གལ་ཏེ། ཅིའུ་པི་ལིན་གྱིས་བརྩམས།

རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-12 08:38:01 ཀློག་གྲངས།:
如果
吉卜林
 
如果在众人六神无主时,
你能镇定自若而不是人云亦云;
如果被众人猜忌怀疑时,
你能自信如常而不去妄加辩论;
如果你有梦想,又能不迷失自我,
有神思,又不至于走火入魔;
如果在成功之时能不喜形于色,
而在灾难之后也勇于咀嚼苦果;
如果辛苦劳作已是功成名就,
为了新目标依然冒险一搏;
如果你与村夫交谈而不变谦恭之态,
和王侯散步而不露谄媚之颜;
如果他人的意志左右不了你,
与任何人为伍你都能卓然独立;
如果骚扰动摇不了你的信念----
那么,你的修养就会如天地般博大,
而你,就是一个真正的男子汉,我的儿子!
 
གལ་ཏེ།
ཅིའུ་པི་ལིན་གྱིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།

གལ་ཏེ་མི་ཚང་མ་སེམས་རྣལ་དུ་གནས་མི་བྲ་བར་ཅི་བྱ་གཏོལ་མེད་དུ་གྱུར་དུས།
ཁྱེད་ཉིད་གྱང་ཁའི་རྩི་རྐྱང་གི་རང་བཞིན་ལས་ལྡོག་སྟེ་བབ་བརླིང་བརྟན་ཆགས་ཀྱི་ཚུལ་དང་ལྡན་ལ།
གལ་ཏེ་མི་ཚང་མས་ཁྱེད་ལ་ཐེ་ཚོམ་གྱི་དཔྱང་ཐག་འཛིན་ཅིང་ཡིད་ཆེས་ཀྱི་མོས་པ་ལྷོད་དུས།
ཁྱེད་ཀྱིས་ཁ་ཡན་གྱི་རྩོད་གླེང་མི་འཕེན་པར་རང་སེམས་ལྷོད་ལ་ཕབ་སྟེ་རང་བློ་རང་ལ་འཁེལ།
གལ་ཏེ་ཁྱེད་ལ་བླ་མེད་ཀྱི་ཕུགས་རེ་མཆིས་ཀྱང་དམིགས་བྱ་དོན་གཉེར་ཁྲོད་རང་ཉིད་མི་འབོར་ཞིང་།
ཁྱད་འཕགས་ཀྱི་བསམ་བློ་མཆིས་ཀྱང་ཚད་འདས་ཀྱི་བསམ་སྦྱོར་མི་སྤེལ།
ཁྱེད་ཀྱི་འདོད་དོན་ལག་ཏུ་འོངས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་ན་ཡང་སྐྱིད་ཀྱི་མགོ་འཕང་མི་མཐོ་ཞིང་། མི་འདོད་རྐྱེན་ངན་གྱིས་གཙེས་པའི་སྡུག་འབྲས་ཀྱང་སྤོབས་པས་དང་དུ་ལེན།
གལ་ཏེ་དཀའ་བ་བརྒྱ་དང་ངལ་བ་སྟོང་གི་བྱས་འབྲས་རབ་ཏུ་སྨིན་ན་ཡང་།
དམིགས་བྱ་གསར་བ་ཞིག་སེམས་ལ་སྒོམས་ནས་ཡང་བསྐྱར་རྒྱལ་ཕམ་ངེས་མེད་ཀྱི་གཡུལ་ལ་འཇུག
གལ་ཏེ་ཁྱེད་ཉིད་གོང་དཔོན་པོར་འགྲོགས་དུས་ཁ་གསག་དང་གཞོགས་སློང་མེད་ཅིང་།
མི་ཕལ་བར་འགྲོགས་དུས་ཁེངས་སྐྱུང་གུས་བཀུར་གྱི་ཚུལ་ལུགས་མངའ་ལ།
མི་སུས་ཀྱང་ཁྱེད་ཀྱི་ཆོད་སེམས་ལ་འགྱུར་བ་གཏོང་མི་ཐུབ་ཅིང་།
སུ་དང་གང་ལ་འགྲོགས་ནའང་རང་ཚུགས་མི་འཆོར་ན།
ད་གཟོད་ཁྱེད་ཀྱི་བློ་སྦྱོང་ནི་ཀུན་ཁྱབ་མཁའ་བཞིན་རྒྱ་ཆེ་ལ་དབྱིག་འཛིན་སྒེག་མོ་ལྟར་ཁོད་ཡངས་པས།
ང་ཡི་བུ་ཆུང་།
ཁྱེད་ཉིད་དོན་དངོས་ཀྱི་སྐྱེས་ཕོ་རབ་ཅིག་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།