བོད་ཀྱི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་མཁན་རིག་སྨོན་བསམ་གཏན།
རིག་སྨོན་བསམ་གཏན་གྱིས་སློབ་ཕྲུག་ལ་ཡིག་གཟུགས་ཁྲིད་པ།
རིག་སྨོན་བསམ་གཏན་གྱིས་སློབ་ཕྲུག་ལ་ཡིག་གཟུགས་ཁྲིད་པ།
སློབ་ཕྲུག་དག་གིས་ཡིག་གཟུགས་སྦྱོང་བ།
མདོ་སྨད་དྷི་ཚ་དགོན་ཆེན་གྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་རིག་གཞུང་ཆེད་གཉེར་གསབ་སྦྱོང་འཛིན་གྲྭ་ནི་ད་ལྟའི་བར་སྐབས་དགུ་ལ་སྒྲུབ་པ་ཡིན་ལ། སྐབས་དང་པོར་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་ནས་སྐབས་དགུ་བར་སློབ་མ་དྲུག་བརྒྱ་དང་ལྔ་བཅུ་ལྷག་ལ་སྐབས་རེ་རེར་འཛིན་གྲྭ་རིམ་པར་བཀར་ཏེ། ཐོག་མའི་སྨྱུ་གུ་འཛིན་སྟངས་དང་བཟོ་ལུགས། ཐིག་གདབ་ཚུལ་ནས་རིམ་བཞིན་སྨྱུག་ཁ་བསྐོར་ལུགས་དང་སྨྱུག་འགྲོས་འཐེན་སྟངས་སོགས་རང་བློས་དཔག་ཚོད་ཀྱིས་ཕྲ་ཞིང་ཞིབ་པའི་སྒོ་ནས་འཁྲིད་དེ། བོད་ཡིག་དབུ་ཅན་དང་སུག་རིང་། འཁྱུག་ཡིག་སོགས་ཁུངས་དག་པའི་བྲིས་གཟུགས་སྣ་ཚོགས་ཤིག་སློབ་མའི་དགོས་མཁོ་བཞིན་སློབ་ཁྲིད་བྱས་པ་ཡིན། སྐབས་རེ་རེ་ཡི་སློབ་ཞུགས་སློབ་མ་ནི་ལོ་དྲུག་བདུན་ཅན་གྱི་སློབ་ཆུང་སློབ་མ་དང་ཉི་ཤུ་ནས་སུམ་ཅུའི་བར་གྱི་སློབ་ཆེན་སློབ་མ། ཡང་ན་དགོན་སྡེ་སོ་སོའི་གྲྭ་བཙུན་དང་ལས་རིགས་སོ་སོའི་དགེ་རྒན་དང་ལས་བྱེད་སོགས་སྔ་ཕྱིར་སློབ་མ3600ལྷག་སློབ་ཁྲིད་ལ་ཞུགས་ཡོད།
སློབ་ཕྲུག་དག་གིས་ཡིག་གཟུགས་སྦྱོང་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་ཤེས་རིག་སློབ་གླིང་དུ2013ལོ་ནས་བཟུང་སློབ་གྲྭའི་རེ་བ་བཞིན་གྲྭ་བཙུན་སློབ་མ་ཉིས་བརྒྱ་དང་བཅོ་ལྔ་ལྷག་ལ་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་རིམ་དང་འཕེལ་རྒྱས། སྨྱུ་གུ་འཛིན་སྟངས་སྨྱུག་འགྲོས་བསྐོར་ལུགས་སོགས་འཛིན་གྲྭ་རེ་རེ་བཞིན་སྲོལ་རྒྱུན་གྱི་ལུགས་ལྟར་སྦྱང་ཤིང་སྟེང་དུ་དབུས་བྲིས་སུག་རིང་ནས་བཟུང་དབུ་ཅན་དབུ་མེད་ཀྱི་སློབ་ཁྲིད་རྒྱུན་རིང་བྱས་པས་ཐེངས་གཉིས་ལ་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བར་སློབ་གྲྭའི་དབུ་ཁྲིད་དང་དགོན་པའི་བླ་མ་ལས་སྣེ། སློབ་མའི་ཁྱིམ་བདག་བཅས་ནས་བསྟོད་བསྔགས་དང་གདེང་འཇོག་ཆེན་པོ་ཐོབ།
སློབ་མར་ཡིག་གཟུགས་ཁྲིད་པ།
སློབ་མས་ཡིག་གཟུགས་འབྲི་སྦྱོང་བྱེད་པ།
སློབ་མས་ཡིག་གཟུགས་འབྲི་སྦྱོང་བྱེད་པ།
2015ལོར་མགོ་ལོག་གངས་རི་སློབ་གྲྭར་ཟླ་གཅིག་ལྷག་ཙམ་རིང་དགེ་སློབ་ཡོངས་ཀྱི་རེ་འདོད་བཞིན་དགེ་སློབ་གཉིས་ཀར་ཁ་གཏད་ནས་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་བྲིས་རྒྱུན། སྨྱུ་གུ་བཟོ་ལུགས་དང་འཛིན་སྟངས་། སྨྱུག་འགྲོས་འཐེན་སྟངས། ཐིག་གདབ་ལུགས་བཅས་སྲོལ་རྒྱུན་གྱི་འབྲི་ལུགས་ལྟར་སྦྱང་ཤིང་ངོས་ལ་དབུས་བྲིས་སུག་རིང་དང་། དབུ་ཅན་བཅས་ཀྱི་ཡིག་གཟུགས་སློབ་ཁྲིད་བྱས་པ་ཡིན། སློབ་གྲྭ་འདིའི་སློབ་མ་ཆེས་ཆུང་བ་ལོ་དྲུག་ཡིན་ལ་ཆེས་ཆེ་བ་ལོ་བཅོ་ལྔ་ཡིན། དགེ་རྒན་བཅུ་བདུན་བཅས་སློབ་ཁྲིད་ལ་ཞུགས་ཡོད།
རིག་སྨོན་བསམ་གཏན་གྱི་ཡིག་གཟུགས་བརྩམས་ཆོས།
རིག་སྨོན་བསམ་གཏན་གྱི་ཡིག་གཟུགས་བརྩམས་ཆོས།
རིག་སྨོན་བསམ་གཏན་གྱི་ཡིག་གཟུགས་བརྩམས་ཆོས།
རིག་སྨོན་བསམ་གཏན་གྱི་ཡིག་གཟུགས་བརྩམས་ཆོས།
རིག་སྨོན་བསམ་གཏན་གྱི་ཡིག་གཟུགས་བརྩམས་ཆོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com