འཆི་མེད་ལགས་ཀྱི་སྙན་ངག
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-17 09:35:36
ཀློག་གྲངས།:
འཁོར་བའི་རྒྱུད་སྐུད་གཉོམ་པོ།
འཆི་མེད།
སེམས་ཀྱི་འདབ་མ་འདི་རི་རྩེའི་ན་བུན་ངེས་མེད།།
ལས་ཀྱི་རླུང་བུ་ཡིས་གར་འདེད་གར་འགྲོ་ཅི་ཆ།།
གཞས་ཆུང་གཉོམ་པོ་ཞིག་དོ་ནུབ་ལྷོད་ཀྱིས་འཐེན་ན།།
སེམས་ཀྱི་རྟེན་ཕུར་གྱིས་ཨེ་གསན་རེ་བས་སྨྲེང་ཡོད།།
ཆུ་མོ་དྭངས་གསལ་གྱི་ཀློང་ན་ཉེའུ་ཆུང་འཁྱུག་གར།།
ཆུ་འདབས་མེ་ཏོག་གི་སྟེང་ན་གཡུ་སྦྲང་ཡེངས་ཡེངས།།
མ་བཅོས་འཇིག་རྟེན་གྱི་སྣང་བ་ཡིད་ལ་འཁོར་ན།།
ན་ཆུང་ལང་ཚོ་ཡི་བཀྲག་མདངས་མིག་ལ་མངོན་ཡོང་།།
ཕྱིར་དྲན་རྨི་ལམ་གྱི་ཆུ་བོས་གཞུང་ལ་ཁྱེར་ཏེ།།
རླབས་ཀྱི་ལྟེབས་ཁུགས་རེར་བརྩེ་བའི་གཏམ་རྒྱུད་བྲིས་ལ།།
འཁོར་བའི་སྙིང་བོ་ལ་དགའ་སྐྱོ་རིས་སུ་འཁྱིལ་ན།།
སྣང་བ་རང་ཡན་གྱིས་མཐའ་ཡས་འཇིག་རྟེན་ཉུལ་འགྲོ།།
དགའ་སྐྱོ་རེས་མོས་སུ་འཁོར་བ་ཆོས་ཉིད་ཡིན་ན།།
དེ་ཙམ་སྐྱོ་སྐྱོ་རང་མ་གནང་ལན་ཅིག་གསོན་དང་།།
མཆི་མས་ཡ་ཆུང་དང་འདས་དོན་ལྷན་གཅིག་འཁྲུད་དུས།།
ལག་གི་སྨྱུག་ཆུང་གིས་སེམས་ཀྱི་གསང་བ་གྱེར་ཡོད།།
ཀོ་གྲུ་རླུང་ཁྱེར་གྱིས་ཚེ་སྲོག་སྐྱོབ་ཐབས་མེད་པ།།
འབྱུང་བའི་ཆོས་ཉིད་ཅིག་ཡིན་པ་ཉ་བས་ཤེས་ཡོད།།
གྲུ་ཁེམ་སྐྱ་གཡུག་གིས་ལུས་ཤུགས་སེམས་ཤུགས་ཟད་ཀྱང་།།
འགྱོད་བློ་ལན་ཅིག་ལ་མེད་པ་ཉ་བའི་རང་གཤིས།།
རྐང་བ་འཁྱར་འཁྱོར་གྱིས་འཁོར་བའི་ཟློས་གར་འཁྲབ་ན།།
ཟིན་མེད་ལས་བསྐོས་འདིས་ལུས་སེམས་ལྕུག་ལྕུག་འདར་ཡོང་།།
སྣང་བའི་སྨུག་ལིང་འདི་རླུང་གིས་གཏོར་ལ་ཉེ་དུས།།
ཕྱི་མིག་ཞེན་ཆགས་ཀྱིས་བསྐྱུར་པའི་སྡུག་བསྔལ་ཨ་ཙི།།
ཡེར་གྱིས་ལན་ཅིག་ལ་སད་པའི་རྨི་ལམ་ཟ་ཟི།།
འཚོ་བའི་བདེན་པ་ཡི་རོལ་དབྱངས་ཤོག་ངོར་འབྲི་དུས།།
རང་སེམས་དྭངས་གཙང་གི་རང་གཤིས་ཇི་བཞིན་ཕྲིས་ན།།
འཁོར་བའི་མཛའ་གཞས་ལ་དེ་ལས་ལྷག་ཅིག་མི་འདུག།
དོ་ནུབ་ཟླ་བ་ཡང་ངུ་ཞིང་ནམ་མཁའ་སྨྲེང་བས།།
ཁང་ཆུང་གྲུ་ཟུར་ནས་སེམས་ཀྱི་ཕྱེ་ལེབ་འཕུར་སོང་།།
རི་ཀློང་ལ་ཐང་ཀུན་གཡོགས་པའི་མཚན་སྨག་འཐིབས་ཀྱང་།།
སྐྱིད་བདེ་གུ་ཡངས་ཤིག་བཙལ་འདོད་གཤོག་འགྱུ་མི་ལྷོད།།
ཡིད་ཀྱི་གནས་མལ་ཙམ་འཚོལ་བའི་ཞེ་འདང་འཇིག་རྟེན།།
ནམ་ཞིག་ཚེ་སྨད་ཀྱི་བདེ་བའི་བསྟི་གནས་འཐོབ་ན།།
རང་སེམས་རེ་འདུན་གྱི་འབོད་པ་ཤུལ་མེད་དོར་ནས།།
སེམས་འདི་ཁྱེད་རྗེས་སུ་འབྲང་སྟེ་ངེས་མེད་ཡན་འགྲོ།།
ལྕང་ལོ་ཟེད་ཟེད་འདིས་ང་ལ་མི་ཁ་མ་གཏང་།།
ལུས་ཕྱེད་སྒྲིབ་མྱོང་གི་འདས་དོན་བྲང་ལ་བསྐྱིལ་ཡོང་།།
དར་སྲབ་གོས་དམར་ལ་མདུད་པ་ལན་ཅིག་བོར་ན།།
རེ་སྨོན་ཁྲི་ཕྲག་གིས་ད་རུང་མ་བཀྲོལ་བསྒུགས་ཡོད།།
སེམས་ཀྱི་ཉ་མོ་ལ་བརྩེ་བའི་གཤོག་ཟུང་འཁྱུག་གིན།།
འཁོར་བའི་རྒྱུད་སྐུད་ཀྱི་དྭངས་གསལ་རོལ་མོ་འཁྲོལ་དུས།།
རྒྱང་རིང་ས་མཐའ་ནས་དྲི་བཞོན་རླུང་ལ་བསྐུར་པའི།།
སྙིང་གཏམ་ཤམ་ཤམ་དེ་སེམས་ཀྱི་ཡོལ་གོར་འཁྱིལ་ཡོང་།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།