ཨ་སྔགས་ཚེ་རིང་བཀྲ་ཤིས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-07 11:25:00 ཀློག་གྲངས།:

མཚོ་སྔོན་པོ་དྲ་བ།
ཨ་སྔགས་ཚེ་རིང་བཀྲ་ཤིས།

        ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པ་ནི། 1970ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་ཤར་དུང་རིའི་ཉེ་འདབས་ཀྱི་གྲོང་སྡེར་སྐྱེས། 1987ལོ་ནས1990ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་གི་ཞབས་པད་བསྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རིག་པའི་གནས་ལ་ཐོས་བསམ་བྱས། 1990ལོར་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ལས་བགོས་བྱས་ཏེ་ཡིག་སྒྱུར་གྱི་བྱ་བ་གཉེར། 1994ལོ་ནས1997ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་མཁས་པའི་དབང་པོ་དོར་ཞི་ཚང་དང་དཔའ་རིས་སངས་རྒྱས་སོགས་ཀྱི་མདུན་ནས་ཞིབ་འཇུག་སློབ་མའི་སྦྱང་ཚན་ཐོས་བསམ་བྱས། 1997ལོར་རྩོམ་རིག་སྐོར་གྱི་རབ་འབྱམས་པའི་ཐོབ་ཐང་བླངས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོས་བྱས། ད་བར་ལས་ཁུངས་དེ་གར་རྩོམ་སྒྲིག་གི་ལས་ཀས་མཚོན་བོད་ཀྱི་རིག་གནས་འཛུགས་སྐྲུན་སྐོར་ལ་རང་ནུས་གང་ལྕོགས་ཀྱིས་འབད་འབུངས་བྱེད་བཞིན་པ་ལགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།