ཚིག་རྒྱན་རིག་པའི་ཆེད་ལས་མཁས་པ་སྟོབས་ལྡན།

རྩོམ་པ་པོ།:མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-01 11:51:58 ཀློག་གྲངས།:

    སྟོབས་ལྡན། ཁོ་ནི1963ལོའི་ཟླ8པར་མཚོ་སྔོན་པོའི་ལྷོ་རྒྱུད་ཆབ་འགག་གཡང་སྡེ་ཕྱུག་མོར་སྐྱེས། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན། སྡེ་ཁག་གི་ཀྲུའུ་རིན་གཞོན་པ་དང་བོད་རིག་པ་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་བཅས་ཡིན།

    1979ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཤིང༌། 1984ལོར་མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་ཞུགས་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་སྦྱང་བརྩོན་བྱས། 1988ལོར་སློབ་མཐར་ཕྱིན་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར། དེརཚིག་རྒྱན་རིག་པདངསྙན་ངག་རིག་པ》《གནའ་རབས་བོད་ཀྱི་རྩོམ་གྱི་རྣམ་གཞག》《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས》《ཕྱི་གླིང་རྩོམ་ཡིག་གཅེས་བསྡུས》《གྲགས་རྩོམ་རོལ་མྱོང》《སློབ་འབྲིང་བོད་ཡིག་འཆད་ཐབསསོགས་ཆེད་ལས་ཀྱི་རྨང་གཞིའི་བསླབ་ཚན་དང་བསླབ་ཚན་གཙོ་གྲས་ཁག་ཁྲིད། ཆེད་ལས་རྨང་གཞི་བརྟན་ཅིང་སློབ་ཁྲིད་ཉམས་མྱོང་མང་ཕྱིར། ཁོར་སྔ་ཕྱིར་སློབ་གྲྭ་རིམ་པའི་ཕུལ་བྱུང་དགེ་རྒན་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་བྱེད་མཁན་སོགས་ཀྱི་མཚན་སྙན་ཐོབ་མྱོང༌། 1991—1992སློབ་ལོའི་ནང་པེ་ཅིན་སློབ་ཆེན་དུ་རྩོམ་རིག་གཞུང་ལུགས་ལ་སློབ་གཉེར་བྱས་ཤིང༌། 2001ལོའི་ཟླ1པའི་ནང་པེ་ཅིན་དགེ་ཐོན་སློབ་ཆེན་དུ་བསླབ་ཚན་བཅོས་སྒྱུར་གྱི་ཡུན་ཐུང་གསོ་སྦྱོང་ལ་ཞུགས་ནས་བསླབ་ཚན་གསར་བའི་རིགས་ལམ་དང་བྱེད་ཐབས་ལ་སྦྱངས།

    སློབ་ཁྲིད་དང་བདག་གཉེར་གྱི་ཞོར་དུ། ཁོས་ཁོམ་སྐབས་བཙལ་ནས་ཚན་རིག་ཞིབ་འཇུག་གི་ལས་གཉེར། སྔ་གཞུག་ཏུ་རང་སྟོབས་ལ་བརྟེན་ནསསྙན་ངག་གི་སྤྱི་ཁོག་འཕྲུལ་གྱི་མེ་ལོངདངཚིག་རྒྱན་རིག་པའི་སྤྱི་ཁོག་འཕྲུལ་གྱི་མེ་ལོངགཉིས་བརྩམས་ཤིང་དཔེ་སྐྲུན་བྱས། གཞན་དང་མཉམ་འབྲེལ་བྱས་ནསབོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོནདང༌། ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ》《ཨ་སྟག་ལྷ་མོ》《སློབ་ཆེན་བོད་ཀྱི་སྐད་ཡིག》《འགྱུར་རྩོམ་གྲགས་ཅན་འགའ་ཞིག་གི་དཔྱད་བརྗོད་བློ་གསལ་མགུལ་རྒྱནསོགས་ཀྱང་རྩོམ་འབྲི་དང་དཔེ་སྐྲུན་འགྲེམ་སྤེལ་བྱས། འདི་དང་ལྷན་དུསྙན་ངག་གི་ཁྱད་ཆོས་ལ་དཔྱད་པདངསྙན་ངག་སློབ་ཁྲིད་ཐད་ཀྱི་དཔྱད་པ་རྒྱུ་སྐར་ཕྲེང་བསོགས་སློབ་ཁྲིད་ཞིབ་འཇུག་གི་དཔྱད་རྩོམ་ཉི་ཤུ་ལྷགཀྲུང་གོའི་བོད་རིག་པདངབོད་ལྗོངས་ཞིབ་འཇུགསོགས་རིག་གཞུང་དུས་དེབ་ཏུ་བཀོད་པ་དང༌། རེ་སྒུགདངརེ་འདུན་མེ་ཏོག་ཕྲེང་བ》《སྐྱེད་མོས་ཚལ་གྱི་དཔྱིད་དཔལསོགས་སྙན་ངག་ལྔ་བཅུ་ལྷགསྦྲང་ཆརདངབོད་ཀྱི་རྩོམ་རིག་སྒྱུ་རྩལསོགས་རྩོམ་རིག་དུས་དེབ་ཏུ་བཀོདཔར་མ་ཟད། སྙན་ངག་སྐོར་ཞིགམཚོ་སྔོན་པོའི་གླུ་སྒྲདངལང་ཚོའི་རྦབ་ཆུ》《དེང་རབས་བོད་ཀྱི་རྩོམ་པ་པོའི་སྙན་རྩོམ་ཕྱོགས་བསྒྲིགས》《མཚོ་ལྷོའི་རྩོམ་རིག་བརྩམས་ཆོསགཅེས་བཏུསསོགས་ཀྱི་ནང་དུ་འདེམ་བཀོད་བྱས་ཡོད། གོང་སྨྲས་བརྩམས་ཆོས་དག་ལསསྙན་ངག་གི་སྤྱི་ཁོག་འཕྲུལ་གྱི་མེ་ལོངལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཨང་གཉིས་པ་དང་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་ཕུལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།