བོད་རིགས་ཆེད་མཁས་པ་ངག་དཔལ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བཀྲ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2014-06-12 10:20:00 ཀློག་གྲངས།:

བོད་རིགས་ཆེད་མཁས་ངག་དཔལ།
བོད་རིགས་ཆེད་མཁས་ངག་དཔལ།

      བོད་རིགས་མཁས་པ་ངག་དབང་དཔལ་ལྡན་གྱིས་བོད་རིག་པའི་ཡིག་ཚགས་དང་བོད་ཡིག་དཔེ་རྙིང་ཞིབ་འཇུག་གི་ལས་དོན་གཉེར་ནས་ལོ་ངོ30ལྷག་ཕྱིན་ཡོད་ཅིང་། ང་ཚོས་ཁོང་ལ་བཅར་འདྲི་གནང་དུས། ཁོང་ཉིད་གཞུང་ལས་ཁང་གསར་པའི་ནང་གནས་སྤར་མ་ཐག་ཡིན་པས། ཁང་པའི་ནང་ཡོངས་སུ་བཀྲམས་པའི་དཔེ་དེབ་དག་ལེགས་སྒྲིག་བྱེད་ཁོམ་ཡང་མེད་པར་ཆགས་ཡོད། ཁོང་གི་ཕྱག་ལས་ནམ་ཡང་དཔེ་དེབ་དང་འབྲེལ་ཐབས་མེད།
བོད་ཡིག་དཔེ་རྙིང་ཞིབ་འཇུག་ལས་དོན་དང་ལས་འབྲེལ་ཟབ་མོ་ཆགས་པ།
      ངག་དཔལ་ནི་མཚོ་སྔོན་ནས་ཡིན་ཞིང་། ཆུང་དུས་ནས་སྤོ་ལགས་ཀྱི་གམ་ནས་ནར་སོན་པ་རེད། ཁྱིམ་ཚང་ཁོར་ཡུག་གི་དབང་གིས་བོད་ཡིག་གི་དཔེ་དེབ་མི་ཉུང་པར་མཇལ་ཐུབ་པ་བྱུང་། ཤུགས་རྐྱེན་དེ་འདྲའི་འོག་རིམ་བཞིན་ཁོང་ཉིད་ཀྱང་སྐད་ཡིག་ལ་སྤྲོ་བ་མི་དམན་པ་སྐྱེས། 1974ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གའི་དགེ་རྒན་གྱི་ལས་ཀ་གཉེར། ལོ་ངོ་གཉིས་ཀྱི་རྗེས་སུ《མཚོ་སྔོན་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་ཞིག་ཏུ་གྱུར་པ་དང་། དེའི་རིང་ཀྲུང་དབྱང་མི་རིགས་སློབ་གླིང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཡོངས་སུ་བོད་ཀྱི་ཡིག་རྙིང་ཞིབ་འཇུག་སློབ་མ16བསྡུ་བའི་གོ་སྐབས་ལ་འཕྲད་པས་ན། བོད་ཡིག་གི་རྨང་གཞི་བརྟན་ཞིང་གསར་འགོད་པའི་ཉམས་མྱོང་ཡང་ལྡན་པའི་ངག་དཔལ་ལགས་རེབ་དེའི་ཞིབ་འཇུག་སློབ་མའི་གྲས་ཀྱི་གཅིག་ཏུ་གྱུར། དེ་ནས་བཟུང་བོད་ཡིག་གི་དཔེ་རྙིང་ཞིབ་འཇུག་གི་འབྲེལ་ཡོད་སློབ་ཚན་རབ་དང་རིམ་པ་མྱོང་བའི་སྐལ་བ་བྱུང་མ་ཟད།  བོད་ཡིག་དཔེ་རྙིང་ཞིབ་འཇུག་གི་ལས་སུ་ཞུགས་པའི་སྐལ་བ་ཡང་རིམ་བཞིན་བྱུང་།
      1987ལོར། ལོ་ན35སོན་པའི་ངག་དཔལ་དང་འཛིན་གྲྭའི་རིམ་པ་གཅིག་པའི་ཞིབ་འཇུག་སློབ་མ4། བཙུགས་ནས་ལོ་གཅིག་ལས་འགོར་མེད་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས(གཤམ་དུ་ལྟེ་གནས་ཞེས་བསྡུས་མིང་)སུ་མཉམ་དུ་བསྐྱོད་དེ《ཡོན་རྒྱལ་རབས་ཀྱི་ཚུན་ལ་བོད་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས་ཡིག་ཚགས་དང་རྒྱུ་ཆ་ཕྱོགས་སྒྲིག》ཅེས་པའི་དག་སྒྲིག་གི་ལས་ལ་ཞུགས་པ་རེད། ལོ་ངོ་གཉིས་ཀྱི་རྗེས་སུ་རྣམ་གྲངས་ལེགས་འགྲུབ་བྱུང་། མི་སྣ4བོས་ཀྱང་རང་གི་ཆེད་ལས་ཀྱི་ཁ་ཕྱོགས་ལྟར་ལྟེ་གནས་སུ་གཞི་ཚུགས་པར་བྱས་ཏེ། རིམ་བཞིན་ཞིབ་འཇུག་ཁང་། དཔེ་མཛོད་ཁང་།  དཔེ་སྐྲུན་ཁང་བཅས་ཀྱི་ལས་བྱེད་པར་གྱུར་པ་རེད།
      ངག་དཔལ་ལགས་བོད་རིག་པ་ཞིབ་འཇུག་ཁང་གི་ལྟེ་གནས་དཔེ་མཛོད་ཁང་གི་འགོ་གཙོར་གྱུར་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་དང་། ཡིག་ཚགས་ཚད་ལྡན་ཡིག་ཆ། སྒྲ་གཟུགས་རྒྱུ་ཆ་སོགས་དང་འཕྲད་པས་ཆེད་མཁས་པའི་རིག་གཞུང་ཞིབ་འཇུག་གི་ལས་ལ་ཐོག་མར་གཞོལ་འགོ་བརྩམས།
      ཕྱག་ལས་གནང་བའི་རིང་།  ངག་དཔལ་ལགས་ཀྱིས་དཔེ་མཛོད་ཁང་གཞན་པའི་བོད་ཡིག་གི་དཔྱད་ཡིག་རྒྱུ་ཆ་རྩ་ཆེན་དང་མཇལ་པའི་གོ་སྐབས་བྱུང་།  བོད་ཡིག་དཔེ་རྙིང་གི་ནང་དོན་ནི་བོད་རིག་པའི་ཕྱོགས་ཀུན་ལ་ཁྱབ་ཡོད་པས །  བོད་རིག་པར་འཇུག་མཁན་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱས་ན་ད་གཟོད་ཞིབ་འཇུག་ལ་ཕན་པ་ཆེན་པོ་ལྡན་པ་དེ་བཞིན་དུ། ཆ་རྐྱེན་དེ་གཉིས་འཛོམས་པའི་ངག་དཔལ་གྱིས་པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཕྱོགས་བསྡུས་བྱེད་རྒྱུ་སེམས་ཐག་བཅད་དེ། བློ་སེམས་རྩེ་གཅིག་གིས་ལག་བསྟར་གནང་འགོ་བརྩམས།
      《པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་བྱང་དང་རིས་བྱང》《ཀྲུང་གོའི་བོད་རིག་པའི་དཔེ་དེབ་ཀྱི་དཀར་ཆག་མཐུད་སྒྲིག》སོགས་སུ་མེས་པོའི་ཤེས་རབ་དང་དེང་མིའི་རྔུལ་ཁྲག་གཞི་གཅིག་ཏུ་འདྲེས་ཡོད།  
《པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》ལེགས་སྒྲིག་གནང་པ།
      2013ལོར།  《པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》(གཤམ་དུ་དཀར་ཆགས་ཆེན་མོ་ཞེས་བསྡུས)ཁག་དང་པོ་པར་བསྐྲུན་བྱས་ཤིང་། འཆར་འགོད་ལྟར་ན་ལོ་ངོ3ནས4རིང་ཁག་བཞི་པོ་པར་སྐྲུན་བྱེད་ཐུབ་རྒྱུ་རེད། དེབ་དེར་པེ་ཅིང་གི་རིག་གནས་སྡེ་ཁག་དང་དཔེ་མཛོད་ཁང་བཅུ་ལྷག་གིས་ཉར་ཚགས་གནང་པའི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་དུམ་པ6267དང་། རིགས93646ཕྱོགས་སྒྲིག་མཛད་ཡོད།
      《པེ་ཅིང་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་བྱང་དང་རིས་བྱང》《ཀྲུང་གོའི་བོད་རིག་པའི་དཔེ་དེབ་ཀྱི་དཀར་ཆག་མཐུད་སྒྲིག》སོགས་སུ་མེས་པོའི་ཤེས་རབ་དང་དེང་མིའི་རྔུལ་ཁྲག་གཞི་གཅིག་ཏུ་འདྲེས་ཡོད། 
      《དཀར་ཆགས་ཆེན་མོའི》ཁྱབ་ཁོངས་དང་ཐོན་ཁུངས་ཐད། ངག་དཔལ་ལ་རང་ཉིད་ཀྱི་ས་ཁྲ་ཞིག་འདུག་སྟེ། ཀྲུང་ཀོན་ཚོན་དུ་སྡོད་པའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ནས་འགོ་བརྩམས་ཏེ། རིམ་བཞིན་ཀྲུང་དབྱང་མི་རིགས་སློབ་ཆེན། རྒྱལ་ཁབ་དཔེ་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་།  གནའ་བོའི་ཕོ་བྲང་། དེ་ནས་བྱང་དུ་བསྐྱོད་ཚེ་དགའ་ལྡན་བྱིན་ཆགས་གླིང་། ལྟེ་གནས་བཅས་ཕལ་ཆེར་བསྐོར་ཐིག་ཅིག་ཏུ་གྲུབ་ཡོད་པ་དང་། ངག་དཔལ་ལགས་ནི་མཆོད་མཇལ་པ་ཞིག་དང་འདྲ་བར་སེམས་ཁོངས་ཀྱི་ས་ཁྲ་དེའི་དོན་དུ་ཧུར་ཐག་གིས་རྟོག་ཞིབ་དང་བློ་ཞིབ་མོས་ལེགས་སྒྲིག་བྱེད་བཞིན་གདའ།
      རྒྱལ་ཁབ་རིམ་པའི་རྣམ་གྲངས་ཡིན་པའི་ཆ་ནས། 2001ལོར་རྣམ་གྲངས་བཙུགས་པ་ནས། 2011ལོར་རྣམ་གྲངས་མཇུག་བསྡུས་པ། 2013ལོར་པར་བསྐྲུན་གནང་པའི་བར་དུ།《དཀར་ཆགས་ཆེན་མོར》ལོ་ངོ་བཅུ་ལྷག་གི་དུས་ཚོད་བེད་སྤྱད། དེ་ནི་ཕྱོགས་གཅིག་ནས་ཚད་ལྡན་ཡིག་ཆའི་རིགས་དང་གྲངས་འབོར་མང་པ། གཉིས་ནས་ཚད་ལྡན་ཡིག་ཆ་འདི་དག་ལས་ཁུངས་མི་འདྲ་བ་བཅུ་ལྷག་ལ་ཁྱབ་ཡོད་པ་སྟབས། སྡེ་ཁག་བར་གྱི་མཉམ་འབྲེལ་ཐད་ལ་དུས་ཚོད་མི་ཉུང་པ་སྤྱོད་དགོས་ལ། དེའི་གོ་རིམ་ཁྲོད་སོ་སོ་ལ་ཡང་འཕྲད་མ་མྱོང་པའི་གོ་སྐབས་ཀྱང་མང་པོར་བྱུང་།
      ངག་དཔལ་གིས་གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་གི་བོད་ཡིག་དཔེ་རྙིང་ལ་ལྟ་ཀློག་གནང་པའི་བརྒྱུད་རིམ་ལ་མཚོན་ན་བག་ཆགས་གཏིང་ཟབ་བཞག་ཡོད། གནའ་བོའི་ཕོ་བྲང་གི་ཚད་ལྡན་ཡིག་ཚགས་ཀྱི་དོ་དམ་ཧ་ཅང་དམ་དྲགས་ཕྱིར། དམིགས་བསལ་སྐུ་མགྲོན་ཡིན་ཡང་དེ་གར་ཉར་པའི་བཀའ་བསྟན་གྱི་ཤོག་ངོས་དང་པོར་མ་གཏོགས་ལྟ་ཀློག་གནང་མི་ཆོག ལོ་ངོ་གཉིས་རིང་གི་འབྲེལ་འདྲེས་བརྒྱུད་ངག་དཔལ་དང་ཁོའི་ལས་ཀའི་ཚོགས་པས་ཁོངས་མི༨ཀྱིས་ཚད་ལྡན་ཡིག་ཆ་དངོས་ལ་མཇལ་རྒྱུའི་གོ་སྐབས་བྱུང་པ་རེད།
      དེ་ནི་ཟླ8པའི་དུས་ཤིག་རེད། ཕྱི་རོལ་ཀྱི་དྲོད་ཚད་ཏུའུ40སླེབས་ཡོད་མོད། རིག་དངོས་ཉར་ཚགས་གནང་པའི་གནའ་བོའི་ཕོ་བྲང་གི་ས་འོག་མཛོད་ཁང་དུ་དྲོད་ཚད་ཏུའུ16གི་དྲོད་ཚད་འགྱུར་མེད་རྒྱུན་བསྐྱངས་ཡོད། ཉིན་རེར་གནའ་བོའི་ཕོ་བྲང་དུ་སླེབས་རྗེས། ངག་དཔལ་སོགས་ཀྱིས་ལས་དང་པོ་ནི་གྱོན་པ་བརྗེས་གསོར་གནང་ནས་སྲིང་བལ་སྟོད་གོས་དང་། སྲིང་བལ་གྱི་རྐང་སྣམ། དགུན་ལྷམ། དགུན་ཞྭ་སོགས་གྱོན་ནས་ཉིན་གཅིག་རིང་གི་ལས་ཀ་གཉེར་དགོས་པ་དང་། ལས་ཀ་མཇུག་གྲིལ་རྗེས་དབྱར་ལྭར་བརྗེ་གསོར་བྱེད་དགོས། གསང་སྤྱོད་ཁང་དུ་འགྲོ་དུས་ཀྱང་ལས་བྱེད་མི་སྣ་གཉིས་ཀྱིས་ལྟ་རྟོག་འོག་ཕེབས་དགོས། འདི་ལྟར་ཉིན40རིང་ལས་ཀ་གནང་རྗེས། དངོས་སུ་གཏན་འཁེལ་གྱི་དུས་ཚོད་རིང་གནའ་བོའི་ཕོ་བྲང་དུ་ཉར་པའི་བོད་ཡིག་དཔེ་རྙིང་ལ་ཆེད་དོན་མ་ལག་ཅན་གྱི་ལེགས་སྒྲིག་གནང་པ་རེད།
      《དཀར་ཆགས་ཆེན་མོ》བོད་ཡིག་དཔེ་རྙིང་ལ་ཁྱབ་པའི་ནང་དོན་དག་ཕྱོགས་བཞི་ལ་ཁྱབ་ཡོད་དེ། གཅིག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྟེ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། གཉིས་ནི་བོད་ཀྱི་ལོ་རྒྱུས་ཚད་ལྡན་ཡིག་ཆ། གསུམ་ནི་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ། ལྔ་ནི་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་བཅས་སོ།།
      《དཀར་ཆགས་ཆེན་མོ》ལེགས་སྒྲིག་བྱེད་རིང་། གནའ་དཔེའི་རྩོམ་པ་པོ་དང་། འཁྲུངས་འདས་ལོ་ཚིགས། རྩོམ་བཏུས། རྣམ་ཐར་སོགས་འབྲེལ་ཡོད་ཆ་འཕྲིན་ཡང་འདུ་བས། དེ་དག་ནི་ངག་དཔལ་གྱིས་ཞོར་དུ་ལེགས་སྒྲིག་གནང་ནས་ཞིབ་འཇུག་བྱ་གཞི་ཆེན་མོའི་ནང་གསེས་ཞིབ་འཇུག་བྱ་གཞིར་གྱུར་ཡོད།  བྱེ་བྲག་ཏུ《དཀར་ཆགས་ཆེན་མོ》ལེགས་སྒྲིག་ཞིབ་འཇུག་རྒྱུ་ཆ།
ནང་གསེས་དང་པོ《བོད་ཀྱི་མཁས་དབང་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས》
ནང་གསེས་གཉིས་པ《བོད་ཀྱི་མཁས་དབང་རིམ་བྱོན་གྱི་གསུང་བཏུས》
ནང་གསེས་གསུམ་པ《བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར》
ནང་གསེས་བཞི་པ《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་མིང་ཐོ》
ནང་གསེས་ལྔ་པ《བོད་ཀྱི་ལོ་ཆེན་རིམ་བྱོན་གྱི་མཚན་བྱང》
ནང་གསེས་དྲུག་པ《བོད་ཡིག་དཔེ་རྙིང་གི་དཀར་ཆག་ཚིག་མཛོད》
      《དཀར་ཆགས་ཆེན་མོ》ནི་དཔེ་མཛོད་ཁང་གི་ཕྱོགས་བསྡུས་དཀར་ཆག་ཅིག་དང་འདྲ་བར། བོད་རྒྱ་ལ་ཏིང་བཅས་ཡིག་རིགས་གསུམ་གྱིས་པེ་ཅིང་ས་ཁུལ་གྱི་བོད་འབྲེལ་རིག་གནས་སྡེ་ཁག་གིས་ཉར་ཚགས་གནང་པའི་བོད་ཡིག་ཚད་ལྡན་ཡིག་ཆའི་དཔེ་རྙིང་རེ་རེ་མིང་དང་། རིགས། ཤོག་གྲངས། རྩོམ་པ་པོ(འཁྲུངས་འདས་ལོ་ཚིགས) པར་གཞི། ནང་དོན་གཙོ་བོ(པར་འདུས)། ཉར་ཚགས་ཆ་འཕྲིན་བཅས་ནང་དུ་འདུས་ཕྱིར། མ་ལག་ཅན་དང་ཞིབ་ཕྲ་ལྡན་ཚུལ་མིའི་བློ་ལའང་ཤོང་དཀའ་བའི་ཚད་དུ་སླེབས་ཡོད།
      ངག་དཔལ་གྱིས་མི་རིགས་ཤིག་ལ་རྒྱུས་ལོན་བྱེད་ན་མི་རིགས་དེའི་རིག་གནས་ངེས་པར་དུ་རྟོགས་དགོས་ལ། མི་རིགས་ཤིག་ལ་གོང་བཀུར་གནང་ན་ངེས་པར་དུ་མི་རིགས་དེའི་རིག་གནས་ལ་གོང་བཀུར་གནང་དགོས། མི་རིགས་ཤིག་འཕེལ་རྒྱས་བྱུང་ན་དེའི་རིག་གནས་ངེས་པར་དུ་འཕེལ་རྒྱས་བྱུང་དགོས་པས། རིག་གནས་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང་། དེ་ཉིད་བརྒྱུད་ནས་དངོས་པོ་མང་པོར་རྒྱུས་ལོན་བྱེད་ཐུབ། 《དཀར་ཆག་ཆེན་མོ》ནི་ཕྱོགས་བསྡུས་དང་འགོ་བརྗོད་ལྟ་བུ་རེད། དཀར་ཆག་དེ་བོད་རིག་པར་ཞིབ་འཇུག་བགྱི་མཁན་ཕྱི་རབས་པ་དག་གིས་བོད་ཡིག་དཔེ་རྙིང་ལ་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་པར་ཕན་པ་བསམ་གྱིས་མི་ཁྱབ་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས་མི་རིགས་སོ་སོའི་བར་ཕན་ཚུན་རྒྱུས་ལོན་བྱེད་པར་ཡང་དགེ་མཚན་ཆེན་པོ་ལྡན་ཟེར།
      ངག་དཔལ་གྱིས་བོད་ཡིག་བསྟན་བཅོས་ཚད་ལྡན་ཡིག་ཆར་རིགས་དགར་ནས་དཀར་ཆག་སྒྲིག་པ་དང་དག་སྒྲིག་ཞིབ་འཇུག་གནང་པ་དེས་ཕྱི་རབས་པས་བོད་རིག་པར་ཞིབ་འཇུག་བྱེད་པར་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཞིང་། བོད་རིག་པ་ཞིབ་འཇུག་མཁན་གྱིས་རིག་གཞུང་གནད་དོན་གྱི་ངོས་འཛིན་བྱེད་ཕྱོགས་དང་གོ་བ་ལེན་ཚད་ལ་ཤུགས་སྣོན་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་ཁྲོད་ཀྱི་གནད་དོན་གཙོ་བོར་སྔར་ལས་བསམ་གཞིགས་གཏིང་ཟབ་བྱེད་པའི་ཐད་སློབ་སྦྱོང་བྱེད་ཐུབ། བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆར་རིགས་དགར་ནས་དཀར་ཆག་སྒྲིག་པ་དང་དག་སྒྲིག་ཞིབ་འཇུག་གནང་པ་བརྒྱུད་ནས་མེས་པོ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་བགྱིས་པའི་གྲུབ་འབྲས་ལ་བལྟས་བཅོས་ཀྱིས་རྒྱུས་ལོན་དང་ངོས་འཛིན་བྱེད་ཐུབ་ཅིང་། བོད་ཀྱི་ལོ་རྒྱུས་རིག་གནས་ཁྲོད་ཀྱི་གནད་དོན་གཙོ་བོར་ཡང་དག་པས་ངོས་འཛིན་བྱེད་པར་ཕན་འདོགས་ཐུབ། བོད་ཀྱི་མཁས་དབང་དག་གི་རིག་གཞུང་བསམ་བློར་ལེགས་སྒྲིག་ཞིབ་འཇུག་བྱས་པ་བརྒྱུད། མེས་པོ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་བགྱིས་པའི་གཞུང་ལུགས་གྲུབ་འབྲས་ལ་བལྟས་བཅོས་ཀྱིས་རྒྱུས་ལོན་དང་ངོས་འཛིན་བྱེད་ཐུབ་པ་བཅས་རིག་གནས་ཀྱི་གཏིང་ཟབ་པའི་ཆ་ལ་ཚན་རིག་གི་ངོས་འཛིན་བྱེད་པར་དགེ་མཚན་ལྡན། དེ་མིན་བོད་ཀྱི་མཁས་དབང་དག་གི་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་ལ་དཔྱད་བསྡུར་ཞིབ་འཇུག་བྱས་པ་བརྒྱུད་མེས་པོ་དག་གི་རིག་གཞུང་གི་རིག་གནས་ཞིབ་འཇུག་བྱེད་ཐབས་ལ་བལྟས་བཅོས་ཀྱིས་རྒྱུས་ལོན་དང་ངོས་འཛིན་བྱེད་ཐུབ་པས། སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་ཞིབ་འཇུག་བྱ་གཞིའི་དཔྱད་བསྡུར་ལ་ངོས་འཛིན་བྱེད་ཕྱོགས་དང་རིག་གནས་བསམ་བློ་མང་ཙམ་ཆགས་པར་ཕན་ཐོགས་བསམ།
ཀྲུང་གོའི་བོད་རིག་པའི་ལས་དོན་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་་བྱུང་པར་ར་སྤྲོད་བྱས་པ།
      1987ལོར་ངག་དཔལ་པེ་ཅིང་དུ་སླེབས་དུས་ལྟེ་གནས་ལས་འགོ་ཚུགས་མ་ཐག་རེད། གཞུང་ལས་ཁང་དང་མལ་ཁང་ནི་ཐའེ་ཕེན་ཀྲུང་བྱང་མར་གླས་ཡོད། དེ་དག་ཡོད་ཚད་ནི《ཧྲ་ཅ་པིང》ནང་གི་འཁྲབ་ཚིག་ལ་དཔེ་བླངས་ཆོག་སྟེ།  མི་བཅུ་ལྷག་ལ་མེ་མདའ་བདུན་བརྒྱད་མ་གཏོགས་མེད།
      ལོ་ངོ༢༠ལྷག་གི་རྗེས་སུ། ལྟེ་གནས་ཀྱི་ཐེངས་དུ་མའི་གནས་སྤོའི་གནས་ཚུལ་དེ་ངག་དཔལ་གྱི་སེམས་ལ་ཝ་ལེར་འཆར་འོང་། གནས་སྤར་པ་དེས་ངག་དཔལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་བཏང་བ་མ་ཟད། ཁོས་ཁྱིམ་གཞིས་ལ་གོ་རྟོགས་བྱེད་པའི་གོ་སྐབས་ཀྱང་བསྐྲུན།  གོ་རིམ་འདིའི་ཁྲོད་ལྟེ་གནས་ཀྱི་སྲ་ཆས་ཁོར་ཡུག་དང་མ་ལག་ཆ་ཚང་གི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་སོང་ཡོད་པས། ཁོང་ནི་ཀྲུང་གོའི་བོད་རིག་གན་ཞིབ་འཇུག་ལས་དོན་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་ར་སྤྲོད་ཞིག་ཀྱང་རེད།
      དེང་སྐབས་ལྟེ་གནས་སུ་ཁང་བརྩེགས་ཆེན་པོ་གཉིས་བཞེངས་ཡོད་ཅིང་། ལོ་རྒྱུས་དང་ཆོས་ལུགས། སྤྱི་ཚོགས་རིག་གནས། བོད་ལུགས་གསོ་རིག དེང་རབས་བཅས་ཞིབ་འཇུག་ཁང་ལྔ་ལས་གཞན། བོད་རིག་པ་དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་། དཔེ་མཛོད་ཁང་། བོད་ལྗོངས་རིག་གནས་རྟེན་མཛོད་ཁང་། དྲ་ཚིགས་བཅས་ཡོད། རུ་དཔུང་སྔར་ལས་ཇེ་ཆེར་ཕྱིན་པ་དང་བསྟུན་ཞིབ་འཇུག་ཁྱབ་ཁོངས་ཀྱང་ཇེ་ཆེར་ཕྱིན་ཡོད། ཅུང་གཞི་ཁྱོན་ཆེ་བའི་ཞིབ་འཇུག་བྱ་གཞིར《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཕྲེང》དང《ཀྲུང་ཧྭའི་བཀའ་བསྟན》བོད་ཡིག་གི《བཀའ་བསྟན》(དཔེ་སྡུར་མ)བོད་ཡིག་གི《ཀྲུང་ཧྭའི་ཚིག་མཛོད་ཆེན་མོ》སོགས་ཡོད་ལ། དཀར་ཆག་ཆེན་མོ་ནི་དེའི་གྲས་ཀྱི་གཅིག་རེད།
      མི་ཕལ་བ་རྣམས་ཀྱིས་བལྟས་ན་ངག་དཔལ་གྱི་ལས་ཀ་ནི་ཆོ་མེད་བྲོ་མེད་ཅིག་ཡིན་ཡང་སྲིད་དེ། ལོ་ངོ་བཅུ་ལྷག་གི་རིང་ལ་རྨང་གཞིའི་ལས་ཀ་རྩེ་གཅིག་ཏུ་གཞོལ་ནས་བོད་རིག་པ་ཞིབ་འཇུག་གི་བགྲོད་ལམ་ཆེན་མོའི་སྟེང་རྨང་འདིང་བཞིན་མཆིས།
      བོད་ཡིག་ནི་དུས་རབས་བདུན་པའི་སྐབས་སུ། བློན་ཆེན་བདུན་དུ་གྲགས་པའི་ནང་གསེས་ཐོན་མི་སམ་བྷོཊས་གསར་གཏོད་གནང་ཞིང་། ད་བར་དུ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན། བོད་ཡིག་གི་བསྟན་བཅོས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྲོད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། གྲངས་འབོར་ཡང་རྒྱ་ཡིག་གི་བསྟན་བཅོས་དང་འགྲན། གནའ་བོའི་ཤེས་དཔལ་ནི་གཙོ་བོ་ཡི་གེ་ལ་བརྟེན་ནས་གཏིང་ཟབ་པའི་རིག་གནས་རྒྱུད་འཛིན་དང་། ལོ་ངོ་སྟོང་ཕྲག་དུ་མའི་ཉམས་སད་དང་མི་རབས་ནས་མི་རབས་བར་གྱི་རྒྱུད་འཛིན་བརྒྱུད་མཚར་སྡུག་གཟི་མདངས་རྒྱས་པ་ཞིག་རེད། དེ་འདྲའི་མཚར་སྡུག་ལྡན་པའི་དབང་གིས་ངག་དཔལ་གྱིས་དེ་ལ་བློ་སེམས་གཏད་ཅིང་དེ་ཉིད་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད།
      འདི་ནི་ང་ཚོ་འཚོ་སྡོད་བྱེད་པའི་དུས་རབས་ཏེ་ཚན་རྩལ་གྱིས་དེང་རབས་ཀྱི་འཚོ་བར་སྐུལ་འདེད་བྱེད་དགོས་ལ།  དེང་རབས་འཚོ་བའི་ཁྲོད་འཐིམས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་མ་ཉམས་དར་སྤེལ་ཀྱང་བྱེད་དགོས། ཚན་རྩལ་ལ་མི་ཡི་གསར་གཏོད་དང་འཕེལ་རྒྱས་དགོས་ལ། རིག་གནས་ལ་མི་ཡིས་ལྟ་སྲུང་གནང་དགོས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།