རྒན་དབྱངས་ཅན་འཚོ་ལ་སྤྲིངས་པའི་ཕྲིན་འཡིག་ཅིག
རྩོམ་པ་པོ།:རིན་ཆེན་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-05 10:09:00
ཀློག་གྲངས།:
གུས་པར་འོས་པའི་རྒན་དབྱངས་ཅན་འཚོ་ལགས།
སྐུ་ཁམས་བཟང་།
སློབ་འབྲིང་འགྲིམས་པའི་སློབ་བུ་ང་རང་། ཉིན་རེར་བདེ་སྐྱིད་དང་དགའ་མོས། སྐྱོ་སྡུག་དང་མཆི་མ་རེ་རེས་སྐྱེལ་མ་བྱས་པའི་ལོ་ཟླ་འདི་དག་གི་རིང་ལ། ཕྲན་གྱིས་སྔར་བཞིན་ཁ་གྱེས་པའི་ཁྱེད་ཀྱི་བྱམས་འཛུམ་དེ་དྲན་བཞིན་མཆིས།
ཁྱེད་དང་འུ་གཉིས་ཀྱི་བར་ཐག་ན་གྱང་མཁར་ཞིག་མ་གཏོགས་མེད་མོད། འོན་ཀྱང་ཁྱེད་དང་ངའི་བར་ཐག་ནི་གནམ་དང་ས་ཡི་བར་སྟོང་བཞིན། ཁྱེད་དང་ངོ་འཕྲད་པའི་གོ་སྐབས་ནི་ཤིན་ཏུ་ཕྲ། ཡིན་ནའང་ཅི་ཞིག་གིས་ཀྱང་ཁྱེད་རང་ངའི་སེམས་ན་གནས་པའི་གོ་ས་དེ་བསྒྱུར་མི་ཐུབ། རྒན་དབྱངས་ཅན་འཚོ་ལགས།
མཚམས་རེར་ཁྱེད་ནི་ངའི་ཨ་མ་དང་འདྲ་ལ། ཡང་མཚམས་རེར་ངའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་ཡང་འདྲ། ཞོགས་པའི་དུས་ཀྱི་འདབ་དྲུག་ཁ་བས་གཡོགས་པའི་ས་འཛིན་མཐོན་པོའི་ངོས་ནི་གསེར་མདོག་གི་ཁུ་བས་བྱུགས་མཁན་གྱི་ཁྲི་གདུགས་གཞོན་ནུ་དེ་ནི་ངས་ཁྱེད་ལ་ཕུལ་བའི་ལྷག་བསམ་གྱི་ཚབ་མཚོན་ཡིན་ལ། མཐོ་དམའ་མི་སྙོམས་པའི་རི་ལུང་ཁྲོད་ན་ཆལ་ཆིལ་དུ་འབབ་པའི་ཀླུ་ཆབ་སྔོན་མོ་དེ་ནི་ཁྱེད་ཀྱི་ཕལ་བ་མིན་པའི་མི་ཚེ་ཡི་གད་རྒྱངས་དང་། འབྱུང་འགྱུར་བདེ་སྐྱིད་ཀྱི་དགོད་སྒྲ་ཡིན། ད་དུང་དཔྱིད་རླུང་གི་དྲི་ཞིམ་ཁྲོད་ན་སྟོབས་ཀྱིས་འབུས་བཞིན་པའི་མྱུ་གུ་ལྗང་པོ་དེ་ནི་ཁྱེད་ཀྱི་མ་འོངས་པའི་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བའི་གྲུབ་འབྲས་ཀྱི་དན་རྟགས་ཡིན།
ཁྱེད་ཀྱིས་ཅི་ལའང་སེམས་ཁྲལ་བྱེད་མི་དགོས། སློབ་བུ་ངས་ངོ་མཚར་དང་དང་མཛེས་སྡུག་ལྡན་པའི་སློབ་འབྲིང་སློབ་ལ་བརྩོན་བཞིན་མཆིས།
མཐར་ཁྱེད་ཀྱི་སྐུ་ལ་ན་ཚ་མེད་ཅིང་། བྱ་བ་ལེགས་འགྲུབ་ཡོང་བའི་སྨོན་ལམ་སྙིང་ནས་འདེབས།
ཞེས་ཁྱེད་ཀྱི་མཐར་ཕྱིན་སློབ་མ་རིན་ཆེན་སྒྲོལ་མ་ནས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།