལངས་ཤིང་མར་ལ་བཞུགས་པའི་དུས། །
ཐང་ལ་ལོག་ཏུ་མ་འཇུག་ལག་པས་སྐྱོར། །
དུས་རྒྱུན་ཡུལ་དུ་ཁོམ་ནས་འདུག་སྐབས་སུ། །
ལག་གཡོག་བྱེད་དུ་མ་འཇུག་བུ་ཕྲུག་རྣམས། །
རྒས་པའི་གཏམ་ནི་བྱིས་པའི་ཅ་ཅོ་བཞིན། །
རྙོགས་བཤད་འོར་བཤད་འཛད་མེད་ཡོད་མོད་ཀྱང་། །
ཚིག་རྩུབ་དྲག་པོས་ཕྱིར་ལན་མ་འདེབས་ཤིག །
རང་དགར་འཆད་དུ་བཅུག་ན་གནོད་ཅི་མཆིས། །
ནམ་ཞིག་བཀྲག་མདངས་ཉམས་པའི་ལུས་ཕུང་ལ། །
མ་རུངས་ནད་ཀྱི་ཞགས་པས་བཟུང་བའི་ཉིན། །
སེམས་མེད་མིག་གིས་བལྟས་ནས་མི་འདུག་པར། །
ལ་འུར་སྨན་གསོ་གཅེས་སྐྱོང་བགྱིད་པར་གལ། །
ཕ་མའི་སེམས་དེ་བྱིས་པར་འཁོར་བ་དང་། །
བྱིས་པའི་སེམས་དེ་རྡོ་ཐོག་བཞག་དང་མཚུངས །
ཟེར་བའི་དཔེ་འདིར་འཁྲུལ་བ་གང་ན་མཆིས། །
དེང་འདིའི་བུ་ཕྲུག་ལ་ལའི་ཚུལ་ལ་ལྟོས། །
སེམས་ལྡན་ཕ་མའི་དྲིན་ལན་འཇལ་བསམ་ན། །
འཇིག་རྟེན་འདི་ན་ཡོད་དུས་མ་འཇལ་ན། །
མི་མཐོང་ཕྱི་མའི་ཡུལ་ལ་འདས་པའི་ཚེ། །
བློ་འགྱོད་སྐྱེས་པ་སྟོང་པ་ཉིད་དུ་ཟད། །
དྲིན་ཅན་ཕ་མར་དབང་ཐང་རྒྱས་པ་དང་། །
རྒྱུ་ནོར་ཟས་གསུམ་ཕུན་སུམ་ཚོགས་པའི་མོད། །
བུ་ཕྲུག་ཀུན་གྱིས་ཁོང་གི་སྙིང་ཇི་བཞིན། །
ཤ་ཚས་གཅེས་སྐྱོང་བྱེད་འདི་ཡ་རེ་མཚར། །
ཉིན་ཞིག་ལུས་ཀྱི་བཅུད་བཟང་ཤོར་བ་དང་། །
དབང་དང་འབྱོར་བ་རིམ་གྱིས་ཉམས་པའི་ཚེ། །
ཤིན་ཏུ་ཟབ་པའི་ཕ་མའི་བརྩེ་དུང་ཡང་། །
ཡུན་གྱིས་འགྱུར་ནས་ཤོག་བུ་ལས་ཀྱང་སྲབ། །
ལོ་མང་རྒན་པའི་ལུས་སྟོབས་ཞན་པ་དང་། །
རྣམ་དཔྱོད་རིག་པའི་སྟོབས་ཀྱང་ཉམས་པ་ནི། །
འཇིག་རྟེན་མི་ཡི་ཆོས་ཉིད་ཡིན་པས་ན། །
རྒས་པའི་ལམ་འདིར་མི་ཞུགས་དཔའ་བོ་སུ། །
གཞོན་ནུ་ལང་ཚོ་དར་བའི་སྐྱེ་བོ་གང་། །
དགུང་སྔོན་དབྱིངས་ནས་འཛིན་མར་འཕོས་པ་མིན། །
དོག་མོ་ས་ནས་རང་བྱུང་འཁྲུངས་པ་མིན། །
ཕ་མ་བཟང་བོའི་རྒྱུད་ལས་སྐྱེས་པ་ལགས། །
ཁྱིམ་གཞི་གཅིག་གི་བུ་དང་བུ་མོ་ཚོས། །
ནམ་རྒྱུན་ཕ་མར་བརྩི་བཀུར་བྱེད་པའི་ཞོར། །
ད་དུང་རང་གི་བྱིས་པ་རྣམས་ལ་ཡང་། །
བཀུར་བའི་གོམས་སྲོལ་ཆུང་དུས་ཆགས་པར་ཆུག །
གལ་ཏེ་ཁྱིམ་ཚང་གཅིག་གི་བུ་བུ་མོས། །
རྒན་པར་བརྩི་བའི་སྲོལ་བཟང་མ་གོམས་ན། །
ཕྱིས་སུ་རང་རྒྱུད་ལས་སྐྱེས་བྱིས་པས་ཀྱང་། །
རང་ལ་བཀུར་བ་ཁམས་འདིར་ཡོད་རེ་སྐན། །
དེ་བས་ཕ་མའི་ཁ་ལེན་ཚིག་བརྩིས་ཏེ། །
གཞན་ཕན་དགེ་བའི་ལམ་ལ་འཇུག་པའི་ཚེ། །
ལས་དོན་མཐའ་དག་ཡིད་བཞིན་འགྲུབ་པ་དང་། །
སྙན་པའི་མཚན་བཟང་ཕྱོགས་བཞིར་ཁྱབ་པར་ངེས། །
ཁོ་བོའི་ལྷག་བསམ་ཡིད་ཀྱི་མཚོ་མོ་ལས། །
ལེགས་འཁྲུངས་སྙིང་གཏམ་པད་དཀར་ཆུན་པོ་འདི། །
རང་བསྟོད་རྔ་བོ་དགུང་ནས་རྡུང་བ་མིན། །
བདག་ཅག་ཀུན་ལ་ཕན་ཕྱིར་ངག་ལས་ཤོར། །
༢༠༡༩ལོའི་ཟླ༥ཚེས༡༢ལ་རྒྱལ་སྤྱིའི་མ་ཡུམ་དུས་ཆེན་བསུ་བའི་སྐབས་སུ་བསྐྱར་དུ་ལེགས་སྒྲིག་ཅུང་ཙམ་བྱས་ནས་ཀུན་ལ་བསྐུར་བ་དགེ་བར་ཤོག །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།