༄༅།།གཙོས་དགོན་པའི་དཔེ་ཁྲིད་དགེ་རྒན་སྐལ་བཟང་བློ་གསལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-21 09:06:40 ཀློག་གྲངས།:
ཁོང་ནི1966ལོར་ཀན་སུའུ་ཞིང་ཆེན་གཙོས་ཚོ་བ་ཉི་ཤུ་རྩ་གཅིག་གི་གྲས་ཀྱི་ཆུ་བོ་ཚོ་བ་རྩྭ་སའི་ནང་རུ་སྡེའི་ཁྱིམ་ཚང་གཡང་ལྡན་གཞི་རྙིང་ཅན་ཞིག་ལ་སྐྱེས། ལོ9ཡི་སྟེང་རབ་ཏུ་བྱུང་། ལོ11སྟེང་དགེ་ཚུལ་བསྒྲུབས་ཏེ་གཙོས་དགོན་པར་ཞུགས། 1986ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཆེས་ཐོག་མའི་སློབ་མར་གྱུར་ཅིང1989ལོར་ལེགས་པར་མཐར་ཕྱིན། ཞོར་དུ་བླ་བྲང་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་ཤིང་སྔ་ཕྱིར་ལོ16རིང་བླ་བྲང་དགོན་པ་ནས་སློབ་གཉེར་བྱས། 1990ལོ་ནས་གཙོས་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་འགན་ཁུར། འདིའི་བར་སྐབས་སུ་ལྷ་སའི་སེ་ར་ཐེག་ཆེན་གླིང་ཆོས་གྲྭར་ཡང་ཞུགས། 1996ལོ་ནས2007ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་མཚན་ཉིད་འཛིན་གྲྭ་དང་ལམ་རིམ་འཛིན་གྲྭ་གཉིས་ཀྱི་མཚན་ཉིད་ལམ་རིམ་སོགས་ཆོས་ལུགས་དཔེ་ཁྲིད་དགེ་རྒན་གྱི་འགན་གཙོ་བོར་ཁུར་ཞིང་རིག་གནས་དཔེ་ཁྲིད་དགེ་རྒན་གྱི་འགན་ཡང་ཁུར། 2007ལོར་ནས་ད་བར་པེ་ཅིང་ན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་ཁང་དུ་སློབ་མ་མཐར་ཕྱིན་དམ་བཅའི་རྒྱུགས་ལེན་དང་སློབ་མ་བསྡུ་་ལེན་རྒྱུགས་ལེན། མཐོ་རམས་པའི་ཆེད་རྩོམ་དང་གནའ་དཔེ་དག་བསྒྲིགས་སོགས་ཀྱི་ལས་ཀར་འབད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།