ཁ་སང་ལ་ཉན་པ།

རྩོམ་པ་པོ།:རྩེ་སྐྱེས་མེ་བྱ། ཡོང་ཁུངས།: དུས་ཚོད།:2013-09-02 09:20:00 ཀློག་གྲངས།:

            ལུག་སྤགས་གོས་སུ་གྱོན་པའི་སྟོན་ཁ་དེར།།
            སྤལ་ཤུན་ཟས་རུ་གོམས་པའི་འཇིག་རྟེན་ཞིག'
            ཟླ་བའི་གོ་ལ་ཞིག་གི་ཕར་ངོགས་ནས།།
            མཛེས་ལྡན་བུ་མོ་ཞིག་ལ་གད་མོ་སླང་།།
            


            འབར་ཞུན་རླུང་གིས་ཟད་པའི་ཐོ་རེངས་ལ།།
            གངས་ཅན་སྐྱེས་མའི་བཞོ་ལུང་གཡས་སུ་བཏེགས།།
            མར་མེ་རླུང་གིས་སྐྱོམས་པའི་ནུབ་མོ་དེར།།
            དབུ་དཀར་རྒན་པོའི་གཏམ་ལ་རིན་ཐང་ཆེ།།


            ཐང་སྨུག་གཡུ་ལོ་བཞད་པའི་དུས་ཞིག་ལ།།
            འབྲུག་མོས་ཇོ་རུ་དྲན་ཚུལ་གླེང་ན་ཡང་།།
            རེ་དོག་སྐྱ་བོ་ཅན་གྱི་དམུ་རྒོད་ཚོས།།
            སེམས་ལྡན་གཡག་རྒོད་ཅིག་ལ་སྣ་གཅུ་བཞག།


            ལུང་བ་གེ་མོ་ཞིག་གི་འཚེར་ས་ནས།།
            ཉི་ཐིག་དྲོད་མོ་ཞིག་ལ་རེ་སྒུག་བྱས།།
            ཤ་འདྲིས་སྙིང་ཐུབ་གཞོན་ནུའི་བརྩེ་དུང་ལ།།
            ན་ཟུག་ཁྲི་མ་འབུམ་གྱི་བར་ཐག་ཕྱེ།།


            ངུར་སྨིག་ཞིང་ས་འགྲིམ་པའི་རྣམ་དཔྱོད་ཅན།།
            ཁ་བའི་རིག་གཞུང་མིག་གི་དཔྱིད་ཏུ་གཏམས།།
            བརྡ་འཕྲིན་དུས་ཀྱི་ལང་ཚོའི་སོ་ཁ་ན།།
            བདག་གི་ཁ་སང་ངོ་མཚར་ཨེ་མ་རྨད།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།