གཡུ་ཐོག་རྒྱུད་འཛིན་པ་དཀོན་མཆོག་རྒྱལ་མཚན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-01 12:46:00 ཀློག་གྲངས།:

        དཀོན་མཆོག་རྒྱལ་མཚན་སྤྱི་ལོ1965ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སེར་བརྒྱ་སྡེ་བ་ནས་སྐྱེས། ད་ལྟ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིགས་སློང་གླིང་དུ་སློབ་དཔོན་གཞོན་པ་དང་བོད་སྨན་གྱི་གཙོ་བཅོས་སྨན་པའི་འགན་བཞེས་ཡོད། 1981ལོར་སྐུ་འབུམ་བྱམས་པ་གླིང་ནས་རབ་ཏུ་བྱུང་སྟེ། སྔ་གཞུག་ཏུ་གཙང་བཀྲ་ཤིས་ལྷུན་པོ། བླ་བྲང་དགོན་པ་སོགས་སུ་དགེ་བའི་བཤེས་གཉེན་དམ་པ་ཨ་ལགས་བཀྲ་ཤིས་དང་དགེ་བཤེས་ཆེན་མོ་ངག་དབང་བསྟན་འཛིན། དགེ་བཤེས་བློ་བཟང་བསྟན་ཆོས་སོགས་སྐྱེ་བུ་དམ་པ་མང་བོའི་མདུན་ནས་བོད་ཀྱི་གསོ་བ་རིག་པ་དང་སྒྲ་རིག་པ། ཚད་མ་རིག་པ།  སྙན་ངག  བརྡ་སྤྲོད་སོགས་ལ་མང་དུ་གསན་ཏེ་མདོ་སྔགས་ཆོས་ཀྱི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས།1996ལོར་ཨ་རི་རྒྱལ་ཁབ་དུ་བསྐྱོད་ནས«ཐུན་མོང་འཕྲོད་བསྟེན་རིག་པའི»ཐད་ཀྱི་འབུམ་རམས་པའི་ཐོབ་ཐང་བླངས་པ་དེས་ཁོ་རང་བོད་རིགས་ས་ཁུལ་དུ་རིག་གཞུང་དེའི་བསླབ་གནས་ལེན་མཁན་གྱི་མི་ཐོག་མར་གྱུར་པར་མ་ཟད། དེ་མིན་ཁོ་རང་རམས་འབྱམས་པའི་ཐོབ་ཐང་རྩེག་མ་ལེན་མཁན་ཞིག་ཀྱང་ཡིན།
        སློབ་སྦྱོང་བརྒྱུད་རིམ།
       1995ལོར་ཀྲུང་གོའི་བོད་སྐད་ཡིག་གི་མཐོ་རིམ་ནང་བསྟན་སློབ་གླིང་ནས“ནང་བསྟན་དང་སྒྲ་རིག་པའི”ཆེད་སྦྱོང་ཐོབ་ཐབ་བླངས།
       2000ལོར་ཐའེ་ལེན་ཌ་རྒྱལ་ཁབ་ཀྱི་མཱ་ཞེ་ལོང་སློབ་གྲྭ་ཆེན་མོ་ནས“ཐོག་མའི་བདེ་སྲུང་བདག་སྐྱོང་གི་དོ་དམ་རིག་པ”ཞེས་པའི་ཆེད་ལས་སྦྱངས་ཏེ་རབ་འབྱམས་པའི་ཐོབ་ཐང་བླངས།
       2001ལོར་ཨ་མེ་རི་ཁིའི་ཧྥོ་མེན་ཐུག་རྒྱལ་སྤྱིའི་ཞིབ་འཇུག་ཟབ་སྦྱོང་སློབ་གླིང་ནས“རྒྱལ་སྤྱི་དང་རིག་གནས་བརྒལ་བའི་བར་གྱི་དོ་དམ”ཆེད་ལས་ལ་སློབ་སྦྱོང་བྱས་ཏེ་རབ་འབྱམས་པའི་ཐོབ་ཐང་བླངས།
       2010ལོར་ཨ་མེ་རི་ཁའི་ལོ་ཧྲན་ཅི་ཅཱ་ལེ་ཧྥུ་ནེ་ཡ་སློབ་གྲྭ་ཆེན་མོ(UCLA)ནས“ཐུན་མོང་འཕྲོད་བསྟེན་རིག་པའི”ཆེད་ལས་སྦྱངས་ཏེ་འབུམ་རམས་པའི་ཐོབ་ཐང་བླངས། 
       སྤྱི་ཚོགས་ཐོབ་ཐང་།
       1992ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་རྒྱ་དྲམ་དམར་པོའི་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར།
       2001ལོ་ནས་བཟུང་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་མགོ་གཙོའི་འགན་འཁུར།
       2001ལོ་ནས་བཟུང་ཨ་མེ་རི་ཁའི་བོད་སྨན་ཐེབས་རྩ་ཚོགས་པ་གསར་འཛུགས་བྱས་པ་དང་དེའི་ལས་འཛིན་དཔོན་པོའི་འགན་འཁུར།
       2002ལོ་ནས་བཟུང་སྐུ་འབུམ་དགོན་པའི་ཆོས་ལུགས་ཐུན་ཚོགས་ཀྱི་ལས་འཛིན་པའི་འགན་འཁུར།
       2011ལོར་མཚོ་སྔོན་བོད་སྨན་རིག་གཞུང་ཚོགས་པའི་རྒྱུན་ལས་ལས་འཛིན་པའི་འགན་འཁུར།
       2007ལོར་གླེང་ཆེན་ཨ་མེ་རི་ཁའི་རིག་གཞུང་ཚོགས་པའི་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་འཁུར། དེ་ལས་གཞན1996ལོ་ནས2010ལོའི་བར་ཨ་མེ་རི་ཁ་ནས་ཐེངས་སུམ་ཅུར་ཙམ་གྱི་རིག་གཞུང་བརྗེ་རེས་ཚོགས་འདུར་ཞུགས་ཏེ “བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས།” དང“བོད་རྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྒྱུལ་རྩལ།”  “ཀྲུང་གོའི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་ཞིབ་འཇུག ”སོགས་ཆེད་དོན་འཆད་ཁྲིད་དང་གཏམ་བཤད་གང་མང་སྤེལ་ཏེ་བོད་ཀྱི་རིག་གནས་བཅུའི་ཡ་གྱལ་གསོ་བ་རིག་པ་འདི་ཉིད་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཨ་རི་མི་དམངས་གཙོས་འཛམ་གླིང་གི་མི་དམངས་ལ་དྲིལ་སྒྲོག་བྱས་པ་རེད།
        བརྩམས་ཆོས་ཀྱི་སྐོར།

        1996ལོར་བོད་ཡིག་གི་ལམ་ནས་སྒྲིག་རྩོམ་བྱས་ཏེ་བྲིས་པའི«བོད་ལུགས་གསོ་རིག་འཇུག་ངོགས»ཞེས་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། བོད་སྨན་སློབ་པའི་ལས་དང་པོ་རྣམས་ཀྱིས་དགའ་བསུ་ཐོབ།
        1999ལོར་དབྱིག་ཡིག་གི་ལམ་ནས་བྲིས་པའི«སྣ་མང་ཅན་དང་རྒྱལ་སྤྱིའི་རིག་གནས»ཞེས་པའི་དཔྱད་རྩོམ་དེ་ཨ་མེ་རི་ཁིའི་ཧྥོ་མེན་ཐུག་རྒྱལ་སྤྱིའི་ཞིབ་འཇུག་ཟབ་སྦྱོང་སློབ་གླིང་གི་ཚགས་པར་སྟེང་བཀོད། 
        2002ལོར་རྒྱ་ཡིག་གི་བྲིས་པའི«བོད་ལུགས་གསོ་རིག་མཚམས་སྦྱོར་མདོར་བསྡུས།(སྤྱི་བཤད)»ཅེས་པ་དེ«སྨན་པའི་དོ་དམ»ཞེས་པའི་དུས་དེབ་ཀྱི་འདོན་ཐེངས་གསུམ་པའི་སྟེང་བཀོད་པ་དང་། དཔྱད་རྩོམ་དེ་ལོ་དེའི་ཟླ་བཞི་བར་རྒྱལ་ཡོངས་གསོ་རིག་འཕྲོད་བསྟེན་ཕུལ་བྱུང་གཟེངས་བསྟོད་བྱ་དགའ་ཐོབ། ཟླ10པའི་ནང་དཔྱད་རྩོམ་དེ་ལ་ཀྲུང་ཧྭའི་མིང་གྲགས་སྨན་པའི་རིག་གཞུང་ལྷན་ཚོགས་ཀྱིས་གནང་བའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་པར་མ་ཟད། 2003ལོའི་ཟླ4པའི་ཚེས26ཉིན་རྒྱལ་ཡོངས་སྨན་རྫས་འཕྲོད་བསྟེན་ཕུལ་བྱུང་གྲུབ་འབྲས་དཔྱད་བསྡུར་ཨུ་ཡོན་ལྷན་ཚོགས་ཀྱིས་གནང་བའི་རྒྱལ་ཡོངས་སྨན་རྫས་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། དཔྱད་རྩོམ་དེ་ད་དུང«ཀྲུང་ཧྭའི་གསོ་རིག་ཕུལ་བྱུང་རིག་གཞུང་དཔྱད་རྩོམ།»གྱི་པོད་གསུམ་པར་བཀོད། དེ་ལས་གཞན་པའི་བོད་རྒྱ་དབྱིན་གསུམ་ཀྱིས་བྲིས་པའི་བརྩམས་ཆོས་མང་དུ་སྣང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།