༄༅།།བོད་བཙན་པོའི་སྐབས་ཀྱི་ཡིག་མཁན་ཆེན་མོ་བརྒྱད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཕྲིན་སྟེགས།
དུས་ཚོད།:2021-05-27 10:48:56
ཀློག་གྲངས།:
1ཐོན་མི་སམ་བྷོ་ཊ།

དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བོད་ཀྱི་སློབ་དཔོན་ཐོག་མ་ཐོན་མི་སམ་བྷོ་ཊའི་ཕྱག་རྒྱུན་དུ་གྲགས་པའི་སྦལ་ནག་ན་ལ་བགྲད་འདྲའི་ཡི་གེ
2ཆ་ངར་རིན་ཆེན་འབར།

དུས་རབས་བདུན་པའི་ནང་བཙན་པོ་མང་སྲོང་མང་བཙན་སྐབས་ཀྱི་ཡིག་མཁན་ཆ་ངར་རིན་ཆེན་འབར་གྱི་ཕྱག་རྒྱུན་སོ་ཕག་གཤིབ་འདྲའི་ཡི་གེ
3ཆབ་དཀར་བེའུ་ཚེ།

དུས་རབས་བདུན་པའི་ནང་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས་ཀྱི་ཡིག་མཁན་ཆབ་དཀར་བེའུ་ཚེའི་ཕྱག་རྒྱུན་བྱ་ཕོ་འཇོལ་འདྲའི་ཡི་གེ
4དགེ་བརྙེན་དཀོན་ཅོག་ངག་དབང་།

དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ཡིག་མཁན་དགེ་བརྙེན་དཀོན་ཅོག་ངག་དབང་གི་ཕྱག་རྒྱུན་ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམས་འདྲའི་ཡི་གེ
5འབྲེའུ་ཁྲོམ།

དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཀྱི་ཡིག་མཁན་འབྲེའུ་ཁྲོམ་གྱི་ཕྱག་རྒྱུན་མུ་ཏིག་སྟར་ལ་བརྒྱུས་འདྲའི་ཡི་གེ
6ཚེ་སྤོང་བྱང་ཆུབ།

དུས་རབས་བརྒྱད་པའི་ནང་བཙན་པོ་མུ་ནེ་བཙན་པོའི་སྐབས་ཀྱི་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཀྱི་ཕྱག་རྒྱུན་སྦུར་ནག་ན་ལ་བགྲད་འདྲའི་ཡི་གེ
7ཐེ་ཡོན་ཏན།

དུས་རབས་དགུ་བའི་ནང་བཙན་པོ་མུ་ཏིག་བཙན་པོའི་སྐབས་ཀྱི་ཡིག་མཁན་ཐེ་ཡོན་ཏན་གྱི་ཕྱག་རྒྱུན་ཉ་མོ་ཆུ་ནས་ཕྱུང་འདྲའི་ཡི་གེ
8ཌ་ཤོད་འབུམ་མ།

དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་བ་ཅན་གྱི་སྐབས་ཀྱི་ཡིག་མཁན་ཌ་ཤོད་འབུམ་མའི་ཕྱག་རྒྱུན་སེང་གེ་གནམ་ལ་འཕྱོངས་འདྲའི་ཡི་གེ
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།