༄༅།། བཟོ་རྩལ་པ་གཡེར་སྐྱོང་མཐར་ཕྱིན་མཚམས་སྦྱོར་མདོར་བསྡུར།
དང་པོ། དཀའ་སྡུག་གི་འཚོ་བའི་ཁྲོད་ཁོ་རང་བོད་ཀྱི་བཟོ་རྩལ་པ་ཞིག་ཏུ་གྱུར་བ།
བཟོ་རྩལ་པ་གཡར་སྐྱོང་མཐར་ཕྱིན་ནི་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཞང་ཟམ་པ་སྡེ་བར་སྤྱི་ལོ1977ལོའི་ཟླ7པའི་ཚེས25ཉིན་སྐྱེས་ཤིང་།མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་འབལ་ཡུལ་གསེར་ལྗོངས་ཕྱུག་མོར་ལང་ཚོའི་མེ་ཏོག་བཞད་པའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན།
ཁོའི་བྱིས་དུས་ཀྱི་འཚོ་བ་མཐོ་སྒང་གི་ནོར་ལུག་དང་མཉམ་དུ་རོལ་དགོས་བྱུང་བས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་།འོན་ཀྱང་མི་སུ་ཡིན་ཡང་རང་ཉིད་ལ་དགའ་ཕྱོགས་དང་ནུས་པ་ར་ཡོད་པའི་ཆོས་ཉིད་དེའི་དབང་གིས་རང་ཉིད་མི་རུ་སྐྱེས་པའི་ཞབས་རྗེས་མི་ཡུལ་ལ་འཇོག་ཆེད་དུ།རང་ཉིད་ཀྱི་དགའ་ཕྱོགས་དང་དུ་བླངས་ཏེ།སྤྱི་ལོ1988ལོ་ནས་བཟུང་ཁོས་འཁྱག་རོལ་དང་ཤོག་བུ་སོགས་ཀྱི་སྟེང་དུ་འབྲུག་དང་རྨ་བྱ།བཀྲ་ཤིས་རྟགས་བརྒྱད་སོགས་བྲིས་ཏེ།བོད་ཀྱི་བཟོ་ལས་སྒྱུ་རྩལ་རིག་གནས་ཀྱི་ཞིང་ཁམས་སུ་གོམས་པ་དང་པོ་སྤོས།མཐོ་སྒང་དུ་འཚོ་སྡོད་བྱེད་པའི་འབྲོག་ཁྱིམ་རྣམས་ནི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི་ཆ་རྐྱེན་མི་ལྡན་པས།ཁོ་ལ་རང་ཉིད་ཀྱི་ཆེད་ལས་དང་འཚམས་པའི་ཁོར་ཡུག་ཞིག་དང་།རང་ཉིད་ཀྱི་བློ་ཁ་དང་མཐུན་པའི་བཟོ་རྩལ་པ་ཞིག་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་མ་བྱུང་ནའང་།ཁོས་བཟོད་བསྲན་དང་དཀའ་སྡུག་ཕྲག་ཏུ་ཁུར་ཏེ་བོད་ཀྱི་བཟོ་ལས་རིག་གནས་ལ་ཧུར་བརྩོན་བྱེད་པའི་དམ་བཅའ་སེམས་ལ་བྲིས།སྤྱི་ལོ1992ནས་བཟུང་རིམ་བཞིན་བྲིས་རིས་ནས་བརྐོས་རིས་ཀྱི་ཕྱོགས་སུ་བསྐྱོད་མགོ་བརྩམས་ཏེ་གནའ་སྔ་མོའི་བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་མཚོན་བྱེད་གྱི་རྡོ་བརྐོས་བརྩམས་ཆོས་རིགས་བརྒྱ་ལྷག་བརྐོས།བྲིས་རིས་ལ་སྣུམ་ཚོན་བྲིས་རིས་དང་ཆུ་ཚོན་བྲིས་རིས།སྐྱ་བྲིས་དང་དངོས་བྲིས།འཁྱུག་བྲིས་སོགས་དུ་མ་ཡོད་པར་མ་ཟད།རྒྱུ་ཤིང་དང་རྭ་ཅོ་ལས་བྱས་པའི་བརྐོས་རིས་སྣ་ཚོགས་ཀྱང་ཡོད།
གཉིས་པ།སྒྱུ་རྩལ་བརྩམས་ཆོས་དག་རྒྱལ་ཁབ་ཕྱི་ནང་དུ་བཀྲམས་པ།
ཁོའི་ངོ་མཚར་ཕྱག་སོར་པདྨའི་རྩེ་དགའ་ལས་ཐོན་པའི་བྲིས་རིས་དང་བརྐོས་རིས་མང་པོ་ཨ་རི་དང་ཧུའུ་ལན།ཅ་ན་ཏ་སོགས་ཕྱིའི་རྒྱལ་ཁབ་དང་རང་རྒྱལ་གྱི་བོད་ལྗོངས་དང་པེ་ཅིན།ཧྲང་ཧེ།ལན་ཀྲུའུ།ཟི་ལིང་སོགས་སུ་བཀྲམས་ཤིང་།《སྦྲང་ཆར》དང《མང་ཚོགས་སྒྱུ་རྩལ》《མཚོ་སྔོན་ཡུལ་སྐོར》《ཀན་སུའུ་བརྗིད་ཉམས》《ཅ་ན་ཏའི་བརྙན་དེབ》《པེ་ཅིན་ཉིན་རེའི་ཚགས་པར》《ཧྲང་ཧེ་ཉིན་རེའི་ཚགས་པར》《མཚོ་སྔོན་བརྙན་དེབ》《རྨུ་ཐག》《མེ་ལོང》《མཚོ་ལྷོའི་ཚགས་པར》སོགས་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་དུའང་བཀོད་མྱོང་།གཞན་རྫོང་རིམ་པ་དང་ཁུལ་རིམ་པ།ཞིང་ཆེན་རིམ་པ་སོགས་ནས་ཁོ་ལ་བྱ་དགའ་གང་མང་ཐོབ་མྱོང་བར་མ་ཟད།རྫོང་བརྙན་འཕྲིན་ཁང་དང་ཁུལ་བརྙན་འཕྲིན་ཁང་།ཞིང་ཆེན་བརྙན་འཕྲིན་ཁང་སོགས་ཀྱིས་ཁོའི་བརྩམས་ཆོས་དག་རྒྱ་ཆེའི་ལྟ་མཁན་རྣམ་པའི་སྤྱན་ལམ་དུ་ཐེངས་བཅུ་ལྷག་ལ་ཕུལ་མྱོང་བ་ལས་གཞན།མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཀྱང་ཁོ་རང་ཐེངས་འགར་གདན་ཞུ་བྱས་ནས་རྒྱ་ཆེ་བའི་ཉན་མཁན་རྣམ་པའི་སྙན་ལམ་དུ་ཁོ་ལ་བཅར་འདྲི་བྱས་པའི་གནས་ཚུལ་ཐེངས་འགར་ཐད་གཏོང་བྱས་མྱོང་།
གསུམ་པ།རྒྱལ་ཁབ་ཀྱི་འགོ་ཁྲིད་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་གདེང་འཇོག་དང་བསྟོད་བསྔགས་མཛད་པ།
སྤྱི་ལོ2006ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་ཀྲོའོ་ལི་ཅིས་གཙོ་བྱས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འགོ་ཁྲིད་རྣམས་ཆེད་དུ་མཐར་ཕྱིན་གྱི་ཁྱིམ་ལ་ཕེབས་ནས་ཁོའི་བརྩམས་ཆོས་ཕྱོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པར་མ་ཟད།ཚད་མཐོན་པོའི་གདེང་འཇོག་དང་བསྟོད་བསྔགས་མཛད།སྤྱི་ལོ2006ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ་ལོའོ་ཧེ་ཉིན་དང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཞིང་ལས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མགོན་པོ་ཟུང་།མཚོ་ལྷོ་ཁུལ་ཨུའུ་ཧྲུའུ་ཅི་རྡོ་རྗེ་རབ་བརྟན།ཁུལ་གཙོ་ཀུ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com