• རང་ཁྱིམ་གྱི་གསེར་མདོག་མཐའ་དག་ཉི་འོད་དང་འདྲ་བར་ནམ་མཁའི་རྒྱན་ཆ་རེད་མོད།འོན་ཀྱང་།སྐར་ཚོམ་ལྟ་བུའི་མི་ཚོགས་ཀྱི་རྔམ་བརྗིད་ཁྲོད་རླུང་ཆེན་གྱི་གཤོག་པ་ཐོགས་པའི་བྱ་རྒོད་དགསྔ་མོ་ནས་ས་ཆེན་གྱི་མཐོ་སར་བབས་ནས།ཁྲག་དྲོན་གྱི་འབབ་རྒྱུན་དང་ལོངས་སྤྱོད་ཀྱི་མངའ་ཐང་།དུངས་སེམས་ཀྱི་མཛའ་གཞས།རེ་རེ་ལ་སྒྱུ་འཕྲུལ་གྱི་མིག་འབྲས་བརྐྱངས་ཚར་བ་ཇི་འདྲའི་ཡ་རེ་ང་ཨང་།...

    2024-04-09 10:13:24 ས་དཀྱིལ་ཚེ་བཀྲ། 15245
  • གཉིད་དུ་ཡུར་པའི་ལུད་པ།ཁྱོད་གཅིག་པུའི་འབྱོར་བ་ག་ལ་ཡིན།ང་གཅིག་པུའི་འབྱར་བག་ག་ལ་ཡིན།གློ་བའི་གཏིང་འོག་ལ་ཞིབ་ཉན་ཐེངས་ཤིག་བྱོས།ད་དུང་ཅི་ཞིག་ལྷག་འདུག་གམ།...

    2024-04-06 13:41:54 ཞི་བདེ་ཉི་མ། 9898
  • ཁ་འབྲས་མཚར་བའི་ཨོ་ལོ།།ཁ་ཐག་རིང་བའི་གསལ་སྒྲོན།།ཆུ་དང་ཟམ་པའི་ལས་ལ།།མཉམ་དུ་སྡོད་དབང་མ་བྱུང་།།ལས་སྣང་ཡོད་ཡོད་འདྲ་ལེ།།འུ་གཉིས་སྐྱེས་ས་སོ་སོ།།ལས་འཕྲོ་མེད་མེད་འདྲ་ལེ།།འུ་གཉིས་རྒས་ས་སོ་སོ།།...

    2024-04-03 11:33:20 ཚྭ་རྡེའུ། 11742
  • གནའ་དུས་སུ་རྨ་དར་གོང་ཁ་ནི་གཅན་ཚ་ཉིན་སྲིབ་བར་གྱི་རྨ་ཆུའི་རབ་ཁ་ཞིག་ཡིན།མཁས་པ་མི་གསུམ་རྨ་དར་གོང་བ་བརྒྱུད་ནས་ཏན་ཏིག་དབེན་པའི་གནས་སུ་ཕེབས་མྱོང་ལ།ལྷ་ལུང་དཔལ་རྡོར་རྨ་དར་གོང་བ་བརྒྱུད་ནས་སྟོང་རུ་མཚོ་ནག་ཏུ་བཞུད་མྱོང་།ས་སྐྱ་པཎ་ཆེན་རྨ་དར་གོང་བ་བརྒྱུད་ནས་ལོ་རྡོ་རྗེ་བྲག་ཏུ་ཕེབས་མྱོང་ལ།ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་རྨ་དར་གོང་བ་བརྒྱུད་ནས་སེངྒེ་རི་ཁྲོད་དུ་ཕེབས་མྱོང་།...

    2024-03-25 09:26:34 རྡོ་རིང་པདྨ་དབང་ཆེན། 11928
  • བློ་མཐུན་ངག་དབང་བློ་བཟང་གི་མི་ཚེའི་འགྲུལ་བཞུད་གླེང་བ། གཟི་མིག་དགུ་པ།

    ལོ་ཤས་རིང་དགོན་པའི་མ་དངུལ་ཕྲན་ཙམ་དེ་བཀོལ་ནས་བྱང་ནག་ཆུ་དང་དགའ་ཆབ་མདོ།ནང་ཆེན།ཆུ་དམར་ལེབ་རྫོང་།འབྲི་སྟོད།རི་བོ་ཆེ།དགའ་སྐྱེ་རྒུ་མདོ་སོགས་སུ་རྟ་ཁལ་བཀོལ་ཏེ་འགྲོ་བསྐྱོད་ཐེངས་མང་བྱེད་མྱོང་ལ།སྐབས་དེ་དུས་ངས་རང་ཡུལ་ནས་བྱང་རྒྱུད་ལ་ཤིན་ཏུ་མཁོ་བའི་ཡུལ་པའི་ཐོན་རྫས་སྣ་ཚོགས་ཕར་ལ་འབོར་འདྲེན་བྱས་ཏེ།དེ་དག་སླར་ཡང་ཤ་མར་དང་བལ་རྩིད།ཁུ་ལུ་དང་པགས་རིགས།ཕྱུར་ཐུད་སོགས་ལ་བརྗེས་ཤིང་ལྷོ་བྱང་གི་བགྲོད་ལམ་མང་པོ་ལོ་ཟླ་ཞག་གིས་འཇལ་བ་ཡང་ཉུང་ཉུང་ཞིག་གཏན་ནས་མིན།ཕྱིས་སུ་ལྷ་ས་དང་ཁྲི་འདུ་སོགས་བོད་རིགས་འདུས་སྡོད་ཆེ་སའི་ས་གནས་མང་པོ་བརྒྱུད་དེ་ཚོང་ཟོག་བླངས་ཤིང་སོག་རྫོང་རྒྱལ་ཆེན་ཤང་དུ་ཡང་ཆོས་འཁོར་དགོན་པའི་སྤྱི་གསོའི་ཚོང་ཁང་ཞིག་གཏན་འཇགས་སུ་བཙུགས་པ་ཡིན།ལས་ཀ་དེའི་ལྡོག་ཕྱོགས་ནས་བསམས་ན་རྙོག་འཛིང་ཆེ་ལ་འབབ་སྒོ་ཉུང་བ་ཞིག་ཡིན་རུང་།དྲང་ཕྱོགས་ནས་བལྟས་ན་མང་ཚོགས་ཀྱི་ཉོ་སྒྲུབ་ལ་དགོས་མཁོ་སྐོང་བ་དང་ཁེ་བཟང་ཡང་གང་འཚམ་ཡོང་རྒྱུ་ཡོད་པ་ཞིག་རེད།དུས་མཚུངས་ནང་ས་ནས་དབོར་འདྲེན་བྱས་པའི་ཅ་དངོས་རྣམས་འབྲི་རུ་རྫོང་དང་སོག་རྫོང་།དེ་བཞིན་དཀར་ཤོད་ཁུལ་དུ་ཡོད་པའི་ཤང་གཉིས་ཏེ།ད་ལྟའི་རྒྱལ་ཆེན་ཤང་དང་དཀར་སྨད་སོགས་ལ་བཙོང་པ་ཡིན།ང་ལ་མཚོན་ན་ཉམས་མྱོང་དབུལ་བའི་ཁར་སྐབས་དེར་འགྲིམ་འགྲུལ་དང་བརྡ་འཕྲིན་གྱི་ཆ་རྐྱེན་ཧ་ཅང་ཞན་སྟབས།ཚོང་ཟོག་མང་པོ་ཞིག་དུས་ཐོག་ཏུ་བྲིན་མ་ཐུབ་པ་དང་དགོས་མཁོར་བསྟུན་པའི་ཡུལ་ཟོག་རྣམས་དབོར་འདྲེན་ལ་ཚད་བཀག་བྱུང་བ།བལ་དང་ཀོ་བ།ཇ་དང་ཚྭ།འབྲུ་རིགས་བཅས་ཁག་ཅིག་ནི་ཐོག་མའི་འཆར་གཞི་ལྟར་ཚོང་ལས་ལམ་ལྷོང་དུ་མ་བྱུང་བས།དགོན་སྡེའི་གཏོང་སྤྲོད་སྐབས་མི་དམངས་ཤོག་སྒོར་ཁྲི་གཅིག་དང་བདུན་སྟོང་ལྷག་ཆད་ཅིང་བུན་འཇལ་མ་ཐུབ།སྐབས་དེར་དངུལ་ཤུགས་ཆེ...

    2024-03-14 08:56:46 གཟི་མིག་དགུ་པ། 9256
  • ཁྱོད་གཅིག་པུ་ལ་ཐོབ་པ་མ་ཡིན་པའི་ཁེངས་པ་དང་ངོ་སོ་དེ།ཡང་རྩེ་དེ་ནས་ཁྱོད་གཅིག་པུས་བཏོགས་འོང་ཉིན།མཁུར་ཚོས་དམར་པོ་ཅན་དག་གི་སོ་འཛུམ་གྱི་འོ་མ་དེ།སེམས་ཁ་འཕར་བའི་ཚ་དྲོད་ཀྱིས་མཆུ་ཁུད་ན་ལྷོག་ལྷོག་ཁོལ་མོད།སྒལ་གཞུང་ན་བརླན་ནས་བསྐམ་བསྐམས་ནས་བརླན་པའི་རྔུལ་ནགལྷུ་ཚིགས་ན་ཁོལ་ནས་ཡལ་ཡལ་ནས་ཁོལ་བའི་རུས་ཟུགརྐང་མཐིལ་ན་བརྡོལ་ནས་རལ་རལ་ནས་བརྡོལ་བའི་ཆུ་ཐུམ།ཁ་སྐྱུར་དུ་མ་ཁྱོད་གཅིག་པུས་བཏུང་ཉིན་དེ་ཚོའམ་ང་ཚོ་གང་དུ་ཡོད།...

    2024-03-12 11:22:52 འཇུ་སྐལ་བཟང་། 13601
  • འདབ་མ་ལང་ཚོ་ཡིན་པ་སེམས་ན་བརྗེད་མེད།།ཟེ་སྐུད་དཀྱིལ་སྙིང་ཡིན་པ་མིག་ལ་ལྷུང་ཡོད། རྩ་བ་ལྕུག་ཕྲན་འཁྱུག་པའི་ཉམས་འགྱུར་རེ་ལ།།མི་སེམས་ཆུ་ཡིས་བརླན་པའི་མཛེས་པ་ལྷམ་ཡོད།།...

    2024-03-08 08:25:23 འཆི་མེད། 13672
  • སྨིག་རྒྱུའི་གླིང་གི་གྲོང་ཁྱེར་འདི་ཉིད་ལྷིང་ཞིང་འཇགས།ལྷིང་འཇགས་སུ་གྱུར་པ་ཁོ་ནས།ད་ནི་གཙང་ཆུའི་ཀློང་དུ་རྡེའུ་ཞིག་འཕངས་ཀྱང་།གྲགས་འགུལ་ཅི་ཡང་མེད་པའི་ཚོད་རེད།ཡང་ན་ཅི་ཡང་མི་ཚོར་ཁུལ་བྱས་པ་ཡིན་ནམ།སྨིག་རྒྱུའི་གླིང་དུ།སྦལ་ལྕོང་རྣམས་ཀྱིས་སྒྲུང་བཤད།མགྲིན་བཟང་རྣམས་ཀྱིས་གླུ་ལེན་ཞིང་།གར་གྱི་སྟངས་སྟབས་འགྱེད།སྒྱུ་འཕྲུལ་གྱིས་ཞུགས་པའི་གྲོང་ཁྱེར་འདི་ཉིད།རྡོ་ལེབ་ཚ་མོའི་སྟེང་གི་གྲོག་མ་འདུར་བ་ཇི་བཞིན།མི་ཚོགས་ཀྱི་འདུ་འཛིའི་ཚན་ཁར་རྒྱུན་ཆད་དུ་མེད།མི་རྣམས་གྲོག་ཚང་ལྟ་བུའི་རང་ཤག་ཏུ་འཛུལ་དུས།ལམ་འགྲམ་གྱི་འབུ་སྲིན་དག་ཀོག་མ་ནུར་གྱིས་འགྲོ་བཞིན།ཁང་སྐམ་དུ་བཅུག་པའི་མི་རྣམས་ལ་འཕྱ་དགོད་བྱེད།ད་ནི་སུ་ཞིག་གིས་ཁྱེད་ཀྱི་ངོ་གདོང་མངོན་སུམ་དུ་མཐོང་ངམ།...

    2024-03-06 15:16:05 སྨར་ཁམས་རིན་བཀྲ། 14638
  • དུས་སྐབས་འདིར།ཡུལ་གྲུ་གཞན་གྱི་མི་མང་པོ་ཞིག་གིས་མཐོང་སྣང་གི་ཉི་མ་ལྷ་ས་དང་འཆར་སྒོ་ཁྲོད་ཀྱི་ཉི་མ་ལྷ་ས་གླེང་བཞིན་རང་ས་རང་ཡུལ་ན་བསྡད་ཡོད་པ་ན།ཉི་མ་ལྷ་སར་ལྗོངས་རྒྱུ་བ་མང་པོ་མཐོང་མི་ཐུབ་པ་དང་།གོར་མ་རྡོ་ཡི་གྲོང་ཁྱེར་འདིས་ལྷགས་རླུང་ཁྲོད་ན་ལྷོད་ཀྲིག་གེར།འཁྱག་སིབ་བེར།ངལ་དུབ་དང་བཅས་དགུན་ཁའི་རྗེས་ཀྱི་དཔྱིད་ཀ་དང་།དཔྱིད་ཀའི་རྗེས་ཀྱི་དབྱར་ཁ་དེ་ལ་ངང་སྒུག་བྱེད་བཞིན་ཡོད་ལ།དབྱར་གྱི་དུས་སུ།ཡུལ་གྲུ་གཞན་གྱི་མགྲོན་པོ་ནི་ཤྭ་འོད་བརྡོལ་བ་ཇི་བཞིན་སླེབས་ཡོང་བས།སྒྲོལ་མ་དང་སྒྲོལ་མའི་ཚོགས་པར་མགྲོན་པོ་མང་།ཡོང་འབབ་བཟང་།དེ་དུས་ཁོ་ཚོར་ཁོམ་པ་གཏན་ནས་མེད།...

    2024-02-23 14:53:53 བཀྲ་བྷ། 14593
  • གཟའ་འཁོར་དེར་ང་རང་ལས་རེས་པ་ཡིན་པས་ལས་རེས་ཁང་ནས་དྲོས་ཇ་འཐུངས་རྗེས་ཅོག་ཙེ་ལ་བསྙེས་ཏེ་གཉིད་ལྕོག་ཙམ་བརྒྱབ་པ་ན།གློ་བུར་ང་དང་ཅོག་ཙེ་བཅས་པ་ཡོམ་ཡོམ་བྱས་ཤིང་།དེའི་མུར་མགོ་ན་བ་དང་སྐྱུར་མེར་ལྡང་བ།སྙིང་འཚང་བ་སོགས་བྱུང་བས་ང་རང་སྐྲག་སྣང་གིས་ལས་རེས་ཁང་གི་སྒོར་འབྲོ་ཞོར་མཁྲིག་མའི་དུས་ཚོད་ལ་བལྟས་པ་ན་དུས་ཚོད་གཉིས་དང་ཕྱེད་ཀར་འཐོན་ལ་ཉེ།ངས་དེར་ཡོད་ཀྱི་དགེ་གྲོགས་དང་སློབ་མ་ཚོར་ས་འགུལ་བརྒྱུགས་སོང་།ས་འགུལ་བརྒྱུགས་སོང་ཞེས་པ་ན།ཁོ་ཚོའི་ལ་ལར་མཚར་སྣང་སྐྱེས་ཤིང་ལ་ལ་གད་མོ་ཆེས་ཆེར་དགོད་བཞིན།ས་འགུལ་ལས་རེས་ཁང་དུ་ཁྱོད་སར་བརྒྱུགས་སོང་བ་རེད།ཁྱོད་ཀྱི་རྨི་ལམ་ལ་ས་འགུལ་བྱུང་བ་རེད་སོགས་ཡིད་མ་ཆེས་པའི་ཀུ་རེ་སྣ་ཚོགས་རྩེས།...

    2024-02-21 09:14:15 འཆི་མེད། 14652

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།