སྟག་ཤ་ར། སྐྱེས་པ་ཕོ།
རྩོམ་པ་པོ།:རྩྭ་ཕྲན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-27 10:32:36
ཀློག་གྲངས།:
ཨ་མས་ནམ་རྒྱུན་སྟག་ཤ་ར་གཅིག་གིས་གོ་ཁ་གང་ང་། སྨན་བུ་མོ་དགུ་གི་མགོ་འདུས་བྱེད་ལ་ཟེར། རི་སྤྱང་སྔོན་མོས་སྨན་ཤར་བརྒྱ་ཡི་དབྱུག་པ་ལས་སྟག་ཤར་ལོ་གསུམ་ཞིག་གི་ཀི་སྒྲ་འཇིགས་ཟེར། ཁ་དཔེར་ཕོ་རི་སྤྱང་གཉིས་ཀ་ཅིག་མདུར་དགོས། ཕོ་བྱང་མ་གཟིག་ར་ཁ་འཁོར་ཞིག སྟག་ཤ་ར་སོང་ས་ན་དོན་ཞིག དོན་ཞིག་མེད་ཀྱང་དོམ་ཞིག སྡུག་ན་མིག་ཆུ་མི་འདོན་པ། སྐྱེས་པ་ཕོ་ཡི་རང་གཤིས་ཡིན། སྟག་ཤ་ར་རྟ་དང་མདའ་བོའུ་གསུམ། ཇག་ཕར་འདུལ་དཔུང་གི་སྔོན་མ་ཡིན། ལེགས་བཤད་འཕྲུལ་གྱི་དྲ་བ་ལས། སྟག་ཤར་ལ་གལ་ཆེ་བ་དྲུག་སྟེ། གཏོང་ཕོད་ཆེ་བ་དང་གཅིག གདོང་དྲག་པ་དང་གཉིས། བློ་བརྟན་པ་དང་གསུམ། འགྲན་ཐུབ་པ་དང་བཞི། སྟོབས་ཆེ་བ་དང་ལྔ། ཚོད་ཟིན་པ་དང་དྲུག་གོ །འདི་འདྲའི་རྩ་དོན་དང་བླང་བྱ་མང་པོ་ཞིག་སྟག་ཤར་གང་མང་ཞིག་གི་མིག་ལམ་དུ་བསྟན་ཡང་། དུས་ད་ལྟར། ཁོ་ཚོས་རྒྱང་རིང་གི་ཕུགས་བསམ་ཟེར་ན་རིང་བར་འདོད་ལ། འཕྲལ་ཕུགས་ཀྱི་དབྱེ་བ་ཟེར་ན་དཀའ་བར་སྙམ་ཡོད།
སྟག་ཤ་ར། ཇག་ཕར་འདུལ་གི་སྔོན་མ་ཡིན། དགྲ་ཚུར་ཡོང་གི་མགོ་གནོན་ཡིན། རེད་ཡ། མི་རབས་ག་ཚོད་ཅིག་འདས་པ་མི་ཤེས་མོད། འོན་ཀྱང་ང་ཚོའི་ཡབ་མེས་དམ་པ་དག་གིས་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་སྙན་གྲགས་ཀྱི་བ་དམ་བསྒྲེངས། ཤེས་རབ་ཀྱི་མེ་ལྕེ་འབར། ཁ་ཆར་དང་བུ་ཡུག་འདྲེས་པའི་ལོ་ངོ་གྲངས་མེད་ཅིག་ལ། དགྲ་བོའི་མདུན་ནས་ལངས། བཙན་པོའི་གཉའ་བ་མནན། གཉོམ་ཆུང་མཐའ་ནས་བསྐྱངས། ཡངས་བའི་ས་ཆེན་ཀུན་ལ་བཀའ་ཐེམ་དང་ཕྱག་རྒྱ་བཀོད། ས་མཚམས་སུ་རྡོ་རིང་བསླངས། བཀའ་གཙིགས་རྡོ་རིང་དུ་བྲིས། མི་འགྱུར་བའི་མནའ་ཚིག་བསྒགས། རྟ་རྒོད་སྒྲོག་ལ་བཅུག གཡག་རྒོད་གཡུང་ལ་ཕབ། རིག་གནས་ཀྱི་རྒྱལ་མཚན་བསྒྲེངས། དམ་ཆོས་བསྒྱུར་འགྲེལ་མཛད། ལོ་པཎ་གདན་འདྲེན་མཛད། ཆོས་སྲིད་ཉི་ཟླའི་འོད་སྣང་ཤར་གྱི་ཁྲང་ཨན་དང་ནུབ་ཀྱི་རྡི་ལི། ལྷོ་ཡི་འཇང་ཡུལ། བྱང་གི་སོག་པོ་བར་དུ་ཤར། སྟག་ཤ་ར།
དེ་དུས་ཀྱི་མི་རྣམས་ནི་གཡུལ་དུ་སོང་ན་ཤི་བ་ལ་འཇིགས་པ་མེད། ཤི་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་སེམས། ཆུང་མ་ཡུལ་དུ་བསྐྱལ། བུ་ཆུང་གཉེན་ཉེར་གཏད། རལ་གྲིའི་ཤུབས་བཅག ཕྱིར་མི་ལྡོག་པའི་རྩིས་སུ་བྱས་ནས་གཡུལ་དུ་ཆས། དམག་ཡོད་ཚད་གདོང་མཆོངས་བ་ཡིན། འཆི་བ་ལ་འཇིགས་པ་མེད། སྤོབས་སེམས་ལ་ཞུམ་པ་མེད། དམག་འཁྲུག་ལ་ཕམ་ཁ་མེད། སྟག་ཤ་ར། ཚེ་སྲོག་རིག་གནས་ལ་ཕུལ་བའི་སྐྱེས་བུ་གྲངས་མེད་ཅིག སྨད་ཀྱི་རྒྱལ་རོང་ནས་སྟོད་ཀྱི་མངའ་རིས་བར། སྨད་ཀྱི་ཙོང་ཁ་ནས་བར་གྱི་དབུས་གཙང་བར། སྟོད་ཀྱི་མངའ་རིས་ནས་ནུབ་ཀྱི་རྒྱ་གར་བར། ཟླ་ལམ་ཉིན་གྱིས་འཇལ། རྟ་ལམ་གོམ་པས་བཅད། གཡག་ཁལ་མི་ཡིས་ཁུར། རྩམ་སྐྱ་ཁ་ལ་འགམས། ཇ་ཚབ་ཆུ་ལ་གཏད། རེ་བ་དང་རྨི་ལམ་མཐའ་དག་ཤེས་རིག་ལ་བསྟིམས། སྤྲང་ཟས་དང་སྤྲང་གོས་གྱོན་པའི་སྐྱེས་བུ་དམ་པ་རེ་རེ། སྟོད་ཀྱི་ཚད་པར་མ་འཇིགས། སྨད་ཀྱི་ཚ་བར་མ་འཇིགས། བྱང་གི་དམག་ལ་མ་འཇིགས། ལྷོ་ཡི་ལམ་ལ་མ་འཇིགས། འཛམ་གླིང་རིག་གནས་ཀུན་འདུས་ཀྱི་ཕ་སར་གྲགས་པའི་ཡུལ་དབུས་རྒྱ་གར་གྱི་བཀའ་བསྟན་རྒྱུད་སྡེ་དང་བཅས་པ་གངས་རིའི་ལྗོངས་སུ། གྲ་མ་ཆག གྲུ་མ་ཉམས། གའུ་ཁ་སྦྱོར་ལྟ་བུ། གཞན་གྱིས་འགྱུར་དཀའ་བ། གོ་དཀའ་བ། འཆད་དཀའ་བ་མཐའ་དག་སྟོད་ཀྱི་ཟ་འོག་གི་གོས་གྱོན་ས་ནས་སྨད་ཀྱི་ཛཱ་ཏིའི་མེ་ཏོག་བཞད་སའི་ཡུལ་ཕྱོགས་འདིར་རིག་གནས་ཀྱི་རྒྱལ་མཚན་བསྒྲེངས། ནམ་མཁའ་ལྟ་བུའི་ཆོས་རྒྱལ་ཡབ་སྲས། ཉི་ཟླ་ལྟ་བུའི་ས་པཎ་ཁུ་དབོན། སྐར་ཚོགས་ལྟ་བུའི་ལོ་ཆེན་གྲངས་མེད། ད་རུང་ཤིང་རྟའི་སྲོལ་འབྱེད་རེ་རེ། མཐའ་སྲུང་དམག་སྤྱི་རེ་རེ། ངེས་དོན་མཁས་དབང་རེ་རེ། མཛད་བཟང་སྐྱེས་བུ་རེ་རེ། སྟག་ཤ་ར། གནམ་ཨ་སྔོན་འགྱོག་གི་རྩལ་ཆེན་དེ་ཁྱེད་ཡིན། ས་དོག་མོ་གནོན་གི་ལྗིད་ཆེན་དེ་ཡང་ཁྱེད་ཡིན་ནོ། །
རྗེ་ས་པཎ་མཆོག་གིས་གནའ་མི་མཁས་པ་འདས། ད་ནི་བླུན་པོ་སྐྱེས་ཞེས་པ་ནང་བཞིན། དམ་པ་གསེར་རིའི་ཕྲེང་བ་རེ་རེ་གཤེགས་ཤུལ་ན་བོད་ཀྱི་སྟག་ཤ་ར་དག་ནི་འབྲུ་དྲུག་ནང་གི་ཡུག་པོ། ལོ་ཏོག་ནང་གི་ལྡུམ་བུ་ལྟར། ཆང་ལ་ཚོད་མེད། གཏམ་ལ་གཞི་མེད། གྲོས་ལ་མགོ་མེད། ཁྱིམ་གཞི་ཆུང་མས་བསྐྱངས། བུ་ཕྲུག་རྒན་པས་གཉོར། རང་ཁ་རང་གིས་མི་ཟོས་པའི་དུས་འདི་ལྟ་བུ་ཞིག་ལ་ཐོན་དུས་ཅིས་ཀྱང་ཚོར་བ་བག་ཁ་བ་རེ་འབྱུང་གིན་འདུག ལོ་རྒྱུས་ཀྱི་ལོ་ལྷེ་གྲངས་མེད་ཅིག་ན་སྟག་ཤ་ར་ནི་ལྟོགས་ན་ཡུར་ཆུ་མི་འཐུང་བའི་བྲེ་སེར་འབྲོང་གི་བློ་སྟོབས་ཡོད། སྡུག་ན་མཆི་མ་མི་འདོན་པའི་སྲ་མོ་ལྕགས་ཀྱི་སྙིང་སྟོབས་ཡོད་ཟེར། དུས་ད་ལྟར། སྟག་ཤ་ར་དག་ནི་འཕྲལ་ཕུགས་ལས་འཕྲལ་ལ་བྲེལ། སྒྱིད་ལུག་དང་སྒྱིད་པ་ཞ། ཨ་གསར་དང་གཞན་རྗེས་སྙེག ཕུགས་ཀྱི་དོན་མི་རྟོགས། ཐབས་ཤེས་ཀྱི་གཞི་སྟོང་། ལེགས་ཉེས་ཀྱི་འབེན་ནོར། དོན་གྱི་གཞི་ནོར། བློ་གྲོས་ཀྱི་ཐབས་དབེན། ཆང་དང་འདོད་ཡོན་ལ་འཁྲེན། རང་ཚུགས་དང་བློ་གཏད་མེད། རྣམ་གཡེང་ཁོ་ན་གྲོགས་སུ་བཀུར། ཡ་རབས་ངན་པར་བརྩི། ཤེས་ཡོན་ཅན་ལ་དམའ་འབེབས། སྤྱོད་བཟང་ལ་ཟུར་ཟ། ཕ་མ་གྲོས་གྲལ་དུ་མི་ཚུད། ཆུང་མ་ཉེ་བྲལ་དུ་མི་ཚུད། རང་ཁོ་ན། ཅི་བདེ་ཅི་སྐྱིད། གང་དགའ་འདོད་འདོད། མཐོ་ལ་ཕྲག་དོག་དང་དམན་པར་འཕྱ་སྨོད་བྱེད་དུས། བདག་གིས་ཕ་མེས་སྐུ་དྲིན་ཅན་དེ་ཚོ་དྲན་ཡོང་། ཆོས་རྒྱལ་རུས་པ་ཅན་དེ་ཚོ་དྲན་ཡོང་། ལོ་པཎ་སྡུག་རུས་ཅན་དེ་ཚོ་དྲན་ཡོང་། མཁས་པ་ཞི་དུལ་ཅན་དེ་ཚོ་དྲན་ཡོང་། གཟིགས་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ། ལྷ་བཙུན་ཁུ་དབོན་རྣམ་གཉིས། ས་པཎ་ཁུ་དབོན་ཡབ་སྲས། བཀའ་གདམས་ཇོ་འབྲོམ་རྣམ་གཉིས། བཀའ་བརྒྱུད་མར་མི་དྭགས་གསུམ། རྒྱལ་བ་བློ་བཟང་གྲགས་པ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། མཉམ་མེད་ཤེས་རབ་རྒྱལ་མཚན། རྒྱལ་དབང་པཎ་ཆེན་རྣམ་གཉིས། འདི་འདྲའི་རླབས་ཆེན་གྱི་སྐྱེས་བུ་གྲངས་མེད་ཅིག འདི་འདྲའི་མཛད་བཟང་གི་སྐྱེས་བུ་ཕུལ་བྱུང་དག སྟག་ཤ་ར། སྐྱེས་པ་ཕོ། ངེས་དོན་གྱི་སྟག་ཤ་ར་ཁྱེད་ཚོ། ངེས་དོན་གྱི་སྐྱེས་པ་ཕོ་ཁྱེད་ཚོ། གངས་ལྗོངས་འདིའི་གཡང་གི་སྲུང་མདུད་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།