འབྲོག་པ།
རྩོམ་པ་པོ།:གངས་དཔལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-27 17:29:01
ཀློག་གྲངས།:
འབྲོག་པ།
གངས་དཔལ།
༡
བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།
གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།
རུས་པ་རང་བྱུང་ལ་བསྟིམས་ཤིང་།
ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།
ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པས་ཡིན།
ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།
ཁྱེད་ཀྱི་སྐད་གསེང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།
ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།
ཐུགས་བསྐྱེད་གངས་ལ་བཞག་པས་བསམ་པ་དཀར།
གངས་ཆུ་རུས་ལ་འཐིམ་པས་གཞུང་རྒྱུད་དྲང་།
ས་བདག་གཞི་བདག་ལ་སྐྱེས་པའི་མེས་པོའི་རྣམ་ཤེས།
ནམ་མཁའ་དང་སྤྲིན་དཀར་གོས་སུ་གོན་པའི་འབྲོག་པ་ཡ།
ཁྱེད་ཀྱིས་རང་ཉིད་སྐྱེས་རི་དང་ཉེ་བར་བཏུད་དེ།
ཉི་ཟླའི་འོད་ཟེར་གྱིས་བཀྲུས་པའི་དྭངས་གཙང་གི་སེམས་པ་ཡང་རང་བྱུང་ལ་ཕུལ་ཡོད།
༢
གཤོག་པས་ས་ཆེན་ལ་བསིལ་བ་གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།
བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།
གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།
རུས་པ་རང་བྱུང་ལ་བསྟིམས་ཤིང་།
ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།
ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པས་ཡིན།
ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།
ཁྱེད་ཀྱི་སྐད་གསེང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།
ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།
འབྲོག་པ་ཡ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།