སྨན་པ་འབུམ་རམས་པ་རྡོ་རྗེ།
སྨན་པ་འབུམ་རམས་པ་རྡོ་རྗེ།
དང་པོ། བྱ་བའི་བརྒྱུད་རིམ།
སྤྱི་ལོ1979ལོ་ནས་སྤྱི་ལོ1985ལོའི་བར། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སྐབས་དང་པོའི་གསོ་རིག་འཛིན་གྲྭ་རུ་སློབ་གཉེར་བྱས།
སྤྱི་ལོ1985 ལོ་ནས་སྤྱི་ལོ1989ལོའི་བར། མཚོ་སྔོན་ཞིང་ཆེན་མང་རྫོང་བོད་སྨན་ཁང་དུ་ཕྱག་ལས་གནང་ཞིང་ཡོན་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ1989 ལོ་ནས་སྤྱི་ལོ1992ལོའི་བར། བོད་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་གསོ་རིག་སློབ་གླིང་ནས་སློབ་གཉེར་གནང་།
སྤྱི་ལོ1992 ལོ་ནས་སྤྱི་ལོ1995ལོའི་བར། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྐབས་དང་པོའི་བོད་ཀྱི་གསོ་རིག་འཛིན་གྲྭ་རུ་སློབ་གཉེར་བྱས།
སྤྱི་ལོ1995ལོའི་ཟླ7པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2013ལོའི་ཟླ7པ་ནས་ད་ལྟའི་བར། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་ནས་འབུམ་རམས་པའི་བསླབ་གནས་ལ་སློབ་སྦྱོང་གནང་མུས་སུ་མཆིས།
སྤྱི་ལོ2015ལོའི་ཟླ7པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་གཞོན་པ་དང་གཙོ་གཉེར་པའི་འགན་བཞེས།
གཉིས་པ། གྲུབ་འབྲས་གཙོ་བོ།
ཁོང་ནི་བོད་ཀྱི་གསོ་རིག་གི་རྒྱུད་འཛིན་པ་དང་གསར་གཏོད་པ་ཞིག་དང་། རིག་གཞུང་གི་ཡོན་ཚད་མཐོ་ཞིང་ལག་ལེན་ཉམས་མྱོང་གིས་ཕྱུག་ལ། གསར་གཏོད་ཀྱི་སྙིང་སྟོབས་དང་སྒམ་དཀྱེལ་ཡངས་པའི་བསམ་བློ་མངའ་བའི་ན་གཞོན་མཁས་ཆེན་ཞིག་ཀྱང་ཡིན། ཁོང་གིས་ལོ་ངོ་30ལྷག་གི་རིང་ལ་བློ་སེམས་རྩེ་གཅིག་གིས་གསོ་རིག་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ཚན་རིག་ཞིབ་འཇུག སྨན་རྫས་སྦྱོར་བཟོ་སོགས་ཀྱི་ལས་ལ་གཞོལ་པས་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེན་པོ་ཞིག་ཐོན།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་གི་འགན་བཞེས་པ་ནས་བཟུང་། བློ་སྤོབས་ཆེན་པོས་བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐོན་ཁུངས་ཆིག་སྒྲིལ་དང་། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་བཟང་པོ་དང་དེང་རབས་ཚན་རྩལ་ཟུང་འཇུག་གིས་སྣེ་ཁྲིད་གནང་བར་བརྟེན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུས་ཡུན་ཐུང་ངུའི་ནང་རྨང་གཞིའི་ཞིབ་འཇུག་དང་ནད་ཐོག་ཞིབ་འཇུག སྨན་རྫས་སྦྱོར་བཟོ། བརྡ་འཕྲིན་ཞིབ་འཇུག་བཅས་སྣ་འཛོམས་རང་བཞིན་གྱི་ཞིབ་འཇུག་ལྟེ་གནས་ཞིག་ཏུ་བསྒྱུར་ཡོད།
མིག་སྔར་ཞིབ་འཇུག་གླིང་དུ་བོད་ལུགས་གསོ་རིག་གི་གནའ་དཔེ་དག་སྒྲིག་དང་གཞི་གྲངས་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཞིབ་དཔྱོད་ཁང་། རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་རིམ་གསུམ་ཞིབ་དཔྱོད་ཁང་། རྒྱལ་ཁབ་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུའི་སྟེགས་བུ། རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་གྱི་བོད་སྨན་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ། མཚོ་སྔོན་ཞིང་ཆེན་བོད་སྨན་སྨན་གསར་འདོན་སྤེལ་ཕུལ་བྱུང་གཙོ་གནད་ཞིབ་དཔྱོད་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ལག་རྩལ་གསར་གཏོད་ལྟེ་གནས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་ལྟེ་གནས་སོགས་བསྒྲིགས་འཛུགས་བྱས་ལ། 2015ལོར་ཁོང་གིས་སྣེ་ཁྲིད་དེ་གསར་འཛུགས་གནང་པའི་བོད་སྨན་གསར་སྤེལ་ཞིབ་དཔྱོད་ཁང་ཚན་རྩལ་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དུ་ཆོག་མཆན་བཀོད་པ་ནི་རང་རེ་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་ལས་རིགས་ཁྲོད་ཀྱི་རྒྱལ་ཁབ་རིམ་པའི་ཞིབ་དཔྱོད་ཁང་ཨང་དང་པོར་གྱུར་ཡོད་ལ། བོད་ལུགས་གསོ་རིག་གི་ཚན་ཞིབ་བྱ་བ་རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་མ་ལག་གི་གྲས་སུ་ཚུད་པའི་དམ་རྟགས་ཤིག་ཏུའང་གྱུར་ཡོད།
སྔ་རྗེས་སུ་རྒྱལ་ཁབ་ཀྱི་དགུ་ལྔ་དང་བཅུ་ལྔའི་བཅུ་གཅིག་ལྔའི་གལ་ཆེན་ཚན་རྩལ་ལས་གཞི་དང་། 863འཆར་འགོད། ཚན་རྩལ་འདེགས་སྐྱོར་འཆར་འགོད། རང་བྱུང་ཚན་རིག་ཐེབས་རྩ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི20ལྷག་སྣེ་ཁྲིད་དང་ལས་འགན་བཞེས་ལ། ཚན་ཞིབ་གྲུབ་འབྲས38བླངས་ཡོད་པ་དང་། གཞན་ད་དུང་གསར་གཏོད་ཆེད་ཁེ4དང་། རང་ངོས་ནས་འགན་བཞེས་ཏེ་རང་བདག་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལྡན་པའི་བོད་སྨན་སྨན་གསར་རིགས25། སྦྱོར་བཟོ་མི་འདྲ་བའི་བོད་སྨན38ཞིབ་འཇུག་གསར་སྤེལ་གནང་ལ། རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་རིག་གཞུང་དུས་དེབ་ཏུ་དཔྱད་རྩོམ20ལྷག་སྤེལ་བ་དང་། ཆེད་བསྒྲིགས་དཔེ་དེབ10ལྷག་པར་བསྐྲུན་བྱས་པ་སོགས་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་བྱ་དགའ5ཐོབ་ཡོད་པ་བཅས། སྤྱི་ཚོགས་དང་དཔལ་འབྱོར་གང་ཐད་ནས་ཕན་འབྲས་མི་དམན་པ་བླངས་ཡོད།
ལྷག་པར་དུ་བོད་ལུགས་གསོ་རིག་གི་གནའ་དཔེ་མྱུར་སྐྱོབ་དང་དག་སྒྲིག་ཐད་གནའ་དཔེ་ཉིས་སྟོང་ལྷག་འཚོལ་སྡུད་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་དེབ་གྲངས109དང་། གསོ་རིག་ཀུན་འདུས་ཆེན་མོ་དེབ་གྲངས60ཅན། སྨན་ཐང་རྒྱས་འགྲེལ་བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར། བོད་ཉི་ཤན་སྦྱར་བསྡོམས་དེབ་གྲངས18སོགས་རྩོམ་སྒྲིག་པར་བསྐྲུན་བྱས་པ་དང་། དུས་རབས21པའི་བོད་སྨན་དངོས་གཞིའི་སློབ་གསོ་འཆར་འགོད་སློབ་དེབ38ཀྱི་རྩོམ་སྒྲིག་ལས་གྲས་སུ་ཞུགས་ཏེ་ལེགས་འགྲུབ་བྱུང་ལ། རང་རྒྱལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་ཆོག་པའི་བོད་ལུགས་གསོ་རིག་གི་རིག་གཞུང་དུས་དེབ་ཀྲུང་གོའི་བོད་ཀྱི་གསོ་རིག་གསར་སྤེལ་གནང་། བོད་ལུགས་གསོ་རིག་གི་ཞིབ་འཇུག་པ་གྲགས་ཅན་ཞིག་ཡིན་པའི་ངོས་ནས། སྔ་ཕྱིར་ཨ་མེ་རི་ཀ་དང་དབྱིན་ཇི། ཉི་ཧོང་སོགས་ཀྱི་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་དག་ལ་ཐེངས་མང་ཕེབས་ཏེ་འཚམས་འདྲི་དང་། འཆད་ཁྲིད། ཉམས་མྱོང་བརྗེ་རེས་གང་མང་སྤེལ་ནས་བོད་ཀྱི་གསོ་རིག་འཛམ་གླིང་དུ་ཁ་ཕྱོགས་པར་སྒོ་འཕར་ཡངས་པོར་ཕྱེས་པ་བཅས་མཛད་རྗེ་བླ་ལྷག་བཞག་ཡོད་དོ།།
གསུམ་པ། འཐུས་ཚབ་རང་བཞིན་གྱི་གྲུབ་འབྲས།
གཅིག ཚན་རྩལ་ལས་གཞི་གྲུབ་འབྲས།
1 བདུད་རྩི་སྨན་ལུམས་ཅུར་ནིས་གནད་འགག་ལག་རྩལ་འདོན་སྤེལ། རྒྱལ་ཁབ་ཀྱི95ཚན་རྩལ་འགག་སྒྲོལ་འཆར་འགོད་ལས་གཞིའི་གྲུབ་འབྲས།
2 རིན་ཆེན་བསམ་འཕེལ་སྔོག་འདོན་ཞིབ་འཇུག། རྒྱལ་ཁབ་ཀྱི་ལག་རྩལ་མཐོན་པའི་ཞིབ་འཇུག་དར་སྤེལ་འཆར་འགོད(863འཆར་འགོད) ཁྲིད་སྟོན་ལས་གཞིའི་གྲུབ་འབྲས།
3 རིན་ཆེན་བསམ་འཕེལ་ཐེངས་གཉིས་པའི་སྔོག་འདོན་ཞིབ་འཇུག། རྒྱལ་ཁབ་ཀྱི15གནད་ཆེའི་ཚན་རྩལ་དར་སྤེལ་འཆར་འགོད(863འཆར་འགོད) ལས་གཞིའི་གྲུབ་འབྲས།
4 མུ་ཏིག་བདུན་ཅུའི་སྨན་ནུས་ཐོན་ཚུལ་ཞིབ་འཇུག རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་སྨན་དོ་དམ་ཅུས་མི་རིགས་གསོ་རིག་གི་བརྟག་གཞི་ལས་གཞིའི་གྲུབ་འབྲས།
5 མཚོ་སྔོན་གྱི་རྒྱུན་བཀོལ་སྐྱེ་དངོས་སྨན་རྫས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་སྲུང་སྐྱོབ་ཀྱི་ཐབས་ལམ་ཞིབ་འཇུག། ། མཚོ་སྔོན་ཞིང་ཆེན་གནད་ཆེའི་ཚན་རྩལ་འགག་སྒྲོལ་ལས་གཞིའི་གྲུབ་འབྲས།
6 མདུན་ཆགས་གཤེར་རྨེན་གྱི་ནད་གསོ་བའི་བོད་སྨན་བྲེ་ག་མཉམ་སྦྱོར་ཐེངས་གཉིས་པའི་སྔོན་འདོན་ཞིབ་འཇུག ཚན་རྩལ་འགག་སྒྲོལ་ལས་གཞིའི་གྲུབ་འབྲས།
7 ཁྲག་སྨན་བདེ་སྟེར་དང་བདུད་རྩི་སྨན་ལུམས་ཅུར་ནིས། བདུད་རྩི་སྨན་ལུམས་བཅུད་ཁུ། རྒྱལ་ཁབ་ཀྱི་གནད་ཆེའི་ཐོན་རྫས་གསར་བའི་ལས་གཞིའི་གྲུབ་འབྲས།
8 སྨན་རྫས་གྲགས་ཅན་མུ་ཏིག་བདུན་ཅུ་ལས་གཏེར་རྫས་ཀྱི་སྨན་ནུས་ཞིབ་འཇུག རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གཞིའི(འགག་སྒྲོལ)འཆར་འགོད་ལས་གཞིའི་གྲུབ་འབྲས།
9 བོད་སྨན་བརྡ་འཕྲིན་མ་ལག་ཞིབ་འཇུག རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་རྩལ་ལས་གཞིའི་གྲུབ་འབྲས།
10 ཆམ་རིམས་གསོ་སྲུང་གི་བོད་སྨན་ཞིབ་འཇུག ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་གི་ལག་རྩལ་གསར་གཏོད་རོགས་སྐྱོར་མ་དངུལ་ལས་གཞིའི་གྲུབ་འབྲས།
11 གྲུམ་བུ་དང་གཟའ་གྲིབ། ཕོ་རུབ་གསུམ་གྱི་ནད་ཐོག་བརྟག་བཅོས་དབྱེ་ཞིབ་ཞིབ་འཇུག རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་འགོད་ལས་གཞིའི་གྲུབ་འབྲས།
12 དངུལ་ཆུའི་འདུལ་ལུགས་གཉིས་ཀྱི་བདེ་འཇགས་རང་བཞིན་ཞིབ་འཇུག རྒྱབ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞིའི་གྲུབ་འབྲས།
13 རྒྱུན་བཀོལ་བོད་སྨན་ལྕགས་ཕྱེའི་འདུལ་སྦྱོང་ལག་ལེན་དང་སྨན་ནུས་ཞིབ་འཇུག མཚོ་སྔོན་ཞིང་ཆེན2007ལོའི་ཁེ་ལས་ལག་རྩལ་གསར་གཏོད་མ་དངུལ་ལས་གཞིའི་གྲུབ་འབྲས།
14 སྨན་པ་རྒན་གྲས་ཀྱི་སྨན་བཅོས་ལག་རྩལ་མྱུར་སྐྱོབ་དང་རྒྱུན་འཛིན་ཞིབ་འཇུག རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་འགོད་ལས་གཞིའི་གྲུབ་འབྲས།
15 སྨན་པ་རྒན་གྲས་ཀྱི་རིག་གཞུང་བསམ་བློ་དང་སྨན་བཅོས་ལག་རྩལ་རྒྱུན་འཛིན་ཞིབ་འཇུག གསར་གཏོད་བྱེད་ཐབས་ལས་དོན་གྱི་ཆེད་དོན་ལས་གཞིའི་གྲུབ་འབྲས།
16 སྲོལ་རྒྱུན་གསོ་རིག་གནའ་དཔེ350དག་སྒྲིག་དང་ལས་སྣོན། ཚན་རྩལ་པུའུ་རྨང་གཞིའི་ལས་དོན་གྱི་ལས་གཞིའི་གྲུབ་འབྲས།
17 བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། རང་འདེམས་ཀྱི་ཚན་ཞིབ་ལས་གཞིའི་གྲུབ་འབྲས།
18 བཙོ་ཐལ་གྱི་འདུལ་སྦྱོང་ལག་རྩལ་དང་བདེ་འཇགས་རང་བཞིན་གདེང་འཇོག རྒྱལ་ཁབ95ཚན་རྩལ་འདེགས་སྐྱོར་འཆར་འགོད་ལས་གཞིའི་གྲུབ་འབྲས།
19 ཞིབ་འཐག་ལག་རྩལ་བོད་སྨན་ཐོན་སྐྱེད་ཁྲོད་ཀྱི་ཚོད་ལྟ་ཞིབ་འཇུག མཚོ་སྔོན་ཞིང་ཆེན་གྲུབ་འབྲས་ཁྱབ་གདལ་ལས་གཞིའི་གྲུབ་འབྲས།
20 གསོ་རིག་ཀུན་འདུས་ཆེན་མོ། རང་འདེམས་ཀྱི་ཚན་ཞིབ་ལས་གཞིའི་གྲུབ་འབྲས།
21 གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ། རྒྱལ་ཁབ་སློབ་གསོ་ཐེབས་རྩ་ལས་གཞིའི་གྲུབ་འབྲས།
22 བོད་སྨན་སྤུས་ཀ་ཚོད་འཛིན་གནད་འགག་ལག་རྩལ་ཞིབ་འཇུག་དང་ཉེར་སྤྱོད། རྒྱབ་ཁབ་ཀྱི་ཚན་རྩལ་འཆར་འགོད་ལས་གཞིའི་གྲུབ་འབྲས།
23 མ་ནུ་བཞི་ཐང་གི་འཕྲུལ་འཁོར་སྔོག་འདོན་ཞིབ་འཇུག མཚོ་སྔོན་ཞིང་ཆེན་ཚན་རྩལ་སྐུལ་འདེད་འཛུགས་སྐྲུན་འཆར་འགོད་ལས་གཞིའི་གྲུབ་འབྲས།
གཉིས། ཆེད་རྩོམ་བདམས་བཀོད།
1 ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུ་རྐྱེན་དང་གྱུར་ཚུལ་སྐོར་གླེང་བ། ཀྲུང་གོའི་བོད་རིག་པ1992ལོའི་དེབ་གསུམ་པ།
2 འབྱུང་ལྔའི་རྣམ་བཤད། ཀྲུང་གོའི་མི་རིགས་གསོ་རིག་དུས་དེབ1998ལོའི་དེབ་དང་པོ།
3 བོད་སྨན་དེང་རབས་ཞིབ་འཇུག་གི་བསམ་གཞིག 1999ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུའི་བགྲོ་གླེང་དཔྱད་རྩོམ།
4 ཉེས་གསུམ་གྱི་རྣམ་གཞག 2000ལོའི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུའི་ཆེད་རྩོམ་ཕྱོགས་བསྒྲིགས།
5 ལྡོག་ཕྱོགས་ནུས་མཐོ་གཤེར་མཚན་མདོག་ཤལ་ཐབས་ཀྱིས་ཨ་རུ་མཆིན་སྨན་ནོར་བུ་ལས་ཏིག་ཏའི་ཁ་ཀམ་གྱི་འདུས་ཚད་ཚད་འཇལ། ཀྲུང་གོའི་ཀྲུང་ལུགས་གསོ་རིག་བརྡ་འཕྲིན་དུས་དེབ2003ལོའི་ཟླ7པའི་བམ་པོ་བཅུ་བའི་ཐེངས7པ།
6 བོད་ཀྱི་གསོ་རིག་ལས་ལྕུམ་རྩའི་བཀོལ་སྤྱོད་སྤྱི་བཤད། ལྕུམ་རྩའི་དེབ་རབས་ཞིབ་འཇུག2007ལོའི་ཟླ10བ།
7 བདུད་རྩི་སྨན་ལུམས་ཅུར་ནིས་ཀྱི་སྦྱོར་ཚུལ་ལེགས་བཅོས་ཞིབ་འཇུག ཀྲུང་གོའི་དེང་རབས་ཀྲུང་སྨན2008ལོའི་ཟླ7པའི་བམ་པོ་བཅུ་བའི་ཁ་སྣོན་དུས་དེབ།
8 དབང་རྩའི་སྐྱེན་གྱིས་ན་ཟུག་གི་ངོས་འཛིན་དང་གསོ་བཅོས། དབང་རྩའི་སྐྱོན་གྱི་ན་བའི་གསོ་བཅོས་ཀྱི་འཕེལ་རྒྱས་གསར་བ2007ལོའི་ཐེངས6པ།
9 བསམ་འཕེལ་ནོར་བུས་རྩ་དཀར་གྱི་ནད་པ219བཅོས་པའི་ནད་ཐོག་དབྱེ་ཞིབ ནང་སོག་ཀྲུང་ལུགས་གསོ་རིག2009ལོའི་ཐེངས10པ།
10 བྱ་ཁྱུང་སྦྱིན་ཐུམ་གྱིས་ནད་དུག་འགོག་པའི་ཚོད་ལྟ་ཞིབ་འཇུག ཀྲུང་དབྱིའི་སྦྱར་སྨན2009ལོའི་ཐེངས3པ།
11 ཨ་གར་བཅོ་ལྔ་སོགས་སྨན་སྦྱོར་ལྔས་དལ་གཤིས་དབྱང་ཆད་འགོག་པའི་ཚོད་ལྟ་ཞིབ་འཇུག ཀྲུང་དབྱིའི་རྩ་སྨན2007ལོའི་ཐེངས་དང་པོ།
གསུམ། གསུང་རྩོམ་སྐོར།
1 གསོ་རིག་ཀུན་འདུས་ཆེན་མོ། (དེབ་གྲངས60)གཙོ་སྒྲིག་གཞོན་པ། མི་རིགས་དཔེ་སྐྲུན་ཁང་ནས2012ལོར་པར་དུ་བསྐྲུན།
2 སྨན་ཐང་རྒྱས་འགྲེལ། (དེབ་གྲངས18)གཙོ་སྒྲིག་གཞོན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས2012ལོར་པར་དུ་བསྐྲུན།
3 བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། (དེབ་གྲངས109)གཙོ་སྒྲིག་གཞོན་པ། མི་རིགས་དཔེ་སྐྲུན་ཁང་ནས2012ལོར་པར་དུ་བསྐྲུན།
4 དུས་རབས21པའི་བོད་སྨན་དངོས་གཞིའི་སློབ་གསོ་འཆར་འགོད་སློབ་དེབ་ལས་སྦྱོར་བ་སྨན། གཙོ་སྒྲིག་གཞོན་པ། མི་རིགས་དཔེ་སྐྲུན་ཁང་ནས2008ལོར་པར་དུ་བསྐྲུན།
5 ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ། གཙོ་སྒྲིག་པ། 2007ལོར་འདོན་ཐེངས་དང་པོ་སྤེལ།
6 མཚོ་སྔོན་གྱི་རྒྱུན་བཀོལ་སྐྱེ་དངོས་སྨན་རྫས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་སྲུང་སྐྱོབ་ཀྱི་ཐབས་ལམ། གཙོ་སྒྲིག་གཞོན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས2007ལོར་པར་དུ་བསྐྲུན།
7 ཀྲུང་གོའི་བོད་ཀྱི་གསོ་རིག་ཞིབ་འཇུག གཙོ་སྒྲིག་པ། མི་རིགས་དཔེ་སྐྲུན་ཁང་ནས2006ལོར་པར་དུ་བསྐྲུན།
8 དུས་རབས21པའི་སློབ་ཚན་སློབ་དེབ་དེང་རབས་གསོ་རིག་ལས་སྨན་ལུགས་རིག་པ། གཙོ་བསྒྱུར་པ། མི་རིགས་དཔེ་སྐྲུན་ཁང་ནས2004ལོར་པར་དུ་བསྐྲུན།
9 བོད་ཀྱི་གསོ་རིག་པའི་ཤེས་བྱའི་རྣམ་གྲངས་བློ་གསལ་འཇུག་ངོགས། ཆེད་རྩོམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས1995ལོར་པར་དུ་བསྐྲུན།
10 བོད་སྨན་ཐང་སྦྱོར་ཀུན་འདུས། གཙོ་སྒྲིག་པ། མི་རིགས་དཔེ་སྐྲུན་ཁང་ནས2015ལོར་པར་དུ་བསྐྲུན།
བཞི། བྱ་དགའི་གཟེངས་རྟགས།
1 གསོ་རིག་ཀུན་འདུས་ཆེན་མོ་སྡུད་སྒྲིག་དང་དག་སྒྲིག་ཞིབ་འཇུག སྤྱི་ལོ2013ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་དང་། ཀྲུང་གོའི་སྲིད་གཞུང་དཔེ་སྐྲུན་བྱ་དགའ ། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཚན་རྩལ་གྱི་བྱ་དགའ་ཨང་དང་པོ་བཅས་ཐོབ།
2 བོད་སྨན་སྤུས་ཀ་ཚོད་འཛིན་གནད་འགག་ལག་རྩལ་ཞིབ་འཇུག་དང་ཉེར་སྤྱོད། སྤྱི་ལོ2014ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ།
3 སྨན་རྫས་གྲགས་ཅན་མུ་ཏིག་བདུན་ཅུ་ལས་གཏེར་རྫས་ཀྱི་སྨན་ནུས་ཞིབ་འཇུག སྤྱི་ལོ2013ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
4 བདུད་རྩི་སྨན་ལུམས་ཅུར་ནིས་གནད་འགག་ལག་རྩལ་འདོན་སྤེལ། སྤྱི་ལོ2004ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
5 ཀྲུང་གོའི་བོད་ཀྱི་གསོ་རིག སྤྱི་ལོ1999ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
6 སྤྱི་ལོ2002ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་ལས་བྱེད་སྔོན་ཐོན་མི་སྣའི་བྱ་དགའ་གནང་།
7 སྤྱི་ལོ2004ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་དོན་པུའུ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་སྐབས་བརྒྱད་པའི་ཀྲུང་གོའི་ན་གཞོན་ཚན་རྩལ་བྱ་དགའ་བསྩལ།
8 སྤྱི་ལོ2005ལོའི་ཟླ5པར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་བྱེད་པའི་སྔོན་ཐོན་མི་སྣའི་བྱ་དགའ་གནང་།
9 སྤྱི་ལོ2006ལོའི་ཟླ5པར་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཚན་རྩལ་ལས་བྱེད་པའི་བྱ་དགའ་གནང་།
10 སྤྱི་ལོ2011ལོའི་ཟླ12པར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐེན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་ཕུལ་བྱུང་རིག་གཞུང་སྣེ་ཁྲིད་པའི་བྱ་དགའ་བསྩལ།
གསུམ་པ། སྤྱི་ཚོགས་ཀྱི་འགན་བཞེས།
1 ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་གཙོ་སྒྲིག་པ།
2 སྐབས་བརྒྱད་པ་དང་དགུ་བ་བཅུ་བའི་རྒྱལ་ཁབ་སྨན་མཛོད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི།
3 ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་ཨང་བཅུ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི།
4 ཀྲུང་གོའི་ན་གཞོན་ཚན་རྩལ་ལས་བྱེད་ལྷན་ཚོགས་ཀྱི་ལས་འཛིན་པ།
5 ཀྲུང་ཧྭ་གསོ་རིག་ཞིབ་འཇུག་དུས་དེབ་ཀྱི་ཆེད་མཁས་རྩོམ་སྒྲིག་ཚོགས་པའི་རྒྱུན་ལས་རྩོམ་སྒྲིག་པ།
6 རྒྱལ་ཁབ་ཀྱི863འཆར་འགོད་ཆེད་མཁས་ཚོགས་པའི་ཆེད་མཁས་པ།
7 རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་མི་རིགས་སྨན་རྫས་དཔྱད་ཞིབ་ཆེད་མཁས་ཚོགས་པའི་ཆེད་མཁས་པ།
8 རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཆེད་མཁས་ཚོགས་པའི་ཆེད་མཁས་པ།
9 ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་རྒྱུན་ལས་ལས་འཛིན་པ།
10 ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་བོད་ཀྱི་གསོ་རིག་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ།
11 ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་སྨན་རྫས་ནད་ཐོག་དཔྱད་ཞིབ་ཡན་ལག་ཚོགས་པའི་དྲུང་ཡིག་གཞོན་པ།
12 ཀྲུང་ཧྭ་གསོ་རིག་སློབ་ཚོགས་ལོ་རྒྱུས་རིག་པའི་ཡན་ལག་ཚོགས་པའི་ཨུ་ཡོན།
13 ཀྲུང་གོ་མི་རིགས་མཁོ་རྫས་མཐུན་ཚོགས་ལས་འཛིན་པ།
14 མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
15 མཚོ་སྔོན་ཞིང་ཆེན་ན་གཞོན་ཚན་རྩལ་ལས་བྱེད་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
16 མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭ་བོད་ཡིག་སློབ་གཞི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
17 མཚོ་སྔོན་ཞིང་ཆེན་འཆར་འགོད་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས།
18 མཚོ་སྔོན་ཞིང་ཆེན་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
19 མཚོ་སྔོན་ཞིང་ཆེན་སྨན་རྫས་སློབ་ཚོགས་རྒྱུན་ལས་ལས་འཛིན་པ།
20 ཀྲུང་གོ་ནུབ་རྒྱུད་འོད་སྣང་གི་ཁག་བཞི་པའི་ཆེད་མངགས་མཁས་པ།
21 མཚོ་སྔོན་ཞིང་ཆེན་ཁག་ལྔ་བའི་རང་བྱུང་ཚན་རིག་དང་འཛུགས་སྐྲུན་ལག་རྩལ་རིག་གཞུང་སྣེ་ཁྲིད་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com