བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༧
རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་།
ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས།
དུས་ཚོད།:2021-11-19 14:54:56
ཀློག་གྲངས།:

ས་པཎ་རྩོད་རྒྱལ་མ།
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༧༽
སྒོ་བུ་ཤ་བོ་ཚེ་རིང་།
སྒོ་བུ་ཤ་བོ་ཚེ་རིང་།
མུ་སྟེགས་པ་དང་འགྲན་ཚུལ།
རང་རེའི་ལོ་རྒྱུས་དེབ་ཐེར་རྣམས་ནི་ཆོས་སྲིད་གཉིས་ལས་ཆོས་ཀྱི་བྱ་བཞག་སྟེ། སྟོན་པ་མཆོག་གི་སྐུ་ཚེ་རིལ་པོའི་མཛད་པ་དང་། རྗེས་འཇུག་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་གཙོ་བོར་གླེང་བ་ཞིག་རེད། དེ་ལས་རྒྱ་གར་འཕགས་ཡུལ་དུ་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་སོ་སོས་རིགས་པ་དང་རྫུ་འཕྲུལ་འགྲན་པ་ནར་མར་འབྱུང་ཞིང་། རྩོད་པས་ཕམ་སྟེ་ནང་པ་མུ་སྟེགས་པར་གྱུར་པ་དང་། མུ་སྟེགས་པ་ནང་པར་ཞུགས་པ་ཡང་ཡོད་པར་བརྗོད། སློབ་དཔོན་ནག་མོ་ཁོལ་ནི་ཕྱི་མའི་དཔེར་བརྗོད་དུ་རུང་མོད་སྔ་མ་ལ་གཅིག་ཀྱང་མ་མཐོང་། དེ་ནི་གུས་པས་མཇལ་སྐལ་དུ་གྱུར་པའི་ཡིག་ཚང་རྣམས་ནི་ནང་པའི་མཁས་པ་རྣམས་ཀྱིས་མཛད་པས་ཡིན་ནམ། ཡང་ན་ཕྲན་གྱི་ལྟ་རྒྱ་ཐོས་རྒྱ་དོག་པས་ཡིན།
མུ་སྟེགས་པ་དང་བདེན་པ་བརྡར་བའི་སྲོལ་སངས་རྒྱས་བཅོམ་ལྡན་འདས་ནས་ཡོད་པ་ཀུན་ལ་རྒྱུས་ཆེ་ཞིང་། སློབ་དཔོན་ཨརྱ་དེ་ཝ་དང་ཕྱོགས་གླང་གཉིས་ཀྱང་དེ་བཞིན་ཡིན་ལ། པཎ་ཆེན་ནཱ་རོ་པ་ཡང་དཔལ་ནཱ་ལེན་དྲའི་བྱང་སྒོ་སྲུང་བའི་པཎྜི་ཏ་ཡིན་པས་མུ་སྟེགས་པ་ཚར་བཅད་པའི་ལོ་རྒྱུས་མང་བར་གྲགས། སྔོན་གྱི་ལོ་ཙཱ་བ་དག་གི་རྣམ་ཐར་དུའང་ཕྱི་རོལ་པ་དང་འགྲན་པའི་བྱུང་བ་ཅི་རིགས་འདུག་ཅིང་། དེ་དག་ལས་དཔལ་ཆེན་རྒྭ་ལོ་ཙཱ་བས་རྫུ་འཕྲུལ་གྱིས་ཕམ་པར་བཏང་། རྭ་ལོ་ནི་རིགས་པས་བཏུལ་བ་དང་མུ་སྟེགས་ཀྱི་མཐུ་ཡང་བཟློག །ས་སྐྱ་ལོ་ཙཱ་བས་ལུང་རིགས་གཉིས་ཀྱིས་འཕྲོག་བྱེད་དགའ་བོ་སོགས་བཏུལ། ཞང་ལོ་ཙཱ་བས་ཐུན་མོང་གི་མཛད་པ་ཞིག་གིས་མུ་སྟེགས་པ་ཞིག་སྤ་ཀོང་བར་བྱས།
1.རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ།
ལོ་ཙཱ་བ་འདི་བ་རྒྱ་གར་ནས་ཙ་མི་པཎ་ཆེན་དང་ཨ་བྷྱ་སོགས་ལ་བསྟེན་ནས་ཆོས་མཁས་པར་བསླབས། སྒྲོལ་མའི་ལུང་བསྟན་ལྟར་དུར་ཁྲོད་བསིལ་བའི་ཚལ་དུ་ཕྱིན་ནས་ཏིང་ངེ་འཛིན་ལ་མངོན་པར་བཞུགས་པས་ལུས་ཀྱི་ཟག་པ་ཟད། ཆུ་ལ་མི་འབྱིངས་པ་སོགས་ཀྱི་དངོས་གྲུབ་མང་དུ་བརྙེས། རྒྱ་གར་ཤར་ནུབ་ཀུན་ཏུ་སྙན་པ་ཆེར་རྒྱས་པས། རྒྱལ་པོ་ཤིང་སྟན་ཅན་གྱིས་མཆོད་གནས་སུ་གདན་དྲངས་པ་ལ་མུ་སྟེགས་པ་རྣམས་ཀྱིས་ཕྲག་དོག་བྱས་པས། རྒྱལ་པོ་དཔང་ལ་བཞག །སུ་རྒྱལ་ན་དེ་མཆོད་གནས་སུ་བཀུར་བར་བྱས་ནས་རྫུ་འཕྲུལ་གྱིས་མཚོའི་སྟེང་ནས་དཀྱིལ་མོ་དཀྲུང་བཅས་པ་དང་། སྐུའི་བཀོད་པ་བདུན་ལ་སྤྲུལ་པ་སོགས་མཛད་པས་མུ་སྟེགས་ཀྱི་རྒོལ་བའི་སྤོབས་པ་འཕྲོག །
2.རྭ་ལོ་ཙཱ་བ་རྡོ་རྗེ་གྲགས།
ལོ་ཙཱ་བ་འདི་བ་འཕགས་པ་ཤིང་ཀུན་ལ་བསྐྱོད་པའི་ལམ་བར་དུ་མུ་སྟེགས་པུརྞ་ནག་པོ་ཞེས་པ་དང་འཕྲད། ཁོ་ན་རེ་ཁྱོད་ངའི་སློབ་མ་བྱས་ན་འོང་ཟེར་བ་ལ། ང་ནང་པ་ཞིག་གིས་ཁྱོད་ཀྱི་སློབ་མ་མི་འོང་། དེ་ནི་རྟ་ལས་བབས་ནས་བོང་བུ་ལ་ཞོན་པ་དང་འདྲ་ཞེས་པས་ཁོ་ཁྲོས་ནས། ཕྱི་ནང་གི་ཆོས་གང་བཟང་རྩོད་པ་བྱས་པས་རྭ་ལོ་རྒྱལ། མུ་སྟེགས་པས་ཁྱོད་ཚིག་ལ་མཁས་པར་འདུག །ཞག་བདུན་ན་ལྟོས་ཤིག་ཟེར་ནས་ལོག །དེ་ནས་རྭ་ལོས་ཐུགས་མ་བདེ་ནས་བླ་མ་བྷ་རོ་ལ་ཞུས་པ་ན། ཁོང་ལ་ཨུཥྞིའི་བཟློག་པ་གདམས་ངག་གནང་བས་དེ་བཟློས་པས་མུ་སྟེགས་ཀྱི་གནོད་པ་ལས་ཐར། གཏམ་དེ་པུརྞ་ནག་པོས་ཐོས་པ་ན་ཡི་མུག་ནས་ལྕེབས་པར་གྲགས།
3.ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན།
ལོ་ཙཱ་བ་འདི་བ་མང་ཡུལ་སྐྱིད་གྲོང་གི་ཚོང་འདུས་ན་བཞུགས་པའི་སྐབས། རྒྱ་གར་ལྷོ་ཕྱོགས་ཀྱི་འཕྲོག་བྱེད་རལ་པ་ཅན་དང་བཅས་པའི་མུ་སྟེགས་སྟོན་པ་དྲུག་རྩོད་དུ་འོང་ཞིང་། གདུགས་བཅུ་གསུམ་དང་རང་རང་གི་བསྟན་པ་རྒྱལ་དུ་བཙུགས་ནས་རྩོད་པ་བཙུགས། ཞག་བཅུ་གཉིས་བར་རྒྱལ་ཕམ་ཤན་འབྱེད་མ་ཐུབ་པས་ཕྱོགས་གཉིས་ཀའི་སློབ་མ་འགའ་ཞིག་རང་རང་གི་གྲུབ་མཐའ་ཕམ་པའི་དངངས་སྐྲག་གིས་བྲོས་པའི་ཚེ། ས་ལོས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས་རྗེ་བཙུན་སྒྲོལ་མས་ལུང་བསྟན་ལྟར་འཇམ་དབྱངས་ཀྱི་སྐུ་རང་གི་སྐུ་རྒྱབ་ཏུ་ཡོད་པར་བྱས་ཏེ་རྩོད་པས། ཕྲག་གོང་གཡས་པའི་སྟེང་དུ་འཇམ་དབྱངས་དམར་སེར་དངོས་སུ་བྱོན་ནས་རྩོད་གྲོགས་མཛད་པས་མུ་སྟེགས་པ་ཕམ། རང་གི་གྲུབ་མཐའ་དང་ཆ་ལུགས་འདོར་བར་མི་འདོད་ནས་ནམ་མཁའ་ལ་འཕུར་ནས་བྲོས་པ་ན། གྲུབ་ཐོབ་མདའ་འཕྱར་བས་ཁོའི་གྲིབ་མ་ལ་ཕུར་བུ་བསྒྲིལ་ཞིང་གཟིར་བས་ས་ལ་ལྷུང་། མཐར་ས་སྐྱ་ལོ་ཙཱ་བའི་ཞབས་ལ་བཏུད་ནས་སྐྲ་བྲེགས་དགེ་བསྙེན་གྱི་སྡོམ་པ་བླངས།
4.ཞང་ལོ་ཙཱ་བ་གྲུབ་པ་དཔལ།
ལོ་ཙཱ་བ་འདི་བ་བལ་ཡུལ་ནས་པཎ་ཆེན་རཏྣ་རཀྵི་ཏ་ལས་ཆོས་གསན་དུས། ཡེ་རང་གི་ཚོང་འདུས་སུ་སྐྱོ་བསང་ལ་བྱོན། ལམ་བར་ཞིག་ནས་སྤྱན་གྱིས་མ་མཐོང་བར་མུ་སྟེགས་པ་ཞིག་གི་དབྱུག་པ་ལྷ་རྟེན་ལ་འགོམས་པས། ཁོ་ཁྲོས་ནས་ཞག་བདུན་ན་ཁྱོད་མེད་པར་བྱ་ཟེར། ཞང་ལོས་གནས་པོ་ལ་བཅོལ་ནས་རྔན་པ་བྱིན་ཏེ་བཟོད་གསོལ་བྱས་ཀྱང་། གཞན་གྱིས་མི་ཕན་མུ་སྟེགས་སུ་འཇུག་ན་བྱ་དེ་མིན་གསོད་ཟེར་བས། ལོ་ཙཱ་བས་ཁྱོད་ཀྱིས་ང་གསོད། མུ་སྟེགས་མི་བྱེད་གསུངས། དེ་ནས་སྐུ་ལུས་བསྒྱུར་ནས་མུ་སྟེགས་པ་དེ་གར་འགྲོ་ལ་བལྟས་པས། ལྷ་ཁང་གོག་པོ་ཞིག་ཏུ་ནུབ་མོ་ཉལ། ཉིན་མོ་ཟས་བཙལ་ཅིང་ཡང་དེར་འགྲོ །ཞག་བདུན་སོང་བའི་ཉིན་གཅིག་ལ་ཤ་ཆང་སོགས་ཀྱི་རྫས་ཁྱེར། གར་སོང་སྡོང་པོའི་ཕག་ནས་འཇབས་ནས་གཟིགས་པས། ནགས་གསེབ་ཅིག་ན་དབང་ཕྱུག་གི་རྟེན་སར་སོང་ནས་གཏོར་མ་བཤམས་དམོད་པ་ཟློ་སྐབས་ལོ་ཙཱ་བས་ཁྱུག་གེ་བྱོན་ནས་མུ་སྟེགས་པ་འགྱེལ་བཅུག །བྲང་ཁར་གྲི་བཙུགས་ནས་ཁྱོད་ཀྱིས་ང་ལ་མཐུ་བྱེད་ན་གསོད་གསུངས་པས། ཁོ་སྐྲག་པའི་སྐད་བཏོན་ནས་བྱེད་རི། ཁྱོད་སངས་རྒྱས་པ་སྙིང་རྗེ་ཆེ་བས་ང་མ་བསད་དང་། ཅི་ཟེར་ཉན་ཟེར། འོ་ན་ཁྱོད་རང་གི་ལྷ་དཔང་དུ་ཚིགས་ལ་མནའ་སྐྱོལ་གསུངས་པས། ཁོས་དེ་ལྟར་བྱས་པས་འོག་ནས་བཏང་སྟེ་དུལ་བར་བྱས། བླ་མའི་སྤྱན་སྔར་ཕྱིན་ནས་ལོ་རྒྱུས་བརྗོད་པས་མཉེས་ནས་བསྔགས་པ་ཡང་མཛད།
ང་ལ་མཚོན་ན་གོང་གི་རྣམ་ཐར་འདི་བཞི་ལས་ཆེས་ཡིད་འཁུལ་ནུས་པ་ནི་ཞང་ལོ་ཙཱ་བའི་མཛད་པ་རེད། ཁོང་ལ་རྭ་ལོ་བཞིན་མཐུ་བཟློག་པའི་མན་ངག་མེད་ཀྱང་རྐྱེན་ངན་བཟློག་པའི་ཐབས་དང་། བློ་གྲོས། དཔའ་གདེང་མངའ་བས་རྫུ་འཕྲུལ་གྱིས་ཕ་རོལ་བ་རྒོལ་བ་མིན་ཡང་རྫུ་འཕྲུལ་ལས་ལྷག་པ་འདྲ་ཞིག་ཡིན་པས། ཐུན་མོང་གི་སྣང་ངོར་བྲིས་པའི་རྣམ་ཐར་འདིའི་བདེན་དངོས་རང་བཞིན་ཡང་གསལ་ལྷང་ངེར་བསྟན་འདུག་སྙམ།
ས་ལོ་ཀུན་དགའ་རྒྱལ་མཚན་གྱིས་མུ་སྟེགས་པ་དང་རྩོད་ཚུལ་རང་རེའི་ལོ་རྒྱུས་སུ་ཤིན་ཏུ་གླེང་རི་བ་ཞིག་ཡིན་མོད། རྣམ་ཐར་སོགས་ལས་རྒྱལ་ཕམ་ཤན་འབྱེད་མ་ནུས་པར་ལུས་དུས་རྗེ་བཙུན་སྒྲོལ་མ་དང་འཇམ་དབྱངས་གཉིས་ལ་སྐྱབས་བཅོལ་བས་ད་གཟོད་ཕ་རོལ་བ་ཕམ་པར་བཏང་བ་ཞིག་བརྗོད་པ་རེད། དེ་ནི་སློབ་མ་རྣམས་ཀྱིས་ཡིག་ཚད་གཏོང་དུས་སྐར་གྲངས་མཐོན་པོ་ལེན་ཆེད་བརྐུ་འབྲི་བྱས་པ་དང་འདྲ་འམ། ཡང་དཔྱད་པར་བྱ་བ་ཞིག་ལ་ཁོང་གིས་མུ་སྟེགས་པ་དྲུག་འདུལ་ཚུལ་དེ་སྟོན་པ་བཅོམ་ལྡན་འདས་ཀྱིས་མུ་སྟེགས་སྟོན་པ་དྲུག་འདུལ་བའི་གྲངས་དང་མཐུན་ལ། རང་གི་བསྟན་པ་དང་གདུགས་བཅུ་གསུམ་རྒྱལ་ལ་བཞག་ནས། ཞག་བཅུ་གཉིས་པར་རྩོད་པའི་རྒྱམ་ཕམ་འབྱེད་མ་ནུས་པར་ལུས་དུས་བཅུ་གསུམ་པར་ད་གཟོད་རྗེ་བཙུན་འཇམ་དབྱངས་ཀྱིས་རྩོད་གྲོགས་བྱས་ནས་ཕམ་པར་མཛད་པ་ཤུགས་ལ་བསྟན་འདུག་པས། ཨང་ཀི་བཅུ་གསུམ་ནི་རང་རེའི་རིག་གནས་སུ་རྟག་པར་འབྱུང་བས་བཀྲ་ཤིས་པའི་གྲངས་ཀ་ཞིག་ལགས་ན། ས་ལོའི་རྣམ་ཐར་གླེགས་བམ་དཀར་པོ་ལ་ཆོས་ཀྱི་དར་ཚོན་སྣ་ལྔས་གླེགས་ཐག་གིས་དཀྲིས་པས། ཁོང་གིས་མུ་སྟེགས་དང་འགྲན་ཚུལ་གྱི་བྱུང་བ་དངོས་ཇི་འདྲ་ཞིག་ཡིན་མིན་བརྗོད་ཁག་པ་ཞིག་ཏུ་བཏང་འདུག་སྙམ།
གནའ་སྔ་མོར་རྒྱ་གར་དང་། ཁ་ཆེ། ཨུ་རྒྱན། བལ་ཡུལ་སོགས་སུ་སློབ་གཉེར་ལ་བསྐྱོད་ན། ལམ་ཐག་རིང་པ་དང་། ཡུལ་རྒྱུས་མེད་པ། ལམ་ཁྲལ་དགོས་པ། ཡུལ་སྐད་མི་གོ་ཞིང་བརྡ་སྤྲོད་པར་དཀའ་བ་རྣམས་ཁྱད་དུ་གསོད་དགོས་པ་ལས་གཞན་འཇིགས་པ་མི་འདྲ་བ་དུ་མ་འཕྲད་རྒྱུ་ཡོད་དེ། དང་པོ་འཚོ་རྟེན་གྱི་ཆས་དང་གསེར་འཕྲོག་མཁན་ཇག་པའི་འཇིགས་པ་སྟེ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་རྒྱ་གར་འགྲིམས་པའི་ལམ་བར་ནས་ཕྱིར་ལྡོག་པ་ནི་ཤི་སྐྱིད་ཀྱི་ཇག་པ་འཕེལ་སྐབས་ཤིག་ལ་འཁེལ་བས་རེད། གཉིས་པ་ཡུལ་ཁམས་གཞན་གྱི་ས་ཆུ་མ་འཕྲོད་པའི་འཇིགས་པ་སྟེ། ཚད་ནད་དང་ཤུ་ནད་སོགས་བྱུང་ནས་སྐུ་སྲོག་ཤོར་བ་ཁག་དྲུག་པར་གླེང་ཟིན་པ་རེད། གསུམ་པ་ཡུལ་ཁམས་གཞན་གྱི་རྒྱལ་པོའི་ཆད་པ་ཁུར་བའི་འཇིགས་པ། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྲོགས་མཆེད་གཉིས་ཁ་ཆེ་ཡུལ་ནས་ཧོར་གྱི་རྟོག་མིར་ངོས་བཟུང་ནས་གསོད་རར་དེད་པ་ལྟ་བུ་རེད། བཞི་པ་དུག་སྦྲུལ་དང་མ་ཧེ་སོགས་སེམས་ཅན་གཞན་གྱི་འཇིགས་པ། འདིའི་སྐོར་རྒྭ་ལོ་དང་། ཆག་ལོ། ཨུ་རྒྱན་པའི་རྣམ་ཐར་སོགས་སུ་ཅུང་ཟད་གསལ། ལྔ་པ་ཏུ་རུ་ཀ་དང་གར་ལོག་སོགས་དམག་གི་འཇིགས་པ། བསྟན་པ་ཕྱི་དར་གྱི་མགོ་ནས་དུས་རབས་བཅུ་གསུམ་པའི་བར་ཀླ་ཀློའི་དམག་སྟོབས་ཆེན་པོས་རང་རེའི་སྟོད་མངའ་རིས་དང་། ལི་ཡུལ། རྒྱ་གར་སོགས་སུ་མངའ་ཁོངས་རྒྱ་བསྐྱེད་པའི་གཡུལ་སྣ་ཚོགས་རྩོམ་པའི་སྐབས་རེད། དྲུག་པ་ནི་འདིར་གླེང་བའི་མུ་སྟེགས་ཀྱི་འཇིགས་པ་སྟེ། བླ་མ་རྡོ་རྗེ་གདན་པས་<མུ་སྟེགས་ཀྱི་གནོད་པ་ཟློག་པའི་མན་ངག་>བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ལ་གནང་བ་ལས་ངེད་ཅག་གིས་སྐབས་དེར་རྒྱ་གར་དུ་མུ་སྟེགས་དར་བའི་གནས་ཚུལ་ཞིག་ཟུར་ནས་ཤེས་ཐུབ་པ་དང་། མུ་སྟེགས་པ་རྣམས་མཐུ་དང་ངན་སྔགས་ལ་མཁས་པས་ཁོང་ཅག་དང་འགྲན་པར་ཤིན་ཏུ་འཛེམས་ཀྱང་། གོང་དུ་གླེང་ཟིན་པའི་བྱུང་བ་དག་ལས་ལོ་ཙཱ་བ་རྣམས་ཀྱི་ཉེན་ཁ་གང་ལ་ཡང་གདོང་གཏོད་ཐུབ་པའི་སྙིང་སྟོབས་ཆེན་པོ་ཞིག་མཐོང་ནུས་ལ། སྲོག་ལ་བབས་ཀྱང་རང་གི་བསྟན་པ་མི་འདོར་བའི་རང་ཚུགས་བརྟན་པོ་ཞིག་ཀྱང་ངོ་། །ནང་སྒོས་སུ་ཁོང་རྣམས་ཀྱིས་ཐོས་པ་འཚོལ་བའི་མཁས་རྟགས་དང་། ལེགས་སྦྱར་སྐད་ལ་བྱང་ཆུབ་པའི་གདེང་། ཚིག་གི་ངོ་གདོང་ཙམ་མ་ཡིན་པར་དོན་གྱི་གནས་ལུགས་ལ་རྟོགས་པ་བརྙེས་ནས་དངོས་གྲུབ་ཐོབ་པ་ཡང་མུ་སྟེགས་པ་དང་བདེན་པ་བརྡར་ཞིང་། རྫུ་འཕྲུལ་འགྲན་པའི་མཛད་པ་དག་ལས་དཔགས་ནུས་པ་མིན་ནམ། བརྗེད་ཐོ་མུ་འགོད་མ་འདིའི་ཁག་བདུན་པ་བོད་ཀྱི་ལོ་ཙཱ་བ་བཞི་ཡིས་མུ་སྟེགས་པ་དང་འགྲན་ཚུལ་བཤད་པའི་ལེའུ་རྫོགས་སོ། །

སྤྱི་ལོ་2021ལོའི་ཟླ་11པའི་ཚེས་18པར་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།