མཚོ་ལྷོ་ཁུལ་གྱི་དམག་དམངས་ཀྱིས་མཚོ་སྔོན་པོའི་དར་ངོས་སུ་ལྷུང་བའི་གྲྭ་བཙུན་གཉིས་བསྐྱབས་པ།

རྩོམ་པ་པོ།:ཀྲུའུ་ཝེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-18 16:37:00 ཀློག་གྲངས།:


མྱུར་སྐྱོབ་བྱེད་པའི་ཡུལ་དངོས།

མཚོ་ལྷོ་ཁུལ་གྱི་ཉེན་རྟོག་པས་མཚོ་སྔོན་པོའི་དར་ངོས་སུ་ལྷུང་བའི་གྲྭ་བཙུན་གཉིས་སྐྱབས་པ།
གྲྭ་བཙུན་གཉིས་བདེ་བླག་ངང་བསྐྱབས་ཏེ་མཚོ་འགྲམ་ལ་བུད་པ།


གྲྭ་བཙུན་གཉིས་བདེ་བླག་ངང་བསྐྱབས་པ།

     སྤྱི་ཟླ1པོའི་ཚེས17ཉིན་གྱི་ཆུ་ཚོད18ཡས་མས་སུ། སི་ཁྲོན་གྱི་གྲྭ་བཙུན་གཉིས་མཚོ་སྔོན་པོའི་མཚོ་སྙིང་མ་ཧཱ་དེ་ཝའི་དར་ངོས་སུ་རྐང་ཐང་དུ་རྟ་ནག་མ་ཡུལ་ཚོར་བསྐྱོད་པའི་ལམ་བར་དུ་རླུང་ཆེན་གཡུག་སྟེ་དར་ངོས་གས་ཆག་ཏུ་སོང་བས་སྔོན་དུ་བསྐྱོད་ཐབས་བྲལ་ཞིང་དེར་མི་འདུག་ག་མེད་བྱུང་། སྲོག་སྐྱོབ་པའི་ཆ་འཕྲིན་འབྱོར་རྗེས་མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཆེན་པོས་དེ་མུར་ཡུལ་དངོས་འཚོལ་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་དང་། སྤྱི་བདེ་ཉེན་རྟོག་པ་དང་དྲག་པོའི་ཉེན་རྟོག  མེ་གསོད་དཔོན་དམག  ཡུལ་ཚོ་དང་སྡེ་བའི་འགོ་ཁྲིད་དང་མང་ཚོགས་སོགས་མི100ལྷག་རྩ་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱོབ་ཐབས་བྱས་ལ།  དུས་ཡུན་ཆུ་ཚོད19རིང་གི་འབད་བརྩོན་བརྒྱུད། སྤྱི་ཟླ1པོའི་ཚེས18ཉིན་གྱི་ཆུ་ཚོད14སྟེང་གྲྭ་བཙུན་གཉིས་བདེ་བླག་ངང་མཚོ་འགྲམ་དུ་འབུད་ཐུབ་པ་བྱུང་ཞིང་། ལུས་པོའི་བདེ་ཐང་ལ་གནོད་འཚེ་ཅི་ཡང་ཐེབས་མེད།
     སྐྱོབ་པའི་གོ་རིམ་ཁྲོད། ཁུལ་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཀྱིས་མཐོང་ཆེན་ཆེན་པོས་རྩ་འཛུགས་དང་ཡུལ་དངོས་བཀོད་འདོམས་གནང་ཞིང་། ཚན་རིག་སྒོས་སྐྱོབ་ཐབས་འཆར་ཇུས་ཞིབ་འཇུག་གཏན་འབེབས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱ་བ་སྤེལ་བ་རེད། སྤྱི་བདེ་ཉེན་རྟོག་པ་དང་དྲག་པོའི་ཉེན་རྟོག མེ་གསོད་དཔོན་དམག་བཅས་ཀྱིས་སེམས་ཤུགས་ཆེན་མོས་རང་གི་ལས་གནས་སྲུང་སྟེ་མྱུར་སྐྱོབ་བྱས་ལ། ཡུལ་ཚོ་དང་སྡེ་བའི་འགོ་ཁྲིད་དང་མང་ཚོགས་ཀྱིས་བཀོད་འདོམས་ལ་ཉན་པ་དང་བློ་སེམས་གཅིག་སྒྲིལ་སྒོས་འཆར་ཇུས་འཐེན་ཏེ་མྱུར་སྐྱོབ་ཏུ་ཞུགས། དྲོད་ཚད་ཏུའུ15མན་ལ་ཉེ་བའི་མཚོ་སྔོན་པོའི་འགྲམ་དུ་འགོ་ཁྲིད་དང་མང་ཚོགས་རྣམས་ཀྱིས་ཕྱོགས་གཅིག་ནས་གྲྭ་བཙུན་གཉིས་ལ་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཞིང་ཁོ་གཉིས་ལ་དཀའ་ཁག་ལ་གདོང་གཏོད་པར་སྐུལ་ལྕགས་གནང་སྟེ། གྲང་ངར་འགོག་སྲུང་དང་དར་ངོས་གས་ཆག་ཏུ་རང་སྐྱོབ་སོགས་ཀྱི་བྱ་བ་སྤེལ་བ་དང་། ཕྱོགས་གཞན་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ཀྱི་ཐབས་ཤེས་སྣ་ཚོགས་འཐེན་ཏེ་མྱུར་སྐྱོབ་བྱས་ཏེ། ལྷན་གྱིས་དམག་དམངས་གཅིག་སྒྲིལ་དང་བདེ་བླག་ངང་དཀའ་ངལ་ལ་འཕྲད་པའི་མང་ཚོགས་སྐྱོབ་པའི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་དུས་རབས་དང་མཐུན་པའི་འགྱུར་ཁུགས་སྙན་མོ་ཞིག་བྲིས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།