ཁ་བ་ལྷ་མོའི་སྙན་ངག
རྩོམ་པ་པོ།:ཁ་བ་ལྷ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-08 14:53:39
ཀློག་གྲངས།:
གཡང་ལུགས་སུ་སྡོད་པའི་གནས་ལུགས་ལབ་རོགས།
ཁ་བ་ལྷ་མོ།
དེ་ནི་ཅ་ནེ་ཙམ་མ་ཡིན་ཏེ།
དེ་ནི་ཁྲིའུ་ཙམ་མ་ཡིན་ཏེ།
དེ་ནི་ལྷའོ། །དེ་ནི་དད་མོས་སོ། །
དེ་ནི་མགོ་ཐོག་གི་བུམ་པ།
ལྕེ་ཐོག་གི་བདུད་རྩི་སྟེ།
རྨི་ལམ་ནས་ཀྱང།
ཐོད་པའི་ཁ་ཡིག་ཏུ་བབས་ཡོང་ན།
སྙིང་ཁའི་ཨ་ཡིག་ཏུ་བྱོན་ཡོང་ན།
འདང་མ་ཡོད་ཐབས་ཤིག་མཆིས་སམ།
རྩིས་མི་ཆེ་བློ་ཞིག་ཡོད་དམ།
སྤྱིར་ན་དབྱངས་རྣམས་མོ་རུ་བྱས།
ཁྱོད་ཀྱི་སྙིང་ཁར་སིལ་ལེ་ལྡེམ་མེར་འཁྱིལ་ཡོང་ན།
གསལ་བྱེད་དག་ཕོ་རུ་བྱས།
ཁྱོད་ཀྱི་མིག་ཁར་ལྷང་ངེ་ལྷམ་མེར་མངོན་ཡོང་ན།
ཁྱོད་རང་ཡང་མགོ་ཝ་མོ་བཞིན་འགྲིགས་ཀྱི་སྒང་ལ།
ཅ་ལ་བཞིན་འགྲིགས་གཏོར་སྙམ་མི་སྐྱེའམ།
སྒྲུང་དང་ལྡེའུ་ཚར་ཆུང་ནང་མ་བྱས།
ཨ་ལོང་སྟོང་འཁྱིལ་རླབས་སུ་འཁྱིལ་ཡོང་ན།
མགུར་དང་སྙན་ངག་གོས་ཆེན་ཕྱི་མ་བྱས།
རྨ་འབྲུག་ཁ་སྤྲོད་རི་མོར་འཛོམས་ཡོང་ན།
སྐེད་སྐ་རགས་བཞིན་འགྲིགས་ཀྱི་ཁུགས་སོར།
མྱེ་ཆ་བཞིན་འགྲིགས་འདོགས་བསམ་མི་སྐྱེའམ།
རྐང་སག་ལྷམ་བཞིན་འགྲིགས་ཀྱི་ངོས་སུ།
མྱེ་རིས་བཞི་འགྲིགས་འཁྱུད་སྙིང་མི་ཡོང་ངམ།
ཁྱོད་རང་ད་དུང་ཡང་གཡང་ལུགས་སུ་སྡོད་ཅིང།
རྐང་རྗེན་དུ་འགྲོ་དགོས་པའི།
གནས་ལུགས་ཤིག་ཅིས་ཀྱང་ཡོད་ལགས་སམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།