རྡོ་ཉི་ཟླ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-06 09:00:41 ཀློག་གྲངས།:

    རྡོ་ཉི་ཟླ་མཚོ་སྔོན་པོའི་ཤར་ཕྱོགས་སུ་གནས།  རི་རྩེ་མཐོ་ས་དེ་མཚོ་ངོས་ལས་སྨིས་༤༨༧༧ཡོད།   མཚོ་བོད་གཞུང་ལམ་བརྒྱུད་སའི་ཉག་ཁ་མཚོ་ངོས་ལས་སྨིས་༣༥༠༠ཡོད།  ཉག་ཁ་ནི་དབུས་ལམ་དང་དར་གོས་ཚོང་ལམ་བརྒྱུད་ས་ཡིན།  ཐང་རྒྱལ་རབས་སྐབས་དབོན་ཞང་རྡོ་རིང་བསླངས།  རྒྱ་བཟང་ཀོང་ཇོ་ཉག་ཁ་འདི་བརྒྱུད་དེ་དབུས་སུ་སོང་།  སྤྱི་ལོ་༡༩༨༤ལ་ཉི་ཟླའི་ལྡིང་ཁང་དང་ཀོང་ཇོའི་རྗེས་དྲན་ཁང་བཞེངས།  མཚོ་བོད་གཞུང་ལམ་རྡོ་རིང་བསླངས།  རྡོ་ཉི་ཟླའི་མིང་དེ་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་ལམ་བར་ས་འདིར་སླེབས་ཚེ།  ཀོང་ཇོས་ཕ་ཡུལ་ཁྲང་ཨན་དྲན་ནས་འགྲོ་མ་འདོད།  བློན་པོ་མགར་གྱིས་སྔོན་ནས་ཐབས་བཀོད་འཐེན་པའི་བག་རྫོངས་ནང་གི་གསེར་ཆུས་ཕྱུགས་པའི་རྡོའི་ཉི་ཟླ་དེ་ཀོང་ཇོ་ལ་བསྟན་ཕྱིར།  ཀོང་ཇོ་སེམས་སྐྱོ་སྟེ་རྡོའི་ཉི་ཟླ་ས་དེར་གཡུགས།  དེ་ནས་ས་དེར་རྡོ་ཉི་ཟླ་ཞེས་ཐོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།