ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་དུ་དགོད་ཐུབ་མེད་པའི་ཚིགས་བཅད་སྙན་ངག
དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་དུ་དགོད་ཐུབ་མེད་པའི་ཚིགས་བཅད་སྙན་ངག
རྩོམ་པ་པོ།:དོན་གྲུབ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-24 14:47:01
ཀློག་གྲངས།:
ཁྲུས་ཀ་འཇམ་དབྱངས་ཆོས་རྫོང་ལ་བསྟོད་པ་ལྷག་བསམ་དུང་གི་སྒྲ་དབྱངས།
རང་གྲོལ།
ཁ་བའི་རྡུལ་ཕྲན་མངོན་མཐོར་བརྩེགས་པ་རི་རབ་ལྷུན་པོའི་ཁེངས་པ་སྙིལ་བྱེད་སཱ་ལའི་ལྗོངས་ཀྱི་ལྟེ་བ་ན།།
རྒྱལ་བྱེད་ཚལ་དང་སྐབས་གསུམ་གནས་ལ་ཅོ་འདྲིའི་ཚིག་གི་དྲི་བསུང་རབ་མནམས་གཙུག་ལག་ཨུཏྤལ་དོག་པ་ཅན།།
ཁྲུས་ཀ་འཇམ་དབྱངས་ཆོས་ཀྱི་རྫོང་ཞེས་གྲགས་སྙན་ནོར་བུའི་ཟེའུ་འབྲུ་རབ་དགོད་མདོ་སྔགས་ཆོས་ཀྱི་འཕྱང་འཕྲུལ་འདི།།
ཕྱོགས་ཀྱི་བུ་མོའི་སྙན་ཤལ་རིང་པོ་མཛེས་པར་རྒྱན་ལ་བདག་བློ་མངོན་ཕྱོགས་ལྷག་བསམ་དུང་གི་དབྱངས་འདིར་གསོན།།
རྫ་རི་ཕྲེང་བའི་གང་བུ་མངལ་གྱི་སྦུབས།།
ཡོངས་སུ་གྲོལ་པ་དགུ་འགྱུར་པད་མོ་རོང་།།
རྨ་ཀླུང་དགུ་ཆུ་ཆབ་གཉིས་འདུས་པའི་མདོ།།
མི་འགྱུར་རྡོ་རྗེ་དཔལ་ཡོན་འཛིན་པ་ཡོད།།
བྱང་ན་བྱ་ཁྱུང་སྐུ་འབུམ་ཆོས་ཀྱི་སྡེ།།
བློ་བཟང་རྒྱལ་བའི་བསྟན་པའི་གཞི་མ་སྟེ།།
ཞྭ་སེར་ཅོད་པན་ངུར་སྨྲིག་གོས་ཅན་གྱིས།།
དད་པའི་སྙིམ་པ་སྦྱོར་བའི་རྟེན་དུ་བྱེད།།
ལྷོ་ན་རིག་པ་འབྱུང་བའི་གྲོང་ཁྱེར་ཏེ།།
སྙིགས་དུས་བསྟན་པ་སྐྱོང་ལ་ཟླ་བྲལ་བ།།
སྐལ་ལྡན་བླ་མའི་ཐུགས་བསྐྱེད་ལ་ཆགས་པའི།།
རོང་བོ་ཆོས་ཀྱི་སྡེ་ཆེན་ལྷམ་མེར་མཛེས།།
ཤར་ན་བསྟན་པའི་མེ་རོ་སླར་གསོས་པའི།།
དམར་གཡོ་གཙང་གསུམ་བཞུགས་པའི་བསྟི་གནས་མཆོག།
བླ་ཆེན་དགོངས་པ་གསལ་སོགསམཁས་གྲུབ་མང་།།
འཁྲུངས་པའི་ཏན་ཏིག་ཤེལ་གྱི་ཡང་དགོན་ཡོད།།
དེ་ལྟར་ཕྱོགས་དང་ཕྱོགས་ཀྱི་མཚམས་དག་ན།།
གྲོང་དང་གྲོང་ཁྱེར་མཁའ་ཡི་རྒྱུ་སྐར་བཞིན།།
དགོན་དང་དབེན་གནས་གནམ་གྱི་དགུ་ཚིགས་ལྟར།།
མིག་སྟོང་ཅན་ཡང་ལྟ་བའི་ངལ་བ་འཛིན།།
དེ་ལྟའི་དགེ་མཚན་བརྗོད་ཀྱིས་མི་ལངས་པའི།།
དགུ་འགྱུར་པདྨོ་རོང་གི་ལྷོ་ཕྱོགས་ན།།
འཕྲིན་ལས་བླ་མའི་འཕྲིན་ལས་དར་བའི་བརྡར།།
འཇམ་དབྱངས་ཆོས་རྫོང་ལྷུན་གྱིས་གྲུབ་པ་ཡོད།།
ཡུལ་འདིར་བཀྲ་ཤིས་མཚན་མ་བརྒྱད་དང་ལྡན།།
གནས་འདིར་རྒྱལ་སྲིད་རྣམ་གྲངས་བདུན་ཡང་འཛོམས།།
མདུན་རི་ཕར་ཕྱིན་དྲུག་གི་རྫོང་ཆེན་དང་།།
རྒྱབ་རི་རྒྱལ་བ་རིགས་ལྔའི་བསྟི་གནས་ཡིན།།
ཕུ་ཆུ་བདུད་བཞི་འཇོམས་པའི་བདུད་རྩི་དང་།།
མདའ་ལུང་སྐུ་གསུམ་ངོ་བོ་དབྱེར་མེད་ལ།།
དགོན་འདི་སྒྲིབ་གཉིས་སེལ་བའི་གཉེན་པོ་དང་།།
རྒྱལ་བསྟན་རྣམ་གཉིས་རྒྱས་པའི་ནཱ་ལེན་དྲ།།
འོན་ཀྱང་རྩོད་ལྡན་སྙིགས་མའི་དུས་འདིར་འགྲོ་བའི་བསོད་ནམས་ཟད་པའི་བརྡར།།
ཀྱེ་ཧུད་བླ་མའི་བྱིན་རླབས་ཉི་མ་ནུབ་ཕྱོགས་ཕང་བར་མནལ་གཟིམས་ཚེ།།
བདུད་ཀྱི་ཞུགས་ཆེན་སྙིང་ལ་ཟུག་པའི་གདོལ་བའི་རིགས་ཅན་འགའ་ཞིག་གིས།།
ཐར་ལམ་བགྲོད་པའི་ཐེམ་སྐས་འདི་ཡང་རྨང་ནས་བསྒྱེལ་པ་འདི་རེ་སྐྱོ།།
དེ་ལྟ་ན་ཡང་དེང་གི་དུས།།
དགེ་ལེགས་ཁྱུང་སྔོན་ལས་སྐྱེས་ཏེ།།
ཐུབ་བསྟན་བཅུ་གཉིས་བདག་པོ་མཆོག།
སླར་ཡང་འཆར་བའི་སྐལ་བ་བྱུང་།།
རིགས་ཀྱི་བུ་སྲས་པདྨ་དཀར།།
ངུར་སྨྲིག་གེ་སར་གཡོ་བཞིན་དུ།།
འགྲོ་དོན་སྦྲང་རྩིའི་རྒྱལ་མཚན་ཆེ།།
བསྒྲེངས་པའི་ཟློས་གར་མིག་ལ་མཛེས།།
བུ་རམ་ཤིང་བའི་བཞེད་དགོངས་ཀྱི།།
ཛམྦུ་པྲྀཀྵཱའི་ལྗོན་དབང་ནི།།
མ་དྲོས་མཚོ་ཡི་འགྲམ་པ་ལ།།
སར་བ་སར་བའི་ལང་ཚོ་ངོམ།།
ལྷག་པར་བློ་བཟང་རྒྱལ་བའི་བསྟན།།
དོན་ལྡན་བ་ཀུ་ལ་ཡི་ཤིང་།།
མཛེས་མའི་འགྲམ་ཆང་གིས་ཕྱེས་ཏེ།།
རབ་བྱུང་ཚོགས་རྣམས་འཕྱར་གཡེང་བྱེད།།
སྨིག་རྒྱུའི་ཆུ་ཡིས་རབ་བསླུས་པའི།།
འགྲོ་བའི་རི་དྭགས་སྐོམ་པ་རྣམས།།
ལོག་པའི་ལམ་ལས་ཕྱིར་བཟློག་སྟེ།།
ཛ་ཧུའི་བུ་མོའི་ལྟོ་བར་ཞུགས།།
མཆོག་གསུམ་བདེན་པའི་གདུགས་དཀར་པོ།།
གུས་པའི་སྒེག་འཆང་དད་ལྡན་གྱི།།
མང་མའི་སྤྱི་བོའི་བླ་ན་འཁོར།།
འཇམ་དཔལ་པད་དཀར་སྐྱེད་ཚལ་ལས།།
འོང་བའི་དབྱངས་སྙན་རྐང་དྲུག་གི།།
དམ་ཆོས་མགྲིན་སྒྲ་འགྱུར་ཁུགས་ཅན།།
དབེན་པའི་རྫོང་འདིར་ལྷང་ལྷང་འགེངས།།
འཇམ་དབྱངས་ཆོས་རྫོང་འོ་མའི་མཚོར།།
ཚུལ་ཁྲིམས་གཙང་མ་ལ་གནས་པའི།།
གསེར་གྱི་ཉ་མོ་སྤུན་བདུན་རྣམས།།
བག་ཡོད་འཁྱུག་འགྲོའི་རྩལ་གྱིས་སྙེམས།།
ཐོས་བསམ་སྒོམ་པའི་བུམ་བཟང་ལས།།
འོངས་པའི་མཁས་བཙུན་བཟང་གསུམ་གྱི།།
སྨན་གྱི་བདུད་རྩི་ལ་བཏུང་བས།།
ཕྱོགས་ལས་རྒྱལ་བའི་གྲགས་སྙན་འབར།།
འགྲོ་བའི་བསོད་ནམས་དཔལ་བེའུ་ལ།།
ཉེ་ཆར་ཆགས་པའི་དགེ་བཅུའི་རིགས།།
ཀུན་གྱི་སྙིང་གར་བཀོད་བྱས་ཏེ།།
མི་དགེའི་ལས་རྣམས་འདག་པར་སྨོན།།
རྒྱུ་འབྲས་བདེན་པའི་འཁོར་ལོ་ཡང་།།
ཀུན་ལ་སྙོམས་པོར་འཁོར་ངེས་པས།།
སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཏེ།།
ངེས་འབྱུང་སེམས་དང་ལྡན་པར་ཤོག།
མདོར་ན་འཇམ་དབྱངས་ཆོས་རྫོང་གི།།
གྲགས་སྙན་ལྷག་བསམ་དུང་ཆེན་འདི།།
བདག་གིས་ལན་གཅིག་བུས་པ་ཡིས།།
ཐུབ་བསྟན་རྒྱལ་མཚན་བརྟན་གྱུར་ཅིག།
རྒྱལ་བྱེད་ཚལ་དང་སྐབས་གསུམ་གནས་ལ་ཅོ་འདྲིའི་ཚིག་གི་དྲི་བསུང་རབ་མནམས་གཙུག་ལག་ཨུཏྤལ་དོག་པ་ཅན།།
ཁྲུས་ཀ་འཇམ་དབྱངས་ཆོས་ཀྱི་རྫོང་ཞེས་གྲགས་སྙན་ནོར་བུའི་ཟེའུ་འབྲུ་རབ་དགོད་མདོ་སྔགས་ཆོས་ཀྱི་འཕྱང་འཕྲུལ་འདི།།
ཕྱོགས་ཀྱི་བུ་མོའི་སྙན་ཤལ་རིང་པོ་མཛེས་པར་རྒྱན་ལ་བདག་བློ་མངོན་ཕྱོགས་ལྷག་བསམ་དུང་གི་དབྱངས་འདིར་གསོན།།
རྫ་རི་ཕྲེང་བའི་གང་བུ་མངལ་གྱི་སྦུབས།།
ཡོངས་སུ་གྲོལ་པ་དགུ་འགྱུར་པད་མོ་རོང་།།
རྨ་ཀླུང་དགུ་ཆུ་ཆབ་གཉིས་འདུས་པའི་མདོ།།
མི་འགྱུར་རྡོ་རྗེ་དཔལ་ཡོན་འཛིན་པ་ཡོད།།
བྱང་ན་བྱ་ཁྱུང་སྐུ་འབུམ་ཆོས་ཀྱི་སྡེ།།
བློ་བཟང་རྒྱལ་བའི་བསྟན་པའི་གཞི་མ་སྟེ།།
ཞྭ་སེར་ཅོད་པན་ངུར་སྨྲིག་གོས་ཅན་གྱིས།།
དད་པའི་སྙིམ་པ་སྦྱོར་བའི་རྟེན་དུ་བྱེད།།
ལྷོ་ན་རིག་པ་འབྱུང་བའི་གྲོང་ཁྱེར་ཏེ།།
སྙིགས་དུས་བསྟན་པ་སྐྱོང་ལ་ཟླ་བྲལ་བ།།
སྐལ་ལྡན་བླ་མའི་ཐུགས་བསྐྱེད་ལ་ཆགས་པའི།།
རོང་བོ་ཆོས་ཀྱི་སྡེ་ཆེན་ལྷམ་མེར་མཛེས།།
ཤར་ན་བསྟན་པའི་མེ་རོ་སླར་གསོས་པའི།།
དམར་གཡོ་གཙང་གསུམ་བཞུགས་པའི་བསྟི་གནས་མཆོག།
བླ་ཆེན་དགོངས་པ་གསལ་སོགསམཁས་གྲུབ་མང་།།
འཁྲུངས་པའི་ཏན་ཏིག་ཤེལ་གྱི་ཡང་དགོན་ཡོད།།
དེ་ལྟར་ཕྱོགས་དང་ཕྱོགས་ཀྱི་མཚམས་དག་ན།།
གྲོང་དང་གྲོང་ཁྱེར་མཁའ་ཡི་རྒྱུ་སྐར་བཞིན།།
དགོན་དང་དབེན་གནས་གནམ་གྱི་དགུ་ཚིགས་ལྟར།།
མིག་སྟོང་ཅན་ཡང་ལྟ་བའི་ངལ་བ་འཛིན།།
དེ་ལྟའི་དགེ་མཚན་བརྗོད་ཀྱིས་མི་ལངས་པའི།།
དགུ་འགྱུར་པདྨོ་རོང་གི་ལྷོ་ཕྱོགས་ན།།
འཕྲིན་ལས་བླ་མའི་འཕྲིན་ལས་དར་བའི་བརྡར།།
འཇམ་དབྱངས་ཆོས་རྫོང་ལྷུན་གྱིས་གྲུབ་པ་ཡོད།།
ཡུལ་འདིར་བཀྲ་ཤིས་མཚན་མ་བརྒྱད་དང་ལྡན།།
གནས་འདིར་རྒྱལ་སྲིད་རྣམ་གྲངས་བདུན་ཡང་འཛོམས།།
མདུན་རི་ཕར་ཕྱིན་དྲུག་གི་རྫོང་ཆེན་དང་།།
རྒྱབ་རི་རྒྱལ་བ་རིགས་ལྔའི་བསྟི་གནས་ཡིན།།
ཕུ་ཆུ་བདུད་བཞི་འཇོམས་པའི་བདུད་རྩི་དང་།།
མདའ་ལུང་སྐུ་གསུམ་ངོ་བོ་དབྱེར་མེད་ལ།།
དགོན་འདི་སྒྲིབ་གཉིས་སེལ་བའི་གཉེན་པོ་དང་།།
རྒྱལ་བསྟན་རྣམ་གཉིས་རྒྱས་པའི་ནཱ་ལེན་དྲ།།
འོན་ཀྱང་རྩོད་ལྡན་སྙིགས་མའི་དུས་འདིར་འགྲོ་བའི་བསོད་ནམས་ཟད་པའི་བརྡར།།
ཀྱེ་ཧུད་བླ་མའི་བྱིན་རླབས་ཉི་མ་ནུབ་ཕྱོགས་ཕང་བར་མནལ་གཟིམས་ཚེ།།
བདུད་ཀྱི་ཞུགས་ཆེན་སྙིང་ལ་ཟུག་པའི་གདོལ་བའི་རིགས་ཅན་འགའ་ཞིག་གིས།།
ཐར་ལམ་བགྲོད་པའི་ཐེམ་སྐས་འདི་ཡང་རྨང་ནས་བསྒྱེལ་པ་འདི་རེ་སྐྱོ།།
དེ་ལྟ་ན་ཡང་དེང་གི་དུས།།
དགེ་ལེགས་ཁྱུང་སྔོན་ལས་སྐྱེས་ཏེ།།
ཐུབ་བསྟན་བཅུ་གཉིས་བདག་པོ་མཆོག།
སླར་ཡང་འཆར་བའི་སྐལ་བ་བྱུང་།།
རིགས་ཀྱི་བུ་སྲས་པདྨ་དཀར།།
ངུར་སྨྲིག་གེ་སར་གཡོ་བཞིན་དུ།།
འགྲོ་དོན་སྦྲང་རྩིའི་རྒྱལ་མཚན་ཆེ།།
བསྒྲེངས་པའི་ཟློས་གར་མིག་ལ་མཛེས།།
བུ་རམ་ཤིང་བའི་བཞེད་དགོངས་ཀྱི།།
ཛམྦུ་པྲྀཀྵཱའི་ལྗོན་དབང་ནི།།
མ་དྲོས་མཚོ་ཡི་འགྲམ་པ་ལ།།
སར་བ་སར་བའི་ལང་ཚོ་ངོམ།།
ལྷག་པར་བློ་བཟང་རྒྱལ་བའི་བསྟན།།
དོན་ལྡན་བ་ཀུ་ལ་ཡི་ཤིང་།།
མཛེས་མའི་འགྲམ་ཆང་གིས་ཕྱེས་ཏེ།།
རབ་བྱུང་ཚོགས་རྣམས་འཕྱར་གཡེང་བྱེད།།
སྨིག་རྒྱུའི་ཆུ་ཡིས་རབ་བསླུས་པའི།།
འགྲོ་བའི་རི་དྭགས་སྐོམ་པ་རྣམས།།
ལོག་པའི་ལམ་ལས་ཕྱིར་བཟློག་སྟེ།།
ཛ་ཧུའི་བུ་མོའི་ལྟོ་བར་ཞུགས།།
མཆོག་གསུམ་བདེན་པའི་གདུགས་དཀར་པོ།།
གུས་པའི་སྒེག་འཆང་དད་ལྡན་གྱི།།
མང་མའི་སྤྱི་བོའི་བླ་ན་འཁོར།།
འཇམ་དཔལ་པད་དཀར་སྐྱེད་ཚལ་ལས།།
འོང་བའི་དབྱངས་སྙན་རྐང་དྲུག་གི།།
དམ་ཆོས་མགྲིན་སྒྲ་འགྱུར་ཁུགས་ཅན།།
དབེན་པའི་རྫོང་འདིར་ལྷང་ལྷང་འགེངས།།
འཇམ་དབྱངས་ཆོས་རྫོང་འོ་མའི་མཚོར།།
ཚུལ་ཁྲིམས་གཙང་མ་ལ་གནས་པའི།།
གསེར་གྱི་ཉ་མོ་སྤུན་བདུན་རྣམས།།
བག་ཡོད་འཁྱུག་འགྲོའི་རྩལ་གྱིས་སྙེམས།།
ཐོས་བསམ་སྒོམ་པའི་བུམ་བཟང་ལས།།
འོངས་པའི་མཁས་བཙུན་བཟང་གསུམ་གྱི།།
སྨན་གྱི་བདུད་རྩི་ལ་བཏུང་བས།།
ཕྱོགས་ལས་རྒྱལ་བའི་གྲགས་སྙན་འབར།།
འགྲོ་བའི་བསོད་ནམས་དཔལ་བེའུ་ལ།།
ཉེ་ཆར་ཆགས་པའི་དགེ་བཅུའི་རིགས།།
ཀུན་གྱི་སྙིང་གར་བཀོད་བྱས་ཏེ།།
མི་དགེའི་ལས་རྣམས་འདག་པར་སྨོན།།
རྒྱུ་འབྲས་བདེན་པའི་འཁོར་ལོ་ཡང་།།
ཀུན་ལ་སྙོམས་པོར་འཁོར་ངེས་པས།།
སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཏེ།།
ངེས་འབྱུང་སེམས་དང་ལྡན་པར་ཤོག།
མདོར་ན་འཇམ་དབྱངས་ཆོས་རྫོང་གི།།
གྲགས་སྙན་ལྷག་བསམ་དུང་ཆེན་འདི།།
བདག་གིས་ལན་གཅིག་བུས་པ་ཡིས།།
ཐུབ་བསྟན་རྒྱལ་མཚན་བརྟན་གྱུར་ཅིག།
ཅེས་པ་འདི་ཆབ་ཆ་བཀྲ་ཤིས་དར་ཐང་ལ་འགྲོ་སྐབས་སུ་རང་ཡུལ་དགོན་སྡེ་ཁྲུས་ཀ་འཇམ་དབྱངས་ཆོས་རྫོང་དུ་ཉི་ཤར་འབྲུག་གི་ཆ་ལ་ཐོལ་བྱུང་དུ་བྲིས་པའོ། །
མཆན། གཅན་ཚ་རྫོང་གཅན་ཚའི་ཐང་སྤྲེལ་ནག་པ་ཚེ་རིང་གིས་མཁོ་སྤྲོད་བྱས་ཤིང་རྐང་ལམ་ཕྲ་མོ་འཕྲིན་སྟེགས་ལས་བཤུས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།