ཀྲུང་གོའི་ན་གཞོན་ཚན་རྩལ་བྱ་དགའ་ཐོབ་མཁན་རྡོ་རྗེ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-29 10:17:32 ཀློག་གྲངས།:

   རྡོ་རྗེ།བོད་རིགས།སྨན་པ་འབུམ་རམས་གཞོན་པ།སྤྱི་ལོ་༡༩༦༨ལོའི་ཟླ་༣པར་མདོ་སྨད་བྱ་མདོ་རུ་སྐྱེས།ད་ལྟ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གི་སོའོ་ཀྲང་།ཀྲུང་གོའི་བོད་ཀྱི་གསོ་རིགདུས་དེབ་ཀྱི་གཙོ་སྒྲིག་པ།སྐབས་བརྒྱད་པའི་རྒྱལ་ཁབ་སྨན་མཛོད་ཨུ་ཡོན་གྱི་ཚོགས་མི།རྒྱལ་ཁབ་༨༦༣ཆེད་མཁས་དང་།ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ལས་འཛིན།ཀྲུང་གོའི་ན་གཞོན་ཚན་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ལས་འཛིན་གཞོན་པ།མཚོ་སྔོན་ཞིང་ཆེན་སྨན་སྦྱོར་སློབ་ཚོགས་ཀྱི་ལས་འཛིན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་པ་མ་ཟད།ད་དུང་སྐབས་བརྒྱད་པའི་ཀྲུང་གོའི་ན་གཞོན་ཚན་རྩལ་གྱི་བྱ་དགའ་ཐོབ་མཁན་དང་།རྒྱལ་ཁབ་ཀྱི་ནུབ་བརྒྱུད་འོད་ཟེར་བཅར་འདྲི་མཁས་པ་བཅས་ཡིན།

   ཁོང་གིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གི་འགོ་འཛིན་པའི་འགན་བཞེས་པ་ནས་བཟུང་སྒམ་དཀྱེལ་ཡངས་པའི་སྙིང་སྟོབས་དང་སྤོབས་པ་ཆེར་བསྐྱེད་ཀྱིས་བོད་ཀྱི་གསོ་རིག་ཚན་རྩལ་ཞིབ་འཇུག་གི་ཐོན་ཁུངས་ལེགས་སྒྲིག་དང་།དེང་རབས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་དེ་བོད་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་ལ་ཤུགས་ཆེན་བརྒྱབ་ཐོག།བོད་གསོ་རིག་གི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་།བོད་སྨན་སྨན་གསར་ཞིབ་འཇུག་སྔོག་འདོན།གལ་ཆེའི་ཚན་རྩལ་ལས་གཞི།བོད་སྨན་དངོས་ལུགས་རྫས་འགྱུར་ཞིབ་བཤེར།བོད་སྨན་སྨན་ལུགས་ཞིབ་འཇུག།བོད་སྨན་སྦྱོར་བཟོ་ཞིབ་འཇུག་དང་བདེ་འཇགས་རང་བཞིན་གྱི་གདེང་འཇོག་སོགས་དཀྱུས་གཅིག་ཏུ་བསྡེབས་པའི་སྣ་འཛོམས་རང་བཞིན་གྱི་རྒྱལ་ནང་གི་ཆེས་སྔོན་དུ་ཐོན་པའི་བོད་ཀྱི་གསོ་རིག་གི་ཞིབ་འཇུག་ལས་ཁུངས་ཤིག་ཏུ་གྱུར་ཡོད་ཅིང་།སྔ་གཞུག་ཏུ་རྒྱལ་ཁབ་ཀྲུང་སྨན་གསོ་རིག་ཚན་ཞིབ་རིམ་གསུམ་པའི་བརྟག་དཔྱད་ཁང་དང་།མཚོ་སྔོན་ཞིང་ཆེན་བོད་སྨན་བཟོ་རྩལ་གསར་གཏོད་ལྟེ་གནས་སོགས་ཀྱི་མཚན་སྙན་གནང་ཡོད།

   ཁོང་གིས་སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་གཙོ་གྲས་ཁག་ཅིག་ཏུབོད་ལུགས་གསོ་རིག་གི་རིག་པ་ཆེན་པོ་གསུམ་གྱི་རྣམ་གཞག་མདོ་ཙམ་གླེང་བ།དང་།བོད་སྨན་གྱིས་རྫ་དུག་སེལ་བའི་ནུས་པ་ལ་ཐོག་མའི་ཞིབ་འཇུགསོགས་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་བ་དང་།   བརྩམས་ཆོས་ཀྱི་སྐོར་ལབོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་རྣམ་གྲངས་བློ་གསལ་འཇུག་ངོགསསོགས་ཡོད་པ་དང་། ཁོང་གིས་འགོ་འཛིན་འོགགསེར་མཆན་རྣམ་བཀྲ་གན་མཛོདདངཕྱག་རྡོར་གསོ་རིག་གཅེས་བསྡུས།》《སྔོ་འབུམ་སྨན་གྱི་གཏེར་མཛོདསོགས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ༢༠༠ལྷག་དག་སྒྲིག་དང་པར་སྐྲུན་མཛད།

   དེ་མིན་ད་དུང་བོད་སྨན་སྨན་གསར་རིན་ཆེན་བསམ་འཕེལ་དང་།བྲེ་ག་མཉམ་སྦྱོར།  གྲུམ་བུ་ཟུག་གཅོག་ཆེན་མོ་སོགས་སྨན་སྣ་༢༥ལྷག་ཞིབ་འཇུག་སྔོག་འདོན་གནང་ལ།དེ་ལས་ཨ་རུའི་ཁྲག་སྨན་བདེ་སྟེར་སོགས་སྨན་སྣ་༥ལ་རྒྱལ་ཁབ་ཀྱི་གལ་ཆེའི་སྨན་གསར་དཔང་ཡིག་དང་མཚོ་སྔོན་ཞིང་ཆེན་གསར་མཐོའི་ཚན་རྩལ་ཐོན་རྫས་ཀྱི་དཔང་ཡིག་སོགས་ཐོབ་པ་དང་།རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་ཞིབ་འཇུག་༨༦༣ཇུས་འགོད་ལས་གཞིརིན་ཆེན་བསམ་འཕེལ་ཐེངས་གཉིས་པར་སྔོག་སྤེལསོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གལ་ཆེ་ཚན་རིག་ཞིབ་འཇུག་ཆེད་ཚན་ལས་གཞི་༣༠ལྷག་ལེགས་འགྲུབ་གནང་བ་དང་།དེ་ལསམུ་ཏིག་བདུན་ཅུའི་སྨན་ནུས་དང་ཕན་ནུས་འབྱིན་ཚུལ་གྱི་ཞིབ་འཇུགདང་། ཨ་རུའི་བདུད་རྩི་སྨན་ལུམས་ཅུར་ནིས་སྨན་བཟོ་གལ་ཆེའི་ལག་རྩལ་སྔོག་འདོནགཉིས་ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་རྒྱས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ།  གཞན་ཁོང་གིས་འགོ་འཛིན་འོག༢༠༠༦ལོར་རྒྱལ་ནང་དུ་ཆེས་ཐོག་མའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དུས་དེབཀྲུང་གོའི་བོད་ཀྱི་གསོ་རིགརྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་གནང་།

   ཁོ་རང་དུས་ཡུན་རིང་བོར་བོད་ཀྱི་གསོ་རིག་གི་ནད་ཐོག་ལག་ལེན་དང་ཚན་རིག་ཞིབ་འཇུག་གི་བྱ་བའི་ཁྲོད་དུ།རིག་གཞུང་དང་ལག་ལེན་གཉིས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་འཇོག་གནང་ནས།རིག་གནས་ཀྱི་ཆུ་ཚད་དང་རིག་གཞུང་གི་ཤེས་རྒྱ་ཡངས་པོར་གྱུར་པ་དང་།བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་དང་།གསར་གཏོད།འཕེལ་རྒྱས་བཅས་ཀྱི་བྱ་གཞག་ཐད་ལ་མཛད་རྗེས་ཆེན་པོ་བཞག་སྟེ།ད་ལྟ་རང་ཞིང་གི་ཕུལ་བྱུང་ན་གཞོན་ཚན་རྩལ་མི་སྣ་གཙོ་གྲས་སུ་སོན་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།