༄༅༎དགེ་བའི་བཤེས་གཉེན་ཆེན་མོ་རྒན་དཔའ་རིས་སངས་རྒྱས་མཆོག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-03 09:31:01
ཀློག་གྲངས།:

ཁོང་གིས་བརྩམས་ཆོས་གཙོ་བོ་ནི། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་དང་། དག་ཡིག་རིག་པ་གབ་པ་མངོན་ཕྱུང་། མངོན་བརྗོད་ཁུངས་་བཙུན་རྒྱ་མཚོ། བོད་ཡིག་བྲི་ཚུལ་མཐོང་བ་ཀུན་སྨོན། དཔེ་ཆོས་ཚིག་མཛོད། སྡེབ་སྦྱོར་རིག་པ་ གསར་བའི་སྲོལ་འབྱེད། ཚན་རིག་ཉེར་མཁོའི་ཤེས་བྱ་བོད་འགྱུར། བོད་ཡིག་ཚེག་སྡེབ་སློབ་པའི་ཐབས་མཆོག་སོགས་དེབ་བཅུ་ལྷག་ཡོད། དཔྱད་རྩོམ་སྐོར་ལ། སྐད་ཆ་དང་ཡི་གེ་ནི་རིག་པའི་གཏེར་མཛོད་ཆེ་ཤོས་ཡིན་པ་དང་། གེ་སར་སྒྲུང་ནི་ངག་གི་སྒྱུ་རྩལ་གྱི་དབྱིག་མཛོད་ཡིན་པ། རྒྱ་བོད་ཡིག་རིགས་བསྡུར་ནས་དཔྱད་པ་བློ་ལྡན་དགའ་བསྐྱེད། ལོ་ཙཱའི་བྱ་བ་ཅིས་ཀྱང་སྐད་རིགས་རང་རང་གི་མིང་དང་ཚིག་གི་སྦྱོར་སྲོལ་དང་བསྟུན་དགོས་པ་སོགས་དཔྱད་རྩོམ་བརྒྱ་ཕྲག་ལྷག་ཡོད།
གསུང་རྩོམ་ལ་བྱ་དགའ་ཐོབ་པའི་སྐོར་ལ། སྐད་ཆ་དང་ཡི་གེ་ནི་རིག་པའི་གཏེར་མཛོད་ཆེ་ཤོས་ཡིན་ཞེས་པའི་དཔྱད་རྩོམ་ལ། འཛམ་གླིང་གི་གཞུང་ལུགས་སྲོལ་འབྱེད་འགངས་ཆེན་གྱི་བྱ་དགའ་ཁྱད་འཕགས་ཅན་ཐོབ་པ་དང་། བརྡ་སྦྲོད་སྦྱོར་བ་རྣམ་བཞི་རབ་གསལ་ཞེས་བྱ་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། གེ་སར་སྒྲུང་དཔེ་གུང་སྒྲུག་པར་ཀྲུང་གོ་རིག་གནས་ཁང་དང་། རྒྱལ་ཁབ་མི་རིགས་དོན་གཉེར་ལས་ཁུངས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང། རྒྱལ་ཡོངས་རིག་རྩལ་མཉམ་འབྲེལ་ཚོགས་པ་བཅས་ཀྱི་གེ་སར་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་ཏུ་བྱས་རྗེས་ཁྱད་འཕགས་བཞག་པའི་བྱ་དགའ་ཐོབ་པ་དང་། གཞན་ད་རུང་བྱ་དགའ་མང་བོ་ཐོབ་མྱོང་ངོ་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།