སྒེའུ་སྟེང་བློ་བཟང་དཔལ་ལྡན་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-10 09:53:00 ཀློག་གྲངས།:

           སྒེའུ་སྟེང་བློ་བཟང་དཔལ་ལྡན་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ1881ལོར་མདོ་སྨད་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུའི་ཡུལ་དུ་ཡབ་ཚོ་འདུའི་སྐུ་བོན་ཆོས་མཛད་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའིོ་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ1944ལོར་སྐུ་གཤེགས། ཆུང་དུས་ཀྱི་མཚན་ལ་པདྨ་བཀྲ་ཤིས་སུ་གསོལ། 
           དགུང་ལོ་བཅུ་བར་དབེན་གནས་དམ་པར་སྒེའུ་སྟེང་དགའ་ལྡན་ཆོས་འཕེལ་གླིང་གི་སྒྲུབ་གྲྭར་ཞུགས། རྗེ་ཞྭ་དམར་པཎྚཾ་ཏ་དགེ་འདུན་བསྟན་འཛུན་རྒྱ་མཚོ་དང་གྲུབ་དབང་འཇིག་མེད་བསམ་གཏན་སོགས་བླ་མ་མང་པོ་ལས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་མཁས་བར་བྱ་བའི་གནས་རྣམས་ཁོང་དུ་ཆུད་པར་མཛད། དགུང་ལོ་ཉེར་བཞི་བར་སྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས། དགུང་ལོ་སོ་ལྔ་བ་ནས་སྟག་རྡོ་དང་སྐ་སར། ཀ་རིང༌། རྫོང་དཀར་སོགས་སུ་བཞུགས་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ། དགུང་ལོ་ཞེ་བདུན་པར་ཤར་སྐྱབས་མགོན་ཆེན་པོའི་ཡོངས་འཛིན་མཛད།
           དགུང་ལོ་ང་ལྔ་བར་རྡོ་སྦུས་ཤེས་རབ་ནས་མཛད་པའི《བརྒལ་ལན་བསྐལ་བའི་མེ་དཔུང》ཞེས་བྱ་བ་ཡུལ་དབུས་ནས་བསྐུར་བར་ཕྱག་ཏུ་འབྱོར། དགུང་ལོ་ང་དྲུག་པར《དགག་ལན་ཆུ་ཡི་འཕྲུལ་འཁོར》བརྩམས།  ལོ་དེར་པཎ་ཆེན་སྐུ་ཕྲེང་དགུ་བ་རེབ་གོང་གསེར་ལྗོངས་ཡུལ་དུ་ཕེབས་པ་ལ《རྟོགས་བརྗོད་གསེར་གྱི་མེ་ཏོག》བརྩམས་པ་དང་། གསུང་ལས་སྐྱེས་བའི་བུ་སློབ་ཁྲོད་དུ་མཁས་པའི་རྒྱལ་ཐབས་འཛིན་པ་མང་དུ་བྱོན། ཁོང་གི་གསུང་རྩོམ་ནི《སྔགས་ཀྱི་སྟོིང་ཐུན་ཆེན་མོ》ཞེས་པ་དང་།  《དབུ་ངའི་དྲིས་ལན》།  《སྐར་རྩིས་སྟོང་འཇུག་གི་རྣམ་གཞག》  《ཆབ་ཤོག》  《སྙན་ངག》བཅས་པོ་ཏི་གསུམ་དུ་བཞུགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།