བོད་རིག་པའི་ཆེད་ལས་མཁས་པ་བུ་བཞི་བསམ་པའི་དོན་གྲུབ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-28 11:15:37 ཀློག་གྲངས།:

   ༡༩༥༤ལོར་མདོ་སྨད་བྱ་མདོ་རུ་སྐྱེས།༡༩༨༡ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སྡེ་ཁག་བོད་གནའ་རབས་རྩོམ་རིག་རབ་འབྱམས་པའི་འཛིན་གྲྭ་ནས་སློབ་མཐར་ཕྱིན།ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་།བོད་རིག་པའི་སློབ་གླིང་གི་རིག་ཚན་དབུ་ཁྲིད་གཞོན་པ།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་འཐུས་མི་བཅས་ཡིན།

   ཁོང་གིས་སྔ་གཞུག་ཏུ་དངོས་གཞི་དང་ཞིབ་འཇུག་སློབ་མརརྩོམ་རིག་རྣམ་བཤདདང་། བོད་ཀྱི་དམངས་ཁྲོད་རྩོམ་རིག》《རྒྱ་བོད་ལོ་ཙཱའི་གཞུང་ལུགསསོགས་ཀྱི་སློབ་ཁྲིད་གནང་བའི་ཞོར་དུ་རིག་གཞུང་ཞིབ་འཇུག་གི་བྱ་བར་གཞོལ་ཏེརྩོམ་རིག་རྣམ་བཤདདང བོད་ཀྱི་རྩོམ་རིག་གི་དྲང་དོན་བརྗོད་པབཅས་དཔེ་དེབ་གཉིས་དང་།ཀྲུང་གོའི་བོད་ཀྱི་ཤེས་རིགདངབོད་ལྗོངས་ཞིབ་འཇུགསོགས་དུས་དེབ་ཏུམཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལྟ་བའི་ཐོག་མའི་དཔྱད་པ》《བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་དང་དེའི་ལག་ལེན་གྱི་ཁྱད་ཆོས》《གེ་སར་འཁྲུངས་རབས་དང་བོད་གདོད་མའི་ལྷ་སྒྲུང་བར་གྱི་འབྲེལ་བ》《བདུད་འདུལ་དང་རཱ་མ་ཎའི་རིག་གནས་བསྡུར་ཏེ་དཔྱད་པ》《གླིང་སྒྲུང་ལས་རིན་ཐང་གཞལ་བའི་ཚིག་གི་རྒྱན་ལ་དཔྱད་པསོགས་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ།

   ༢༠༠༠ལོར་ཧོ་ལན་རྒྱལ་ཁབ་ལད་ཏུན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་ཞིབ་འཇུག་ཚོགས་ཆེན་ཐེངས་དགུ་པར་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་བྱས་པ་དང་།༢༠༠༢ལོར་མཚོ་སྔོན་ཞིང་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་ལྔ་པར་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་བྱས།རྩོམ་རིག་རྣམ་བཤདལ་༢༠༠༠ལོའི་མཚོ་སྔོན་ཞིང་ཆེན་ཐེངས་ལྔ་བའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕུལ་བྱུང་ཞིབ་འཇུག་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།བོད་ཀྱི་གཏེར་ཡིག་རིག་གནས་ཀྱི་རིན་ཐང་ལ་དཔྱད་པདངབོད་ཀྱི་རྩོམ་གཞུང་གི་བྱུང་འཕེལ་དང་དེའི་ལག་ལེན་གྱི་ཁྱད་ཆོསགཉིས་ལ་༢༠༠༢ལོ་དང་༢༠༠༣ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་འབྲས་བུའི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།