དར་ལག་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མས་འགུལ་རིས་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་ཚོར་བརྗོད་པ།

རྩོམ་པ་པོ།: ཟླ་ཚང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-21 10:03:00 ཀློག་གྲངས།:

 ཟླ་ཚང་།
གློག་བརྙན《ཕྲ་རབ་ཀྱི་འཇིག་རྟེན》ལ་བལྟས་རྗེས་ཀྱི་མྱོང་ཚོར།

རྩོམ་པ་པོ་ཆུང་ཆུང་། ཁེངས་བྷོ།

     གཏམ་རྒྱུད་འདི་ནི་ངས་དངོས་སུ་མཐོང་བའི་གཏམ་རྒྱུད་མ་ཡིན། གཏམ་རྒྱུད་འདི་ནི་དགེ་རྒན་ལགས་ཀྱིས་གློག་བརྙན་སློབ་ཐུན་ཞིག་ལ་བསྟན་པའི་སྲོག་ཆགས་སྐོར་གྱི་གློག་བརྙན་ཞིག་ཡིན་པས། གཏམ་རྒྱུད་གློག་བརྙན་དེ་ལ་ལྟ་རྒྱུར་ཧ་ཅང་དགའ་། ཉིན་ཞིག བྱིས་པ་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཝ་ཞིག་མཐོང་། ཝ་ཡིས་ཨ་བྲ་སོགས་འཛིན་པའི་སྐབས། བྱིས་པ་དེས་ཝའི་འཁྲིས་སུ་སོང་ནས་བསྡད། ཡིན་ཡང་། ཝ་ཡིས་ཁོ་མོ་མཐོང་མ་ཐག་ཏུ་བྲོས་སོང་། དེ་ནས་ཁོ་མོས་ཝ་དེ་ནི་རང་གི་གྲོགས་པོ་ཞིག་ཏུ་འགྱུར་བའི་ཆེད་དུ། ནགས་ཁྲོད་ཀྱི་ས་ཆ་གང་སར་བཙལ། གང་སར་སོང་མཐར་ཝ་དེ་རྙེད་བྱུང་བས། ཁོ་མོ་རང་དབང་མེད་པར་དགའ་བ་ཆེན་པོ་སྐྱེས། དུས་ཚོད་ནི་སྐད་ཅིག་ཙམ་ལ་འདས་པས། རིམ་གྱིས་ཁོ་མོ་དང་ཝའི་བར་ལ་སྔར་མེད་ཀྱི་བརྩེ་བ་དྲོན་མོ་ཞིག་འཁྱིལ་བྱུང་། དེ་ནས་ཁོ་མོས་ཝ་དང་ལྷན་དུ་འཚོ་བ་རོལ་བར་མ་ཟད། ཉིན་ཞིག་ཁོ་མོས་ཝ་དེ་ཁོ་མོ་ཚང་ལ་འཁྲིད་སོང་། གློ་བུརབ་ཞིག་གིས། ཝ་ལ་སྐྲག་སྣང་དང་མི་གོམས་པའི་སྣང་བ་ཞིག་བྱིན་པས། ཁང་བརྩེགས་གཉིས་ཀྱི་དྲ་མའི་སྒེའུ་ཁུང་ལས་ཕྱིར་ལྡང་བས། ཝ་མོ་ལ་རྨས་སྐྱོན་ཆེན་པོ་ཕོག་བྱུང་། ཡིན་ཡང་། ཁོ་མོས་ཝ་ལ་སྨན་བཅོས་དང་འཁྲུས་གསོལ་བྱས་ཀྱང་། ཝ་ནི་སྔོན་དང་བསྡུར་ན་ཁོ་མོར་བརྩེ་བ་མེད་པ་དང་ཡིད་ཆེས་མེད་པའི་མིག་མདངས་ཞིག་གིས་ཁོ་མོ་དང་ཝ་མོའི་བར་ལ་བར་ཐག་བྱུང་སོང་། དེ་ནས་ཝ་དང་བྱིས་པ་གཉིས་ཀྱི་གཏམ་རྒྱུད་ཀྱི་མཇུག་སྒྲིལ་སོང་བ་རེད། འདི་ནི་ཝ་དང་བྱིས་པ་གཉིས་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་གཏམ་རྒྱུད་ཞིག་ཡིན། འདི་ནི་བརྗེད་ཐབས་བྲལ་བའི་གློག་བརྙན་བཟང་བོ་ཞིག་ཀྱང་ཡིན།

གློག་བརྙན《ཕྲ་རབ་ཀྱི་འཇིག་རྟེན》ལ་བལྟས་རྗེས་ཀྱི་དགའ་སྐྱོ།
རྩོམ་པ་པོ་ཆུང་ཆུང་། དབྱངས་རིག

     དེ་ཡང་། ས་ཆ་ཞིག་ན་སྲོག་ཆགས་སྣ་ཚོགས་མང་པོ་ཡོད། དེའི་ནང་དུ་ང་རང་གིས་སྲོག་ཆགས་ཀྱི་མིང་ཤེས་བ་ནི་སྡོམ་དང་ཆ་ག་པ། གྲོག་མ། དེ་ཕོ། ད་རུང་སྲོག་ཆགས་མང་པོ་ཡོད་ཀྱང་མཐོང་མ་མྱོང་བའང་ཡོད། ཁོ་ཚོས་རང་རང་སོ་སོའི་ནས་ཁ་ཟས་འཚོལ་བ་དང་རང་རང་གི་བདེ་སྐྱིད་དཔལ་ལ་རོལ་ནས་འཚོ་བ་རོལ་བཞིན་ཡོད། ཉིན་ཞིག སྡོམ་ཞིག་གིས་རང་གི་བ་རྒྱ་བཟོས་ནས་སྲོག་ཆགས་བཟུང་འདོད་ནས་རེ་སྒུག་བྱས་ནས་ཡོད། དེ་ནས་གློ་བུར་དུ་ཆ་ག་པ་གཉིས་རྩེད་མོ་རྩེ་ནས་སྡོམ་གྱི་རྒྱ་ནང་དུ་ཚུད་སོང་། དེ་ནས་སྡོམ་གྱི་ཁོས་རང་དགའ་ནས་མྱུར་དུ་ཆ་ག་པའི་ཁྲག་འཇིབ་ནས་ཆ་ག་བ་དེ་སྡོམ་གྱིས་བསད། དེའི་ཕྱི་ཉིན། གྲོག་མ་མང་པོ་ཞིག་འདུས་ཏེ་རང་རང་གི་འཚོ་བ་རོལ་བའི་དུས་སུ་བྱ་དེ་ཕོ་ཞིག་འོངས་ནས་གྲོག་མ་འགའ་ཤེས། ཁོས་ཁ་ཟས་སུ་བྱས་པ་རེད། དེ་ནས་བཟུང་སྟེ་གྲོག་མ་དང་དེ་ཕོ་གཉིས་དགྲ་ཟླར་གྱུར་སོང་། འདི་ནི་ང་རང་ལ་མཚོན་ན་ཕྲ་རབ་ཀྱི་འཇིག་རྟེན་ཞེས་བའི་གློག་བརྙན་ལ་བལྟས་བའི་མྱོང་བ་ཡིན། བརྗེད་ག་ལ་སྲིད། འདི་ནི་ང་ཚོས་གཟའ་འཁོར་ལྔ་བའི་དགོང་མོར་བལྟས་བའི་གློག་བརྙན་གྱི་རྩོམ་ཞིག་ཡིན་ནོ།།

《ཝ་དང་བྱིས་པའི་གཏམ་རྒྱུད》ཞེས་བའི་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་ཚོར།
རྩོམ་པ་པོ་ཆུང་ཆུང་། ས་སྐྱོང་།

     རེས་གཟའ་ལྔ་བའི་ཉིན་གྱི་ཕྱི་དྲོ་ལ། ང་ཚོ་འཛིན་གྲྭའི་འཛིན་བདག་དཔལ་མཁར་རྒྱལ་གྱིས་ང་ཚོ་ལ་ཝ་དང་བྱིས་པའི་གཏམ་རྒྱུད་ཞེས་བའི་གློག་བརྙན་ཞིག་བསྟན་བྱུང་།  གློག་བརྙན་དེ་ལ་བལྟས་རྗེས། ངའི་སེམས་སུ་སྐྱོ་སྣང་ཆེན་པོ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི་སྔོན་ཆད་ཝ་དང་བྱིས་པ་གཉིས་ཀྱི་བརྩེ་བ་ཧ་ཅང་ཟབ། རྗེས་སུ་བྱིས་པ་དང་ཝ་ཡི་བརྩེ་སེམས་དེའི་ཆད་སོང་། འདི་ལྟ་བུའི་གློག་བརྙན་ཞིག་ལ་མཚོན་ན། ངས་ཆེས་བལྟ་ན་འདོད་པའི་གློག་བརྙན་ཡིན།

འགུལ་རིས་གློག་བརྙན《རྟེའུ་རྒྱལ》གྱི་ཚོར་སྣང་།
རྩོམ་པ་པོ་ཆུང་ཆུང་། མདོ་བསྔགས།
 

     རྩོམ་འདི་ནི་ངས་དངོས་སུ་བྲིས་བ་ཡིན་ཡང་གཏམ་རྒྱུད་ནི་དངོས་སུ་མཐོང་བ་མིན།   དེ་ནི་དགེ་རྒན་དཔལ་མཁར་རྒྱལ་ལགས་ཀྱིས་ང་ཚོ་བསྟན་པའི་འགུལ་རིས་གློག་བརྙན་སྟེ།  རྟེའུ་རྒྱལ་ཞེས་བའི་འགུལ་རིས་གློག་བརྙན་ཞིག་ཡིན། ང་ཚོ་འཛིན་གྲྭ་ལ་གློག་བརྙན་སློབ་ཐུན་ཞེས་གཟའ་འཁོར་རེ་ཟུང་གི་ནང་དུ་ཐེངས་རེར་སྟོན་གྱིན་ཡོད། དེ་ནི་རྒན་ལགས་ཀྱིས་ང་ཚོ་ལ་སྒྲུབ་པའི་སློབ་སྦྱོང་གི་ཁོར་ཡུག་གསར་བ་ཡིན། རྟེའུ་རྒྱལ་ཞེས་གློག་བརྙན་བསྟན་པ་ན། མིག་ལམ་དུ་སྣང་བ་ནི་ཁོད་ཡངས་བའི་རྩྭ་ཐང་གི་སྟེང་དུ་རྟ་མཆོག་ཁྱུ་གཅིག་ཡོད། རྟེའུ་ཆུང་ཆུང་ཞིག་གིས་དྲིན་མ་ལོ་དང་མཉམ་པའི་སྐྱིད་པའི་འཚོ་བ་རོལ་གྱིན་ཡོད། དུས་ཚོད་སྐར་ཆ་རེ་རེར་ངང་ནས་ནར་སོན་བྱུང་། རྟེའུ་དེའི་ནར་སོན་རྗེས།  མགྱོགས་མྱུར་རླུང་དང་འདྲ་བའི་རྒྱུག་རྩལ་ངོམ་གྱིན། ས་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། ལ་རིང་བོ་གྲུ་གུ་སྒྲིལ་སྒྲིལ། ཁིས་ཉག་ཁ་སྒྲོག་གུ་རྟོལ་རྟོལ་བཅས་བྱས། ཉིན་ཞིག  མུ་མཐའ་མེད་པའི་རྩྭ་ཐང་གི་རྟ་མཆོག་དང་རྟ་ཁྱུའི་ཁྲོད་ནས་རྟའི་རྒྱལ་བོར་གྱུར། ངས་འགུལ་རིས་གློག་བརྙན་འདི་ལ་བལྟས་རྗེས། སེམས་སུ་བཤད་དཀའ་བའི་སྤྲོ་སྣང་ཞིག་གནང་བྱུང་། རྒྱུ་མཚན་ནི་རྟ་ཕོ་འདི་མགྱོགས་མྱུར་དང་གོམ་ལག་གི་ཁྲོད་ནས་དཀའ་ཁག་ཇི་འདྲ་འཕྲད་ཀྱང་བརྒལ་ཕོད་པའི་རྐྱེན་ཡིན།

གློག་བརྙན《ཝ་དང་བྱིས་པའི་གཏམ་རྒྱུད》།
རྩོམ་པ་པོ་ཆུང་ཆུང་། དབྱངས་སྒྲོན།

     སློབ་གྲོགས་ཚོ།  ཁྱེད་ཚོས་ཝ་དང་བྱིས་བའི་གཏམ་རྒྱུད་ཞེས་བའི་གློག་བརྙན་ལ་བལྟ་ཨེ་མྱོང་། གློག་བརྙན་དེ་ནི་བརྩེ་སེམས་ཀྱིས་ཕྱུག་པའི་གློག་བརྙན་ཞིག་རེད། ཉིན་ཞིག  བྱིས་པ་ཆུང་ཆུང་ཞིག་སློབ་གྲྭར་ཆས་སྐབས། ལམ་བར་དུ་ཝ་མོ་ཆུང་ཆུང་ཞིག་མཐོང་།   ཁོ་མོས་དེའི་གམ་དུ་བཅར་ཡང་། ཝ་མོ་དེ་བྲོས་སོང་། དེ་ནས་བྱིས་པ་ཆུང་ཆུང་གིས་ཝ་དེ་ཞིབ་མོར་བལྟས་རྗེས། སློབ་གྲྭར་བསྐྱོད། སློབ་གྲྭ་གྲོལ་རྗེས།  ཡང་བསྐྱར་བྱིས་པ་ཆུང་ཆུང་གིས་ཝ་མོ་བཙལ་དུ་་ཕྱིན། སྔར་བཞིན་ཝ་དེ་བྲོས་ནས་གར་སོང་ཆ་མེད་དུ་གྱུར། དེ་ནས་ཉིན་འགའ་འགོར་རྗེས། བྱིས་པ་ཆུང་ཆུང་གིས་ཝ་འཚོལ་བའི་ལམ་བར་དུ། གདུག་རྩུབ་ཆེ་བའི་སྤྱང་ཀི་མང་པོ་ལ་འཕྲད་བྱུང་།  སྤྱང་ཀི་དེ་དག་གིས་ཝ་དེ་ཟ་རྩིས་བྱེད་ཀྱིན་འདུག   སྐབས་དེར་ཁོ་མོས་ཀི་འབོད་དང་ཐབས་ཤེས་སྣ་ཚོགས་སྤྱད་པས་སྤྱང་ཀི་དག་བྲོས་སོང་།  ཤུལ་དུ་ཝ་མོ་སྡོང་སྐམ་ཞིག་གི་མགོ་ན་འདར་སིག་སིག་ངང་བསྡད་འདུག  དེ་ནས་བྱིས་པ་ཆུང་ཆུང་དང་ཝ་མོའི་བར་ལ་ཡལ་མེད་ཀྱི་བརྩེ་བ་ཞིག་ཆགས་སོང་། འདི་ནི་ངའི་སེམས་སུ་ཡལ་ཐབས་མེད་པའི་གཏམ་རྒྱུད་ཞིག་ཡིན་ལ།  དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་གློག་བརྙན་ལེགས་པོ་ཞིགའང་ཡིན།

གློག་བརྙན《དོམ་གྱི་གཏམ་རྒྱུད》།
རྩོམ་པ་པོ་ཆུང་ཆུང་།   ཕུར་སྐྱིད།

     གཏམ་རྒྱུད་དེ་ནི་ངས་དངོས་སུ་མཐོང་བ་མ་ཡིན་ཡང་།  དངོས་སུ་འཕྲད་མྱོང་བའི་འཚོ་བ་ཞིག་དང་འདྲ།  དེའི་ཕྱིར།  ང་རང་ནི་ གློག་བརྙན་འདི་ལ་བལྟ་རྒྱུར་དགའ་བའི་སློབ་མ་ཞིག་ཏུ་གྱུར། ཉིན་ཞིག  དོམ་དང་དོམ་ཕྲུག་གཉིས་སྤྲོ་འཆམ་དུ་སོང་། མཐའ་ཡས་པའི་རྩྭ་ཐང་སྟེང་དུ་དོམ་ཕྲུག་ནི་པྲ་ཆལ་ཞིག་ཡིན་པས་ཨབ་ཁུང་ནང་དུ་ཨ་བྲ་བདའ་ནས་སྡོང་རྒན་ཞིག་གི་འོག་ཏུ་མནན་སོང་།  དོམ་དེ་སྡོང་རྒན་སྟེང་དུ་འགོས་ནས་སྡོང་རྒན་གྱི་རྩ་བ་འདར་སིག་སིག་བྱས།  དོམ་དེས་མ་མཐོང་བར་བྲག་རྡོ་དང་སྡོང་རྒན་དུ་མ་ཞིག་མར་ལྷུང་ནས་ཉམ་ཆུང་བའི་དོམ་ཕྲུག་གི་ཨ་མ་འཇིག་རྟེན་གྱི་གྲུ་ཁ་འདི་དང་ཁ་བྲལ་སོང་།  སྙིང་རྗེ་བའི་དོམ་ཕྲུག་གིས་བེམ་པོ་མཐོང་ནས་མ་བཟོད་པར་མིག་མཐའ་མཆི་མའི་བསྐོར་ནས་རང་ནུས་ཅི་ལྕོགས་ཀྱིས་བེམ་པོའི་སྟེང་དུ་བྲག་རྡོ་སོགས་ཡར་བཀྱགས་མར་འཕེན་བྱས་ཀྱང་། ཡ་ང་བའི་སྐྱོ་གར་གི་ངང་ནས་དོམ་ཨ་མ་འདས་སོང་།  དེ་ནི་དོམ་ཕྲུག་གི་བརྗེད་དཀའ་བའི་འདས་དོན་གྱི་སྣང་ཚུལ་ཞིག་རེད། ང་རང་ཡང་ཆུང་དུས་ནས་ཨ་མ་མེད་པའི་དྭ་ཕྲུག་ཞིག་ཡིན་ཕྱིར། གློག་བརྙན་དེ་ལ་བལྟས་ན་ངས་ཕྱིར་དྲན་གྱི་འཚོ་བ་དེ་སླར་ཡང་དྲན་གསོ་བྱེད་ཐུབ་། ཡིན་ནའང་།  གློག་བརྙན་དེ་བལྟས་ན་བྱིས་དུས་ཀྱི་འཚོ་བ་དང་བརྗེད་མེད་ཀྱི་ལོ་ཟླ་དེ་དག་ཡང་ཡིད་ལ་གསལ་ལེར་དྲན་བྱུང་།  དངོས་གནས་བཟོད་དཀའ་བའི་སེམས་ཀྱི་ན་ཟུག་དང་དོམ་གྱི་གཏམ་རྒྱུད་ཀྱི་གློག་བརྙན་ནི་ངའི་ལས་དབང་དང་འདྲ་བོ་འདུག

དོམ་གྱི་གཏམ་རྒྱུད་དང་ངའི་དགའ་ཕྱོགས།
རྩོམ་པ་པོ་ཆུང་ཆུང་།  བསོད་བསྟན།

     ས་ཆ་ཞིག་ན་དོམ་མ་བུ་གཉིས་ཡོད།  ཁོ་གཉིས་ཀྱིས་འཚོལ་གྱིན་ཡོད། དོམ་ཨ་མས་སེམས་ཆུང་མ་བྱས་པས་བྲག་གསེབ་ནས་ཚེ་སྲོག་ཤོར། དེ་ནས་དོམ་ཕྲུག་གིས་ཤུགས་གང་ཡོད་བཏོན་ནས་དོམ་ཨ་མ་སྐྱོབ་འདོད་ཀྱང་སྐྱོབ་མ་ཐུབ་པར་ཁེར་རྐྱང་དུ་ལུས། དོམ་ཕྲུག་ནི་ཨ་མ་དང་ཁ་བྲལ་ནས་སེམས་སྐྱོ་བའི་མིག་ཆུ་བཞུར། ཁོ་རང་གཅིག་པུ་གང་སར་རྒྱུགས།   དོམ་རྒན་ཞིག་ལ་འཕྲད་ནས་དོམ་ཕྲུག་གིས་འཚོ་བ་སྐྱིད་པོ་རོལ་སོང་། འདི་ནི་གློག་བརྙན་ལས་སྣང་བའི་དོམ་ཕྲུག་ཅིག་གི་ལས་དབང་དང་གཏམ་རྒྱུད་རེད།  ང་ནི་གློག་བརྙན་འདི་ལ་བལྟས་རྗེས།  གློག་བརྙན་ནི་ངའི་དགའ་ཕྱོགས་སུ་གྱུར་བ་རེད།

《ཝ་དང་བྱིས་པའི་གཏམ་རྒྱུད》 གློག་བརྙན་ཞིག་ལ་བལྟས་རྗེས།
རྩོམ་པ་པོ་ཆུང་ཆུང་།  ཨུ་བྷོ། 

     ཉིན་ཞིག་ལ།  བྱིས་པ་ཞིག་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཝ་ཞིག་ཡོད་པ་མཐོང་།   བྱིས་པ་དེའི་གོམ་ཁ་ག་ལེར་ཝའི་ཕྱོགས་སུ་བསྒྱུར། འོན་ཀྱང་། ཝ་ནི་རི་འདབས་སུ་བྲོས་སོང་། ཉིན་དེ་ནས་བཟུང་། བྱིས་པའི་ཝ་དེ་མིག་ལམ་དུ་ཤར་བ་དང་ཝ་ལ་དགའ་བའི་སེམས་ཞིག་དབང་མེད་དུ་སྐྱེས་སོང་། ཕྱི་ཉིན། ཕྱི་རོལ་ན་ཁ་བ་དཀར་བོའི་ན་བཟའ་བཀླུབས་འདུག བྱིས་པ་དེའི་དཀའ་ཚེགས་དང་ངལ་བ་ལ་མ་འཛེམ་པར། ཝ་མོ་འཚོལ་དུ་སོང་།རང་བྱུང་ཁམས་སུ་གནས་བའི་རི་སྐྱེས་སྲོག་ཆགས་མང་པོ་འཕྲད་ཀྱང་། རེ་ཞིག་ཝ་ནི་མ་རྙེད། བློ་རིག་བཀྲ་བའི་བྱིས་པ་ཆུང་ཆུང་འདིས། སྡོང་བོ་ཞིག་གི་སྟེང་དུ་འགོས་ནས་གོ་རེ་ཞིག་སྐུད་སྣེ་ལ་བཏེགས་ནས་ཝ་མོ་ཡོང་བར་རྒྱང་ལྟ་བྱས། ཝ་མོའི་སྣའི་ཚོར་ཤེས་ཀྱིས་གོ་རེ་ཡོད་པ་རྟོགས་ནས་རིམ་གྱིས་བྱིས་པ་ཡོད་སར་ཐོན་བྱུང་། དེ་ནས་ཝ་དང་བྱིས་པ་ལ་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་གཞན་ཞིག་བྱུང་བ་རེད། ཁྱོད་ཀྱིས་གློག་བརྙན་འདི་ལ་བལྟས་ན་གཏམ་རྒྱུད་ཀྱི་མཛེས་བ་མཇུག་ན་ཡོད། འདི་ནི་མི་ཚེ་གཅིག་ལ་བརྗེད་མི་སྲིད་པའི་སྲོག་ཆགས་གཏམ་རྒྱུད་ཀྱི་གློག་བརྙན་ཞིག་ཡིན།

དོམ་གྱི་གཏམ་རྒྱུད་ཞེས་བའི་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་ཚོར།
རྩོམ་པ་པོ་ཆུང་ཆུང་། སྐར་མཚོ།

     དོམ་ཨ་མ་དང་དོམ་ཕྲུག་གཉིས་ཀྱི་འཚོ་བ་ནི་བདེ་སྐྱིད་ཀྱི་དཔལ་ལ་རོལ་གྱིན་འདུག  ཡིན་ཡང་། སྐྱེ་འཆི་ནི་གར་ཡོང་ཆ་མེད་རེད།  ཉིན་ཞིག་ལ། དོམ་ཕྲུག་གི་ཨ་མས་བྲག་གསེབ་ནས་ཟས་འཚོལ་སྐབས། རི་རྡོ་ཉིལ་ནས་དོམ་ཨ་མ་བསད་སོང་། དེ་ནས་བཟུང་དོམ་ཕྲུག་ནི་གྲོགས་མེད་ཁེར་རྐྱང་དུ་གྱུར། རིམ་གྱིས་དོམ་ཕྲུག་ག་ས་གང་སར་ལྡོམ། འཇིགས་སུ་རུང་བའི་དོམ་རྒན་ཞིག་ལ་འཕྲད། དོམ་རྒན་དེ་ནི་རྔོན་པའི་མེ་མདའ་ཕོག་འདུག་པས། ཕ་བོང་ཞིག་གི་ཉེ་འགྲམ་དུ་འཁྱིལ་བའི་རྫིང་བུ་ཞིག་གི་ནང་དུ་ཉལ་འདུག  དེ་ནས་དོམ་ཕྲུག་གིས་དོམ་རྒན་གྱི་རྨ་ཁ་ལ་ལྕེ་ལྡག་བྱས། དུས་ཡུན་རིང་བོ་འགོར་ཚེ། དོམ་རྒན་ནི་དོམ་ཕྲུག་གི་སྐྱབས་མགོན་ལྟ་བུ་གྱུར་བས། དོམ་ཕྲུག་གི་འཚོ་བ་ནི་བདེ་སྐྱིད་ཀྱི་གཏམ་རྒྱུད་དུ་གྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།