བོད་ཀྱི་སྙན་ངག་པ་སྟོབས་ལྡན།

རྩོམ་པ་པོ།:amib ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-07 09:12:13 ཀློག་གྲངས།:25618

   ༡༩༦༣ལོར་མཚོ་སྔོན་པོའི་ལྷོ་རྒྱུད་ཆབ་འགག་ཡུལ་གྱི་རྒྱལ་ར་སྡེ་བར་སྐྱེས།ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ཏེ་རིག་པའི་གནས་དུ་མ་ལ་སྦྱང་བརྩོན་བྱས།ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་གསོའི་ལས་དོན་གཉེར་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུག་བཞིན་མཆིས།རྩོམ་རིག་གསར་རྩོམ་གྱི་ཐད་ནསསྡུག་གིས་བཅིངས་པའི་སེམས་པ།དངརེ་སྒུག》《རེ་འདུན་མེ་ཏོག་ཕྲེང་བ།སོགས་སྙན་ངག་བདུན་ཅུ་ལྷགསྦྲང་ཆར།སོགས་རྩོམ་རིག་དུས་དེབ་ཏུ་བཀོད་ཡོད་ལ།སྙན་ངག་སློབ་ཁྲིད་ཐད་ཀྱི་དཔྱད་པ་རྒྱུ་སྐར་ཕྲེང་བསོགས་སློབ་ཁྲིད་ཞིབ་འཇུག་གི་དཔྱད་རྩོམ་ཉི་ཤུ་ལྷགཀྲུང་གོའི་བོད་རིག་པ།སོགས་དུས་དེབ་ཏུ་བཀོད་ཡོད།རང་ཉིད་གཅིག་པུསསྙན་ངག་གི་སྤྱི་ཁོག་འཕྲུལ་གྱི་མེ་ལོང༌།དཔེ་སྐྲུན་བྱས་ཤིང༌།གཞན་དང་ཟུང་འབྲེལ་བྱས་ནསཆབ་འགག་ཡུལ་གྱི་ལོ་རྒྱུས་སྐལ་བཟང་མིག་གི་སྒྲོན་མེ།སོགས་དཔེ་སྐྲུན་བྱས།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།